ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

འགྲིམ་འགྲུལ་ཉེན་རྟོག་པ་ཡིན་ནམ། ངས་གློག་དམར་ཞིག་བརྒལ་རྒྱུ་ཡིན།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
 
ཟླ9པའི་ཚེས11ཉིན།
ཧྲན་ཏུང་ཝེ་ཧྥང་གི་གླ་འཁོར་གྱི་ཁ་ལོ་བ་ཝང་ལགས་ཀྱིས།
ཡུས་ཆིང་ལམ་གྱི་བྱང་ལམ་བརྒྱུད་སྐབས།
དབོར་འདྲེན་རླངས་འཁོར་ཞིག་དང་གློག་འཁོར་ཞིག་དབར་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཤེས།
ཝང་ལགས་ཀྱིས་རང་འགུལ་ངང་རྨས་སྐྱོན་ཕོག་པའི་མ་བུ་གཉིས་སྨན་ཁང་དུ་བསྐྱལ་ཞིང་།
ཁོང་གིས་བསྟུད་མར་གློག་དམར་གཉིས་བརྒལ་ནས།
དུས་ཚོད་སྐར་མ་བདུན་གྱི་ནང་སྨན་ཁང་དུ་སླེབས་པ་རེད།
ཝང་ལགས་ཀྱི་མི་སྐྱོབ་པའི་གནས་ཚུལ་ལ་བསམ་གཞིགས་བཏང་སྟེ།
འགྲིམ་འགྲུལ་ཉེན་རྟོག་པས་གློག་དམར་བརྒལ་བའི་བྱ་སྤྱོད་ལ་ཆད་པ་མ་བཅད།
ཝང་ལགས་ཀྱིས།
“རོགས་བྱ་ཐུབ་པ་རྣམས་ལ་གང་ནུས་ཀྱིས་རོགས་རམ་བྱེད་འོས།
ངས་སེམས་གཏིང་ནས་གཞན་ལ་རོགས་རམ་བྱས་པ་ཡིན།”ཞེས་བཤད།
དྲ་གྲོགས་ཚོས་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།