ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གློག་སྒུལ་རྐང་འཁོར་གྱིས་མེ་སྐྱོན་བཟོ་མཁན་དེ་ཉེས་དོན་བཀག་ཉར་བྱས།

སྤེལ་དུས 2021-09-24 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          ཚེས་22ཉིན་གསར་འགོད་པས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཐུང་ཀྲོའུ་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐུང་ཀྲོའུ་ཡི་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཆག་སྒོ་བཟོ་མཁན་ཕྱོགས་ལ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་རེད། 
          ཟླ་9ཚེས་20ཉིན་གྱི་ཐོ་རེངས་སུ། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱི་ཁུལ་ཆུང་ཞིག་ཏུ་མེ་སྐྱོན་ཐོན་ནས་མི་5རྐྱེན་ལམ་དུ་ཤོར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མེ་སྐྱོན་བྱུང་བའི་འཛུགས་སྐྲུན་ལ་ཁྱོན་ཐོག་བརྩེགས་5དང་མཐོ་ཚད་སྨི་18ཡོད་པའི་ནང་ཐོག་བརྩེགས་4པ་དང་5པ་ནི་ཁང་བ་བརྩེགས་མ་ཅན་ཡིན། འབྲེལ་ཡོད་སྡེ་ཁག་གིས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། མེ་སྐྱོན་བྱུང་རྐྱེན་ནི་ཐོག་བརྩེགས་གསུམ་པའི་བོགས་ལེན་དུད་ཚང་གི་བདག་པོས་གློག་སྒུལ་རྐང་འཁོར་གྱི་ལིས་གློག་རྫས་ཁྱིམ་དུ་འཁྱེར་ནས་གློག་གསོག་པ་དང་གློག་རྫས་འབར་གས་བྱུང་བ་རེད། ཐོག་བརྩེགས་3པར་མེ་སྐྱོན་ཤོར་རྗེས་ཐོག་བརྩེགས་4པའི་ཉི་འཁྱམས་ལ་མགྱོགས་པོར་མཆེད་པ་མ་ཟད།  མགྲོན་ཁང་དང་ཉལ་ཁང་དེ་བཞིན་ཐོག་བརྩེགས་5རུ་མཆེད་པ་རེད། མིག་སྔར་གྱོད་གཞི་སྒྲུབ་སྒང་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།