ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལང་ལ་ཤོར་བའི་རྐུན་མ་ཞིག་འཛིན་བཟུང་བྱས་འདུག

སྤེལ་དུས 2021-09-24 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          སྤྱི་ཟླ9ཚེས18ཉིན་གྱི་སྔ་དྲོ། མའཕྲིན་ཆེ་ག་གེ་མོས་ལས་ཆོད་ཆེ་ཞིང་ཚད་ལྡན་གྱི་སྒོ་ནས་དངོས་དོན་སྒྲུབ་པ། ཟོལ་མེད་དང་སྙིང་ཉེ་བའི་སྒོ་ནས་མི་དམངས་ཀྱི་ཆེད་དུ་འབད་པ་ཞེས་བྲིས་པའི་གཟེངས་བསྟོད་དར་ཆ་གཅིག་ཉང་བྲན་མངགས་གཏོང་ཁང་བཅའ་སྡོད་ཉེས་དོན་གྱོད་གཞི་སྒྲུབ་གཉེར་རུ་ཁག་ཏུ་བསྐྱལ་ནས། ཉེན་རྟོག་པས་མགྱོགས་མྱུར་ངང་གྱོད་གཞི་རྩད་ཆོད་ཐུབ་ནས་གྱོང་གུན་སེལ་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

          སྤྱི་ཟླ་༩ཚེས་༡༥ཉིན། འཕྲིན་ཆེ་ག་གེ་མོས་རིན་ཐང་སྒོར6800ཡིན་པའི་རང་ཉིད་ཀྱི་གློག་སྒུལ་སྦག་སྦག་དེ་བརླགས་འདུག་ཅེས་ཉང་བྲན་མངགས་གཏོང་ཁང་བཅའ་སྡོད་ཉེས་དོན་གྱོད་གཞི་སྒྲུབ་གཉེར་རུ་ཁག་ཏུ་གྱོད་དོན་སྙན་སེང་ཞུས་ཡོད་པ་རེད། གྱོད་དོན་སྙན་སེང་འབྱོར་བའི་རྗེས། ཉེན་རྟོག་པས་འཕྲལ་མར་གྱོད་དོན་ལྷག་སའི་ས་ཡུལ་དངོས་སུ་བསྐྱོད་ནས་མྱུལ་ཞིབ་ཀྱི་ལས་དོན་ཁག་སྤེལ་ཡོད།

          གྱོད་གཞི་སྒྲུབ་མཁན་གྱི་ཉེན་རྟོག་པས་གྱོད་དོན་ལྷག་སའི་ས་ཡུལ་དངོས་དང་དེའི་ཉེ་འཁོར་གྱི་ལྟ་འཛིན་བརྙན་ཕབ་ལ་དཔྱད་ལེན་དང་འདྲི་རྩད་བརྟག་དཔྱད་བྱས་པར་བརྒྱུད། འཕྲལ་མར་རྐུ་ཁྱེར་དོགས་ཡོད་མི་སྣའི་གཟུགས་པོའི་ཁྱད་ཆོས་དང་མི་དེ་ས་ཆ་གང་གི་འཚམས་སུ་སྡོད་ཀྱི་ཡོད་མེད་བཅས་ཚོད་འཛིན་ཐུབ་ཡོད། དེས་མ་ཟད་གྱོད་དོན་ལྷག་པའི་ཆུ་ཚོད་༤༥རྗེས། དེ་ཡང་སྤྱི་ཟླ་༩ཚེས་༡༧ཉིན་གྱི་ཕྱོ་དྲོའི་ཆུ་ཚོད་༧ཙམ་ལ། ངེད་གྲོང་ཁྱེར་གཙང་བྲན་ལམ་འགྲམ་ངོས་ཀྱི་བོགས་གཏོང་ཁང་པ་ཞིག་གི་ནང་ནས་དོགས་ཡོད་མི་སྣ་སྐལ་ཆེ་ག་གེ་མོ་འཛིན་བཟུང་བྱས་ཡོད་པར་མ་ཟད་འཕྲིན་ཆེ་ག་གེ་མོས་བརླགས་པའི་གློག་སྒུལ་སྦག་སྦག་དེ་ཡང་རྙེད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།