ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

སྨན་ཉོ་དུས་ཡི་གེ་འདི་དག་ཡོད་ན་གཟབ་རོཊ། ལྷག་པར་དུ་ཕྲུ་གུ་ཡོད་ན…

སྤེལ་དུས 2018-12-26 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ན་དུས་སྨན་བཟས་ནས་དྲག་ཐབས་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། འོན་ཀྱང་ཁྱེད་ཀྱིས་སྨན་གྱི་གཟུགས་པོར་གནོད་མིན་ལ་དོ་སྣང་བྱེད་ཨེ་མྱོང་།
              སྨན་ཉོ་སྐབས་དང་གཏོང་སྐབས་ཕུའུ(扑)དང་། རྨེན(敏) པེན( 苯) ལིན(啉) མཱ(麻) མེ(美) ཨན(氨) ཧྥན (酚)བཅས་ཡི་གེ་བརྒྱད་པོ་འདི་དག་ཡོད་ན་ཡིད་གཟབ་བྱེད་དགོས།
དང་པོ།
              ལུས་པེན་ན་རྨེན(氯苯那敏) དང་པེན་ཧེ་ལ་མིང(苯海拉明)སོགས་ནི་ཐལ་དྲགས་པའི་ཚོར་བ་འགོག་པའི་སྨན་ཡིན་ནའང་དབང་རྩ་ལྟེ་བར་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པས་གཉིད་ཁུག་པ་དང་དཀའ་ལས་ཁག་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད་སྟབས། ཁ་ལོ་བས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
གཉིས་པ།
              མ་ཏིང་ལིན(吗丁林)དང་ལུ་ཏེ་ལིན(路得啉)སོགས་ཀྱི་གྲུབ་ཆ་གཙོ་བོ་ནི་ཏོ་ཕན་ལི་དུང(多潘立酮)ཡིན་ཞིང་། དེས་སྙིང་གི་འཕར་ཚད་རྒྱུན་གཏན་མ་ཡིན་པའི་སྣང་ཚུལ་ཐོན་གྱི་ཡོད་པས། སྙིད་ནད་ཡོད་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
གསུམ་པ།
              མེ་ཕུ་འོད་མ(美扑伪麻片)དང་འོད་མ་ན་མིན(伪麻那敏片)གྱི་མ(麻)ནི་མ་ཧོང་ཅན(麻黄碱)འདུས་པར་ཟེར་ཞིང་། དེས་ཁྲག་རྩ་ཁུམ་གྱི་ཡོད་པས། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་རྒྱག་མཁན་སོགས་ཀྱིས་སྤྱད་ན་འཚམ་པོ་མེད་སྟབས། སྙིང་གཟེར་རྒྱག་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
བཞི་པ།
              ཡོ་མེ་ཧྲ་ཧྥན(右美沙芬)ནི་ནད་ཐོག་སྨན་བཅོས་ལ་རྒྱུན་དུ་སྤྱོད་པའི་གློ་སྨན་གྱི་གྲས་ཤིག་ཡིན་ཞིང་། གྲུབ་ཆ་འདི་འདུས་པའི་སྨན་སྣ་མང་སྦྱོར་གྱི་སྨན་མང་ཆེ་བར་ཡི་གེ་མེ(美)ཞེས་པ་འདི་ཡོད་སྟབས། ལུད་པ་མང་མཁན་གྱིས་སྨན་འདི་རིགས་ལ་ཡིད་གཟབ་བྱེད་དགོས།
              ཡི་ཤན་ཨན་ཅི་ཧྥན(乙酰氨基酚 扑热息痛)ནི་རྒྱུན་དུ་ཚ་བ་གཅོག་པ་དང་གཟུགས་གཟེར་འཇོམས་པར་སྤྱོད་ཀྱི་ཡོད་ནའང་སྨུག་པོའི་ནད་ཕོག་མཁན་གྱིས་གཏོང་སྐབས་ཁྲག་དོན་པའི་ཉེན་ཁ་ཡོད་པས་སྨུག་པོའི་ནད་ཕོག་མཁན་གྱིས་སྨན་འདི་རིགས་ཡིད་གཟབ་བྱེད་དགོས།
བྱིས་པར་སྨན་སྟེར་སྐབས་དེ་བས་ཡིད་གཟབ་བྱེད་དགོས།
              1.ལོ་ཚད་མི་འདྲ་བར་ཚ་བ་གཅོག་པའི་སྨན་གྱི་ནུས་པར་གཞིགས་ནས་སྟེར་དགོས།
              2.ཚ་བ་གཅོག་པའི་སྨན་བརྗེ་རེས་བྱས་ནས་སྟེར་མི་ཉན།
              3.རང་དཀར་དུག་སྲིན་འགོག་སྨན་སྟེར་མི་ཉན།
              ཁྱིམ་བདག་མང་པོས་དུག་སྲིན་འགོག་སྨན་དབྱེ་འབྱེད་ཐུབ་ཀྱི་མེད་པས། དེ་དབྱེ་བ་འབྱེད་པར་གཤམ་གྱི་ཡི་གེ་དག་ངེས་ན་འགྲིག
              ཞི་ལིན(西林) ཐོ་པོ(头孢) མེ་སུ(霉素) ཧྲ་ཤིང(沙星)ཤའོ་ཙོ(硝唑)