ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཟངས་རི་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
              ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་གཉེན་ཆས་དང་མཁྲེགས་ཆས་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་རྫོང་མི་དམངས་སྨན་ཁང་དང་ཤང་གྲོང(གྲོང་ཚོ་རིམ་པ)གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ལས་གྲུབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པ་དང་བདེ་ཐང་གི་ཆུ་ཚད་གོང་མཐོར་ཕྱིན་ཡོད་པ་རེད། ཟངས་རི་རྫོང་གིས“དྲ་སྦྲེལ་+སྨན་བཅོས་བདེ་ཐང”གི་དཔེ་དབྱིབས་སྤྱད་དེ་གློག་རྡུལ་ནད་ཐོ་སྤེལ་སྣོལ་མ་ལག་ལྟེ་བར་བྱས་པའི་ཕྱོགས་ཡོངས་ཀྱི་ཞབས་ཞུ་དོ་དམ་དང་གདེང་འཇོག་བྱེད་པའི་ཆ་འཕྲིན་དྲ་བ་བཙུགས་པ་དང་། “ནད་གཞི་གསུམ”རིན་མེད་ངང་རགས་བཤེར་ཧུར་ཐག་བྱས་ནས་2018ལོའི་དམངས་ཡོངས་བདེ་ཐང་གི་གཟུགས་པོའི་བརྟག་དཔྱད་མི་ཐེངས་ཁྲི་1.69བྱས་པས་བརྟག་དཔྱད་བྱེད་ཚད་100%ཟིན་ཡོད།
              མིག་སྔར་ཟངས་རི་རྫོང་གི་བོད་སྨན་སྣ་ཁ་360ཡན་ཟིན་པ་དང་། ཤང་གྲོང་ཁག་གི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་རྫས་ཀྱི་སྣ་ཁ་120ཡན་ཟིན་ཡོད། རྫོང་དེ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུ་ཤང་གྲོང་གི་འཕྲོད་བསྟེན་ཁང་4དང་གྲོང་ཚོའི་འཕྲོད་བསྟེན་ཁང་16ལ་ཁྱབ་པ་དང་། གཙོ་བོ་བོད་སྨན་གྱི་མེ་བཙའ་དང་། སྤྲ་མེ། དངོས་ཁམས་སྨན་བཅོས། འཕུར་མཉེད་སོགས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་དང་དེ་བཞིན་བོད་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་བྱས་པའི་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད། 
              ཟངས་རི་རྫོང་གི་སྨན་བཅོས་ཐོན་ཁུངས་མགྱོགས་མྱུར་མང་དུ་ཕྱིན་ནས་སྨན་བཅོས་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་བྱུང་སྟེ་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་ནད་ཆུང་ཤང་ནས་བཅོས་ཐུབ་པ་དང་ནད་ཆེན་རྫོང་ནས་བཅོས་ཐུབ་པའི་དམིགས་ཚད་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད། 2018ལོར་རྫོང་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་བྱེད་པའི་མི་གྲངས་ཁྲི་2.5ཙམ་ཟིན་པས་རྫོང་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་དུད་ཚང་དབུལ་པོ་2017ལོའི་དུད་ཚང་208ཀྱི་མི་223ནས་2018ལོར་དུད་ཚང་5ཡི་མི་9བར་ཉུང་དུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། ཚེ་རིང་།