ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ལོ་ཚོད་ཁག་གི་ཁྲག་ཤེད་ཞིབ་བསྡུར་རེའུ་མིག

སྤེལ་དུས 2021-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཉེ་བའི་དུས་སྐབས་ཤིག་རིང་། ང་ཚོས་གྲོགས་པོ་ཚོར་རང་ཁྱིམ་དུ་རང་བཤེར་དང་རང་གིས་བདེ་ཐང་བརྟག་པའི་བྱ་ཐབས་ཆུང་ཆུང་མི་ཉུང་བ་ཞིག་འོས་སྦྱོར་བྱས་ཏེ། ཚང་མར་ཚན་རིག་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་ལུས་པོར་ལྟ་སྟངས་འཛིན་རོགས་དང་བདེ་ཐང་རྒྱུན་འཁྱོངས་བྱེད་རོགས་བྱས་ཤིང་། གྲོགས་པོ་མང་པོ་ཞིག་གིས་བརྡ་འཕྲིན་བསྐུར་ནས་ལུས་པོའི་སྐོར་གྱི་དམིགས་ཚད་མང་ཙམ་བཤད་རྒྱུའི་རེ་བ་ཡོད་ཅེས་བརྗོད། དེ་རིང་ང་ཚོས་ཁྱེད་རང་ལ་ཕྱོགས་བསྡུས་སྒོས་བཤད་རྒྱུ་ཡིན་པ་གཤམ་གསལ་ལྟར།
         ཁྲག་ཤེད། ཁྲག་མངར། ཁྲག་ཚིལ། གཅིན་སྐྱུར།
         འདི་དག་ནི་ང་ཚོའི་ལུས་ཁམས་ཀྱི་གནས་ཚུལ་ལ་བསམ་གཞིགས་བྱེད་པའི་ཆེས་གཞི་རྩའི་དམིགས་ཚད་བཞི་ཡིན།
         དོན་དངོས་ཐོག་དམིགས་ཚད་འདི་བཞི་པོ་ཚད་གཞི་ཅི་ཙམ་ལོངས་ན་ཚད་ལྡན་ཡིན་ནམ། དེ་ནི་དམིགས་ཚད་ཀྱི་ཟུར་ལྟ་ཙམ་མ་ཡིན་པར་ལོ་ན་མཐོ་རུ་ཕྱིན་པ་དང་བསྟུན་ནས་འགྱུར་ལྡོག་འབྱུང་གི་ཡོད། དེ་དག་ལས་ཐེངས་འདིར་ང་ཚོས་ལོ་ཚོད་མི་འདྲ་བའི་ཁྲག་ཤེད་ཀྱི་ཞིབ་བསྡུར་རེའུ་མིག་གཤམ་གསལ་ལྟར་བཀོད་ཡོད།
         ཁྲག་ཤེད།
         ཁྲག་ཤེད་དམའ་ཚེ་ཁྲག་མཁོ་འདོན་བྱ་རྒྱུ་མི་འདང་བ་དང་ཁྲག་ཤེད་མཐོ་ཚེ་ཁྲག་རྩར་གནོད་པ་ཡོད།
         མིའི་ཁྲག་རྣམས་ལུས་ཡོངས་ཀྱི་གནས་སོ་སོར་བརྒྱུད་པར་གནོན་ཤུགས་ངེས་ཅན་ཞིག་དགོས་ལ། གནོན་ཤུགས་དེ་ནི་ཁྲག་ཤེད་ཡིན།
         སྙིང་ཤག་འཁུམ་འདུ་བྱེད་སྐབས་རང་འགུལ་གྱིས་འཕར་རྩའི་ཁྲག་ཤེད་འཕྲལ་མར་ཡར་འཕར་བ་དང་འཁུམ་འདུ་དུས་དཀྱིལ་དུ་སླེབས་སྐབས་ཁྲག་ཤད་ཆེས་མཐོ་བའི་ཚད་ལ་སླེབས་ཤིང་། སྐབས་དེར་འཕར་རྩའི་ཁྲག་ཤེད་ཀྱི་གྲངས་ཐང་ལ་འཁུམ་འདུ་ཁྲག་ཤེད་ཅེས་བརྗོད་པ་དང་ཁྲག་ཤེད་མཐོ་བ་ཡང་ཟེར།
         སྙིང་ཤག་རྐྱོང་འབྱེད་བྱེད་སྐབས་རང་འགུལ་གྱིས་འཕར་རྩའི་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་སྙིང་ཤག་རྐྱོང་འབྱེད་བྱེད་པའི་དུས་མཇུག་གི་འཕར་རྩའི་ཁྲག་ཤེད་ཀྱི་ཆེས་དམའ་བའི་གྲངས་ཐང་ལ་རྐྱོང་འབྱེད་ཁྲག་ཤེད་ཅེས་བརྗོད་པ་དང་དེར་ཁྲག་ཤེད་དམའ་མོ་ཡང་ཟེར།
         མིའི་ཁྲག་ཤེད་ནི་ནམ་ཡང་འགྱུར་བ་མེད་པ་མིན་པར་ཉིན་གཅིག་གི་ནང་དུ་འགྱུར་ལྡོག་འབྱུང་སྲིད་པ་དང་། མི་ཚེ་གཅིག་གི་ནང་དུའང་འགྱུར་ལྡོག་འབྱུང་སྲིད་ལ། སྐྱེས་པ་དང་བུད་མེད་ཀྱི་ཁྲག་ཤེད་ལའང་ཁྱད་པར་ཡོད་ངེས། དེར་བརྟེན་རེའུ་མིག་འདི་གཞིར་བཟུང་ནས་དཔྱད་གཞིར་འཛིན་དགོས།
         ལོ་ཚོད་ཁག་གི་རྒྱུན་ལྡན་གྱི་ཁྲག་ཤེད་དཔྱད་གཞིའི་གྲངས་ཐང་གི་ཞིབ་བསྡུར་རེའུ་མིག

         ཀྲུང་གོའི་ཁྲག་ཤེད་མཐོ་བའི་རྒྱལ་ཁབ་ཀྱི་ཀྲུང་ལུགས་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞིའི་ཀྲུའུ་རེན་དང་དབུ་བཞུགས་མཁས་པ་དབྱང་ཁྲོན་ཧྭ་ཡི་གཞི་གྲངས་ལས་བདམས།
         ཁྲག་ཤེད་དམའ་དྲགས་ཚེ་ལུས་པོའི་ཆ་ཤས་ཁག་གི་འཚོ་བཅུད་དང་དབྱང་རླུང་མཁོ་འདོན་མི་འདང་བར་གྱུར་ནས་མགོ་ཡུ་འཁོར་བ་དང་ལུས་ཤུགས་མེད་པར་གྱུར་བ་དང་ཐ་ན་བརྒྱལ་བའི་སྣང་ཚུལ་ཡང་ཡོད། དུས་མཚུངས་སུ་གཟའ་ཕོག་པའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།
         ཁྲག་ཤེད་མཐོ་དྲགས་ཚེ་མཐོ་བའི་གནོན་ཤུགས་ཀྱིས་དབང་པོར་གནོད་པ་ཐེབས་སྲིད་དེ། དེའི་ནང་ཁྲག་རྩ་དང་། སྙིང་། མཁལ་མ་སོགས་འདུས་པས་གཟའ་ཕོག་པའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།
         ཁྲག་ཤེད་མཐོ་བའི་ནད་གཞི་བརྟག་དཔྱད་བྱས་པའི་སྤྱིར་བཏང་གི་དཔྱད་གཞི།

         ཀྲུང་གོའི་ཁྲག་ཤེད་མཐོ་བའི་རྒྱལ་ཁབ་ཀྱི་ཀྲུང་ལུགས་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞིའི་ཀྲུའུ་རེན་དང་དབུ་བཞུགས་མཁས་པ་དབྱང་ཁྲོན་ཧྭ་ཡི་གཞི་གྲངས་ལས་བདམས།
         ཟུར་མཆན།
         ཁྲག་ཤེད་འཇལ་བའི་གྲངས་ཐང་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། དཔེར་ན་སེམས་སྤྲོ་བ་དཔག་མེད་དང་། འཚབ་པ། འགུལ་སྐྱོད། དྲོད་ཚད་སོགས་ལྟ་བུ། ཐེངས་གཅིག་ལ་ཚད་འཇལ་བ་དེ་ནད་གཞི་བརྟག་དཔྱད་ཀྱི་འབྲས་བུར་བརྩི་མི་རུང་།
         ལོ་ལྔ་བཅུའི་རྗེས་སམ་ཡང་ན་ཀླད་པའི་ཁྲག་རྩའི་ནད་ཀྱི་ལོ་རྒྱུས་ཡོད་རིགས་ཀྱིས་ཉིན་ལྟར་རང་ཉིད་ཀྱི་ཁྲག་ཤེད་འཇལ་དགོས་པ་མ་ཟད་ཟིན་ཐོའི་རེའུ་མིག་འགོད་དགོས།
         ཞིབ་བསྡུར་རེའུ་མིག་དེ་སྤྱིར་བཏང་གི་ཞིབ་བསྡུར་རེའུ་མིག་ཅིག་ཡིན་པས། གལ་ཏེ་ནད་རིགས་གཞན་པ་སྟེ། དཔེར་ན་གཅིན་པ་མངར་འགྱུར་གྱི་ནད་དང་མཁལ་ཚད་ནད་སོགས་ཡོད་ཚེ་ནད་ཐོག་སྨན་པའི་བསམ་འཆར་དེ་ཚད་གཞིར་འཛིན་དགོས།
རྩོམ་སྒྲིག་པ། སྣང་རྡོར།