ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཕན་ནུས་དམིགས་བསལ་ལྡན་པའི་ཏོག་གསར་སྨན་ག་དུས་སྤྱོད་ཐུབ་བམ།

སྤེལ་དུས 2021-12-24 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཉེ་ཆར། རང་རྒྱལ་གྱིས་ཏོག་གསར་ལ“ཕན་ནུས་དམིགས་བསལ་ལྡན་པའི་སྨན”བཟོས་པའི་ཐད་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པ་རེད། འོ་ན། རྒྱལ་ནང་གི་ནད་པས “ཕན་ནུས་དམིགས་བསལ་ལྡན་པའི་སྨན་” དེ་ག་དུས་དངོས་སུ་སྤྱོད་ཐུབ་པ་དང་།  སྨན་འདི་སྔོན་འགོག་རང་བཞིན་ལྡན་པའི་སྨན་བྱེད་ཆོག་མིན་སོགས་ཀྱི་ཐད་ལ་ལན་གསར་པ་བརྒྱབ་ཡོད། 

          ནད་པས་ག་དུས་ལ་རང་རྒྱལ་གྱིས་བཟོས་པའི་ཏོག་གསར་ལ་“ཕན་ནུས་དམིགས་བསལ་ལྡན་པའི་སྨན་”སྤྱོད་ཐུབ་བམ།       
          ཚེས་21ཉིན། ཐེང་ཧྲེང་པོ་སྨན་དྲ་ཐོག་སྨྱན་སྦྱོར་ཚོགས་འདུ་འཚོགས་ནས། ཕྱི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་རབ་དང་རིམ་པར་ལན་བསྐྱོན་པ་རེད།
          མིག་སྔར་རྒྱལ་ནང་དུ་སྨན་རྫས་བེད་སྤྱོད་བྱེད་པའི་གནས་ཚུལ་ལ་ལན་འདེབས་སྐབས། ཐེང་ཧྲེང་ཧྭ་ཁྲོང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ལུའོ་ཡུང་ཆིང་གིས་ད་ལོའི་ཟླ་5པ་ནས་བཟུང་། ཨན་པ་ཝུའེ་ཏན་ཁངག/ལུའོ་སྨི་སི་ཝུའེ་ཏན་ཁང་གི་མཉམ་འབྲེལ་སྨན་བཅོས་བྱེད་ཐབས་དེ། རྒྱལ་ནང་གི་རིམས་ནད་ཐོན་སའི་གྲོང་ཁྱེར་21ཏུ་འཕྲལ་སྡོམ་སྐྱོབ་བཅོས་ལས་དོན་ལ་སྤེལ་བར་སྤྱོད་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཚན་རྩལ་པུས་འོས་སྦྱོར་བྱས་པ་ལས། ཐེང་ཧྲེང་ཧྭ་ཁྲོང་གིས་རིན་མེད་ངང་ཞལ་འདེབས་བརྒྱབ་པ་དང་། ཁྱོན་ནད་པ་900ལྷག་ཙམ་ལ་མཁོ་འདོན་བྱས་པ་མ་ཟད། ད་ཆ་ད་དུང་ནད་ཐོག་སྨན་བཅོས་ནང་སྤྱོད་བཞིན་ཡོད་བརྗོད། 
          ལུའོ་ཡུང་ཆིང་གིས་ཟླ་12ཚེས་8ཉིན་སྨན་རྫས་ལ་ཆོག་མཆན་ཐོབ་རྗེས། དེ་སྔོན་དང་ཅུང་མི་འདྲ་བ་ཞིག་ཡོད། གང་ལགས་ཤེ་ན། དེ་སྔ་ཞིབ་འཇུག་བྱས་པའི་སྨན་རྫས་ནི་འཕྲལ་མར་མྱུར་སྐྱོབ་བྱེད་ཐབས་བརྒྱུད་ཞལ་འདེབས་བརྒྱབ་ནས་སྤྱོད་ཀྱི་ཡོད། རྒྱལ་ནང་གི་ཁྲིམས་སྲོལ་གཞིར་བཟུང་ནས་ཁྲོམ་རར་འདོན་པའི་ཆོག་མཆན་ཐོབ་རྗེས། དུས་ཚོད་ངེས་ཅན་ཞིག་ནང་ཐོན་སྐྱེད་བྱེད་དགོས་པ་མ་ཟད། ཐོན་སྐྱེད་བྱས་རྗེས་གཞི་ནས་ཁྲིམས་མཐུན་ངང་སྤྱོད་ཆོག་གི་ཡོད།
          “དེ་སྔོན་ཐོན་སྐྱེད་བྱས་པའི་སྨན་རྫས་ཀྱང་ནད་པར་སྨན་བཅོས་བྱ་རྒྱུར་སྤྱོད་པའི་་རེ་བ་བྱེད་ཀྱི་ཡོད་ལ། ད་ཆར་འབྲེལ་ཡོད་པུའུ་ཨུད་དང་ཚན་པ་དང་གྲོས་བསྡུར་བྱེད་བཞིན་ཡོད”ཅེས་ལུའོ་ཡུང་ཆིང་གིས་བཤད།
          “ཕན་ནུས་དམིགས་བསལ་ལྡན་པའི་སྨན”ནི་ཏོག་གསར་སྔོན་འགོག་ལ་བེད་སྤྱོད་ཆོག་གམ། 
          གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་བཟོས་པའི་ཏོག་གསར་ལ་“ཕན་ནུས་དམིགས་བསལ་ལྡན་པའི་སྨན”སླད་ཕྱིན་ད་དུང་སྔོན་འགོག་རང་བཞིན་གྱི་སྨན་དུ་འགྱུར་བའི་རེ་བ་འདུག
          ཆིང་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ། ཆིང་ཧྭ་སློབ་ཆེན་གོ་ལ་ཧྲིལ་པོའི་བདེ་ཐང་དང་འགོ་ནད་ཞིབ་འཇུག་ལྟེ་གནས་དང་ཨེ་ཙེའི་ནད་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ལིན་ཆི་ཡིས། ནད་འགོག་ཐད་འགོག་གཟུགས་ཀྱི་ནུས་པ་ནི་ད་ལྟའི་དུས་མཚམས་སུ་ཚན་རྩལ་པུའི་རྒྱབ་སྐྱོར་འོག ཀྲུང་ནན་ཧྲན་ཡོན་ཧྲི་ཡིས་ནད་ཐོག་སྨན་བཅོས་ཞིབ་འཇུག་བྱེད་པ་དང་། ལྷག་དོན་དུ་རིམས་འགོག་ནུས་པ་ཞན་པའི་ནད་པར་དམིགས་པའི་འབྲེལ་ཡོད་ཞིབ་འཇུག་ཁ་ཤས་ཡོད་ཅེས་བཤད།
          “འགོག་གཟུགས་ཉམས་གསོ་བྱེད་པའི་མཐུན་སྦྱོར་རང་བཞིན་དང་དེ་བཞིན་མཉམ་སྡེབ་ཁུ་ཚུར་གྱི་ཕན་འབྲས། དེ་བཞིན་གཟུགས་པོའི་ནང་བལྟོས་བཅས་ཀྱིས་ཉར་བའི་དུས་ཡུན་ཅུང་རིང་བའི་ཁྱད་ཆོས་ལ་བལྟས་ན། ང་ཚོས་སྔོན་འགོག་ཐད་སྨན་རྫས་ཀྱི་ནུས་པ་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཕྱི་རྒྱལ་དུ་སྨན་རྫས་རིགས་གཅིག་པ་ཡིས་དེའི་ཐད་80%ཡན་གྱི་སྔོན་འགོག་ཕན་འབྲས་མངོན་ཡོད”ཅེས་ཀྲང་ལིན་ཆིས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།