ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཏོག་གསར་ནད་དུག་གི་ཕན་ནུས་ཆེ་བའི་སྨན་རྫས་ཁག་དང་པོ་ལྷ་སར་འབྱོར།

སྤེལ་དུས 2022-05-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
སྤྱི་ཟླ་5པའི་ཚེས་18ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱི་ཆོག་མཆན་ཐོབ་པའི།
ཏོག་གསར་ནད་དུག་འགོག་བཅོས་ཐད་ཕན་ནུས་ཆེ་བའི་སྨན་རྫས་
ནའེ་མ་ཐི་ཝེ་ཕེན་དང་ལི་ཐོ་ན་ཝེ་ཕེན་
ལྷ་སར་འབྱོར་ནས་སྨན་ཁང་དུ་བསྐྱལ་ཡོད།
འདི་ནི་རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་ཇུས་གཞིའི་ནང་།
སྨན་རྫས་འདི་བེད་སྤྱོད་བྱེད་ཆོག་པ་ཁས་ལེན་བྱས་རྗེས།
ལྷ་སར་དབོར་བའི་ཕན་ནུས་ཆེ་བའི་
སྨན་རྫས་ཁག་དང་པོ་ཡིན་ཞིང་།
ཁྱོན་སྨན་རྫས་སྒམ་ཆུང་600ཡོད་པ་དང་།
རིན་ཐང་སྒོར་ཁྲི་138ཟིན་གྱི་ཡོད།

     རྒྱལ་སྨན་བོད་ལྗོངས་སྨན་རྫས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཧྲི་ཡུན་ལུང་གིས། སྨན་རྫས་དེ་དག་ནི་བོད་ལྗོངས་ལ་སླེབས་པའི་སྨན་རྫས་ཁག་དང་པོ་ཡང་ཡིན། ང་ཚོས་ཁྱོན་སྒམ་ཆུང་600ཉོས་པར་རིན་ཐང་སྒོར་ཁྲི་138ཟིན་ཞིང་། དེ་དག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་གྲ་སྒྲིག་སྨན་རྫས་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཕྱིས་སུ་ས་ཁུལ་དང་གྲོང་ཁྱེར་ཁག་གི་གཙོ་གནད་སྨན་ཁང་ཁག་གཅིག་གིས་ཀྱང་འབྲེལ་ཡོད་ཉོ་སྒྲུབ་བྱ་རྒྱུ་རེད། ཡིན་ནའང་འབྲེལ་ཡོད་དམིགས་བསལ་ལས་རིམ་བརྒྱུད་ནས་རེ་ཞུ་བྱེད་དགོས་ཞེས་གསུངས་འདུག
     ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་ནད་དུག་འགོག་བཅོས་ཐད་ཕན་ནུས་ཆེ་བའི་སྨན་དེ་ད་ལོའི་སྤྱི་ཟླ་2པར་གོ་ལ་ཧྲིལ་པོའི་ཁྲོམ་རར་དངོས་སུ་བཏོན་པ་དང་། སྤྱི་ཟླ་3པའི་ཚེས་19ཉིན་ཀྲུང་གོ་སྨན་རྫས་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ནང་དུ་ནང་འདྲེན་བྱས་ཡོད། ཉེ་ཆར། འཕྲོད་བསྟེན་བདེ་ཐང་ཚན་པའི་བཀའ་བཀོད་གཞིར་བཟུང་། ཁག་འདིའི་ཕན་ནུས་ཆེ་བའི་སྨན་དེ་དག་ཉིན་མཚན་དབྱེར་མེད་སྐྱེལ་འདྲེན་བྱས་ཏེ་མཐར་པེ་ཅིང་ནས་ལྷ་སར་འབྱོར་ཡོད། སྤྱི་ཚེས་18ཉིན་གྱི་སྔ་དྲོ་རྒྱལ་སྨན་བོད་ལྗོངས་སྨན་རྫས་ཚད་ཡོད་ཀུང་སིའི་བཟོ་པས་སྨན་རྫས་དེ་དག་མཛོད་ཁང་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་དབོར་འདྲེན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།