གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕྱུག་འགྱུར་ཐབས་ལམ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
བདེ་སྐྱིད་ཀྱི་འཚོ་བ་ནམ་ཡང་མི་བསམ་ཕོད་ཅན་དང་བྱེད་ཕོད་མཁན་ལ་དབང་བ་ཡིན།
          1994ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་དང་། ཞིང་ཆེན་དང་གྲོང་ཁྱེར་18ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཕལ་ཆེ་བ་དང་འདྲ་བར་མལ་གྲོ་གུང་དཀར་རྫོང་འདི་ཉིད་ཀྱང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རྫོགས་ལྡན་དུས་སྐབས་སུ་སླེབས་ཡོད།
          ལོ་དེར། གུང་དཀར་གྲོང་རྡལ་གྱི་ཕོ་གཞོན་པ་སངས་ཀྱིས་རང་ཁྱིམ་སྒོ་རའི་འགྲམ་དུ་གླ་པ་རྒྱུགས་ནས་ཁྱིམ་གྱི་ཡོང་འབབ་རག་ཐབས་བྱས། ཁོང་ལ་ཨར་ལས་བྱ་ཡུལ་དུ་ཉིན་རེར་གླ་ཆ་སྒོར་8ཀྱི་ཨར་འདམ་དབོར་བའི་ལས་ཀ་རག དེ་རྗེས་ཁོང་གིས་གྲོས་འགོ་བཏོན་པ་བརྒྱུད། ལས་རོགས་ཚོས་ཨར་འདམ་དབོར་བའི་ལས་ཀ་འགན་གཙང་བླངས་པ་དང་ཨར་འདམ་རེར་དབོར་གླ་ཕིན་5རག་གི་ཡོད། ལས་ཀ་དེ་དཀའ་ལས་ཁག་པོ་ཡོད་མོད། འོན་ཀྱང་ཁོང་ཚོར་ཉིན་རེར་མི་གཞན་ལས་སྒོར་7གྱིས་མང་བ་རག་གི་ཡོད།
          དེ་ལྟར་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་ཤར་རླུང་དང་བསྟུན་ནས་ལས་ཀར་འཇོན་ཐང་ཆེ་བ་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ཏེ་ལོ་20ལྷག་ཙམ་རིང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་བརྒྱུད་རིམ་ནང་། པ་སངས་ཀྱིས་ཕྱུག་འགྱུར་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད།
          “བློ་བདེ་པོ་བྱེད། ངས་རྩིས་བརྒྱབ་པ་ཡིན”
          འདི་ལོ་ལོ་40ལ་སླེབས་པའི་པ་སངས་ཀྱིས་ལས་ཡུལ་དུ་ཨར་འདམ་དབོར་མྱོང་བ་དང་། བོད་བཟོའི་འཛིན་ཆས་ལ་ཚོན་གཏོང་སྟངས་སྦྱོང་མྱོང་ཡོད། རྗེས་སུ་ཁོང་གིས་དངུལ་གཡར་ནས་འདྲུད་འཐེན་འཁོར་ལོ་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་མྱོང་བ་མ་ཟད། ད་དུང་ཨར་འདམ་ར་བ་བཙུགས་པ་སོགས་བྱེད་མྱོང་ཡོད།
          ལོ་ཞིག་གུང་དཀར་གྲོང་ཚོའི་ཚོགས་ཆུང་བཞི་པའི་རྨོ་ཞིང་ལ་ར་བ་དམའ་པོ་ཞིག་སྐོར་དགོས་པ་དང་། གྲོང་ཚོའི་ནང་གི་མི་གཞན་དག་གིས་སྒོར་ཁྲི་25ལས་ཉུང་ན་འགྲིག་ཐབས་མེད་ཅེས་བཤད་པ་དང་། སྐབས་དེ་དུས་པ་སངས་ཀྱིས་སྒོར་ཁྲི་20ཡི་ཐོག་ནས་འགན་གཙང་བླངས།
          “རིན་གོང་དམའ་པོ་དེ་འདྲ་བྱས་ན་འགྲིག་པ་འདུག་གམ”ཞེས་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གིས་པ་སངས་ལ་དྲིས།
          “བློ་བདེ་པོ་གནང་། ངས་རྩིས་བརྒྱབ་པ་ཡིན”ཞེས་པ་སངས་ཀྱིས་གདེང་ཚོད་ཆེན་པོའི་སྒོ་ནས་བཤད།
          ད་བྱེད་དུས་པ་སངས་ཀྱིས་དུས་གཅིག་ཏུ་རྫོང་ཚན་རྩལ་ཅུས་ཀྱི་དྲོད་ཁང་བཤིག་པའི་ལས་ཀའི་འགན་ཁུར་ཡོད། ཁོང་གིས་སྔ་ས་ནས་རྩིས་བརྒྱབ་ཡོད་པ་སྟེ། དྲོད་ཁང་བཤིག་པ་ལས་ཐོན་པའི་ཨར་འདམ་ས་ཕག་གི་སྤུས་ཚད་ཡག་པོ་ཡོད་པས་ར་བ་བསྐོར་རྒྱུར་སྤྱད་ན་འགྲིག་པ་དེ་རེད།
          སྡོད་ཁང་བསྐྲུན་པའི་ལས་ཀ“ནར་འགྱངས་ཡང་སེ”བྱས་པ།
          2006ལོ་ནས་བཟུང་བོད་ལྗོངས་ཡོངས་སུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཡོད་ཅིང་། བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པས་རང་གི་ཕས་པ་སངས་ལ་སྡོད་ཁང་གསར་པ་བསྐྲུན་རྒྱུའི་ཚ་འདེད་ཡང་ཡང་བཏང་། ཡིན་ནའང་ཁོང་གིས་པ་ཕར་སྡོད་ཁང་བསྐྲུན་རྒྱུ“ཏོག་ཙམ་སྒུག་རོགས”ཞེས་བརྗོད།
          པ་སངས་ཀྱིས་གང་ཞིག་སྒུག་གི་ཡོད་དམ་ཞེ་ན། ཁོང་གིས་གོ་སྐབས་སྒུག་གི་ཡོད་པ་སྟེ། ད་བྱེད་དུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས།
          བོད་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སྐབས་ཤར་བ་དང་། ལོ་དེ་དག་རིང་ལྗོངས་ཡོངས་སུ་གཞུང་ལམ་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བས་པ་སངས་ཀྱིས་བྱེ་རྡོ་ར་བ་ཞིག་འཛུགས་རྩིས་བྱས།
          2014ལོར་པ་སངས་རིམ་མཐོའི་གཞུང་ལམ་བསྐྲུན་པའི་ནང་ཞུགས་འགོ་ཚུགས། ལོ་དེར་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་མལ་གྲོ་གུང་དཀར་ལམ་དུམ་ཁོང་གི་སྒོ་འགྲམ་བར་བསྐྲུན་འགོ་ཚུགས་པས་པ་སངས་ཀྱིས་རྡོ་ཧྲུག་བཟོ་བྱེད་འཕྲུལ་འཁོར་ཞིག་ཉོས་ནས་ཨར་ལས་བྱེད་མཁན་ཕྱོགས་ལ་རྡོ་ཧྲུག་བཟོ་རོགས་བྱས།
          2015ལོར་པ་སངས་ཀྱིས་སྡོད་ཁང་གསར་པ་བརྒྱབ་པ་རེད།
          2016ལོར་པ་སངས་སླར་ཡང་སྨན་གླིང་གནམ་ཐང་ནས་བྲག་ཡིབ་གྲོང་རྡལ་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་པའི་ནང་ཞུགས། ཁོང་གིས་སྐྱེལ་འདྲེན་རླངས་འཁོར་10ཁྲིད་ནས་གཞུང་ལམ་འདིའི་འཛུགས་སྐྲུན་ནང་ཞུགས།
          2017ལོར་པ་སངས་སླར་ཡང་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལས་གྲྭ(མལ་གྲོ་གུང་དཀར་ནས་ཀོང་པོ་རྒྱ་མདའ)བར་གྱི་ལས་གྲྭའི་ནང་ཞུགས་འགོ་ཚུགས། ཁོང་གིས་མུ་མཐུད་རླངས་འཁོར་རུ་ཁག་ཁྲིད་ནས་ལས་གྲྭར་བྱེ་རྡོ་དབོར་འདྲེན་བྱས་པ་དང་འབྲེལ་ཡུལ་མི་ཚོའི་སྣེ་ཁྲིད་དེ་གཞུང་ལམ་གཡས་གཡོན་དུ་ཨར་འདམ་གྱི་ལམ་སྐྱོར་འདིང་བའི་ལས་ཀའི་ནང་ཞུགས།
          རང་ཉིད་ཀྱི་ཕྱུག་འགྱུར་ཐབས་ལམ་སྐོར་གླེང་སྐབས། པ་སངས་ཀྱིས“འདི་དག་ཚང་མ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”ཅེས་བརྗོད་པ་དང་། ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བའི་པ་སངས་ཀྱིས་རང་ཉིད་ཀྱི་བདེ་སྐྱིད་ལྡན་པའི་མི་ཚེ་བཏོད་ཡོད།
          མཛེས་སྡུག་ལྡན་པའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།
          ལོ་འདི་དག་རིང་པ་སངས་ཀྱི་བྱེ་རྡོ་ར་བས་གྲོང་ཚོའི་མི་20ལྷག་ཙམ་ལས་ཞུགས་སྐུལ་ཁྲིད་ཐུབ་པ་དང་། ལས་འབོར་ཆེ་བའི་དུས་སུ་བྱེ་རྡོ་ར་བར་ལས་ཀ་བྱེད་མཁན་100ཙམ་ཟིན་གྱི་ཡོད།
          པ་སངས་ཀྱིས་ངས་སྤྱི་ཚོགས་ལ་དྲིན་གཟོས་ནས་ཕ་ཡུལ་གྱི་སློབ་གསོར་མ་དངུལ་ཐད་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད། 2015ལོ་ནས་བཟུང་། ཁོང་གིས་ལོ་ལྟར་གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་15ལ་མ་དངུལ་རོགས་སྐྱོར་བྱས་པ་དང་། ལོ་ལྟར“དྲུག་གཅིག”བྱིས་པའི་དུས་ཆེན་འཆར་རིམ་བཞིན་པ་སངས་ལས་བྲེལ་ག་ཚོད་ཆེ་རུང་སློབ་གྲྭར་སྐྱོད་ནས་དགེ་སློབ་ཚོར་འཚམས་འདྲིའི་དངོས་པོ་སྤྲད་དེ་དགེ་རྒན་ཚོས་དཀའ་སྤྱད་སློབ་ཁྲིད་དང་ཕྲུ་གུ་ཚོས་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད།
          2016ལོའི་ཟླ་10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག “ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ”དེ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི”གྲས་ཤིག་ཏུ་བརྩི་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ཡོད། དེ་དང་ཆབས་ཅིག་པ་སངས་ཀྱི་བྱ་གཞག་ལའང་ཕྱོགས་སྒྱུར་གྱི་གོ་སྐབས་དང་འགྲན་སློང་འཕྲད་ཡོད།
          སྐབས་བསྟུན་གྱི་གོ་སྐབས་ཞིག་ལས་འབྲི་གུང་བཀྲ་དབང་ཟེར་བའི་ན་གཞོན་ཞིག་པ་སངས་ཀྱི“གྲོགས་ཚོགས”ནང་ཞུགས།
          འབྲི་གུང་བཀྲ་དབང་སྲོལ་རྒྱུན་གྱི་རིག་གནས་ལ་ཧ་ཅང་དགའ་ཞེན་ཆེ་བས་འབྲིང་རིམ་ཆེད་ཚན་ཐོན་རྗེས་རང་བརྟེན་ལས་གཏོད་ཀྱི་གདམ་ག་བྱས། ས་གནས་འདི་གའི་ཏང་ཨུད་དང་སྲིད་གཞུང་སྡེ་ཚན་གྱི་རྒྱབ་སྐྱོར་འོག བཀྲ་དབང་གིས་མལ་གྲོ་གུང་དཀར་རྫོང་གྲོང་དུ་སྲོང་བཙན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས། ད་ཆ་བཀྲ་དབང་གིས་འབྲི་གུང་རིག་གནས་དང་འབྲེལ་བ་ཡོད་པའི་དངོས་མཚོན་གློག་བརྙན་དང་བོད་ཀྱི་བརྗོད་གཞིའི་གློག་བརྙན་ཞིག་པར་ལེན་བྱེད་བཞིན་ཡོད། མཉམ་ལས་མི་སྣའི་དབར་གློག་བརྙན་གྱི་བརྗོད་དོན་གཙོ་བོའི་ཐད་མི་མཐུན་པའི་ཆ་མང་པོ་གནས་པས་པར་ལེན་ལས་དོན་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་།
          ད་ཆ་པ་སངས་དང་བཀྲ་དབང་ནི་ཕྱུག་པོ་ཆགས་པའི་ཞིང་པ་ཞིག་དང་། རིག་གནས་ཐོན་ལས་ཁྱབ་ཁོངས་ཀྱི་ལས་གཏོད་པ་ཞིག་ཡིན་ཞིང་། མཉམ་ལས་བྱས་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་གྲོས་མོལ་བྱེད་བཞིན་ཡོད།