གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱིས་“ སྣང་ཆེན་བཞི་དང་དགའ་ཞེན་བཞིའི” བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ལྷ་ས་གྲོང་ཁྱེར་གྱིས་རེས་འཁོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་རྗེས་ཆབ་མདོ་དང་ནག་ཆུ།  ལྷོ་ཁ།  ཉིང་ཁྲི།  མངའ་རིས།  གཞིས་རྩེ་སོགས་ཀྱིས་ཁག་སོ་སོར་རེས་འཁོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད།  ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་སེམས་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཏེ།  དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྟོབས་ཤུག་འབུལ་རྒྱུ་ཡིན་ཞེས་བཤད། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཆབ་མདོའི་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་སྐོར་ཞིབ་པ། ལྗོངས་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་འཇིགས་མེད་དབང་མཚོས་ཆབ་མདོ་གྲོང་ཁྱེར་ཁམས་པའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་སུ་དཔེ་སྟོན་སྒྲོག་འགྲེལ་བྱས་སྟེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ”ཞེས་པའི་བརྗོད་དོན་གཙོ་བོ་དེར་དམིགས་ནས་ཏང་གིས་དུས་ཡུན་རིང་པོར་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློ་དང་། ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་ཟབ་པ།  དོན་སྙིང་གཏིང་ཟབ་པོ་བཅས་བྱུང་ནས་སྒྲོག་འགྲེལ་གྱི་ཕན་འབྲས་ཡག་པོ་ཐོན་ཡོད།  ཚེས་5ཉིན་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ ”མང་ཚོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པས་སྔ་རྗེས་སུ་ཆབ་མདོ་བྲག་གཡབ་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་བཅས་ནས་ཉི་མ་ལྔའི་རིང་ལ་དཔེ་སྟོན་སྒྲོག་འགྲེལ་སྤེལ་པ་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཡོངས་ཀྱིས་ཕན་ཚུན་སྤེལ་རེས་བྱས་ནས་སྒྲོག་འགྲེལ་བྱེད་སྒོའི་ཚ་རླབས་འཕྱུར་བ་རེད། མཛོ་སྒང་རྫོང་གི་ཉེན་རྟོག་པ་ཞའོ་ལིའུ་ནས།  དེ་རིང་གི་སྒྲོག་འགྲེལ་དེ་ཤིན་ཏུ་གསོན་ཉམས་ལྡན་པ་དང་བློ་སྒོ་འབྱེད་པའི་རང་བཞིན་ལྡན་པའི་རང་ཉིད་ནས་‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི་’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དགོངས་དོན་དང་ནང་དོན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་ཞེས་གསུངས། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ནག་ཆུ་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཞན་ཆུན་གྱིས་ནག་ཆུར་དཔེ་སྟོན་སྒྲོག་འགྲེལ་གནང་བ་དང་།  དཔེ་སྟོན་སྒྲོག་འགྲེལ་གོ་རིམ་གསོན་ཉམས་ལྡན་པའི་དཔེ་མཚོན། དོན་དངོས་དང་ཟུང་འབྲེལ་དམ་པོ་ཡོད་པས་ཚོགས་ཞུགས་མི་སྣའི་དགའ་བསུ་ཡང་ཡང་ཐོབ་པ་རེད།  སྒྲོག་འགྲེལ་དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན།  བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་ནག་ཆུས་གོམ་སྟབས་རྗེས་མར་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱས་ནས་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུར་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་པ་དང་།  སྒྲོག་འགྲེལ་བྱེད་སྒོར་ཞུགས་མཁན་ལས་བྱེད་མང་ཚོགས་ཚང་མར་སློབ་གསོ་ཆེན་པོ་ཐོབ་ཡོད། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ལྷོ་ཁའི་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སྐར་མ་བརྟན་པས་ལྷོ་ཁ་གྲོང་ཁྱེར་དུ་དཔེ་སྟོན་སྒྲོག་འགྲེལ་གནང་བ་དང་།  སྐར་མ་བརྟན་པས་“ སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”བརྗོད་དོན་གཙོ་བོ་དང་དོན་སྙིང་གལ་ཆེན། ནང་དོན་ཕུན་སུམ་ཚོགས་པས་གསལ་འགྲེལ་གཏིང་ཟབ་གནང་ནས།  ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་གནང་བ་མ་ཟད་མ་འོངས་པའི་འཆར་གཞི་ཡང་བཀོད་སྒྲིག་བྱས་པ་རེད།  དགའ་ལྡན་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་གྲགས་ཀྱིས་སྒྲོག་འགྲེལ་ལ་ཉན་རྗེས་སུ་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འདུ་ཤེས་བཞི་སྔར་བས་ཟབ་ཏུ་ཕྱིན་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས།  རྩ་དོན།  འགྲོ་ལམ་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱས་ཏེ།  ཕུགས་བསམ་དད་སེམས་བརྟན་པོས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཉིང་ཁྲི་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཧྥང་ཡུས་ཀུའོ་ཡིས་ཉིང་ཁྲིར་དཔེ་སྟོན་སྒྲོག་འགྲེལ་གནང་བ་རེད།  ཧྥང་གཡུས་གོ་ཡིས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་དང་ཚན་རིག་དང་མཐུན་པའི་ནང་དོན།  ལག་ལེན་གྱི་བླང་བྱ་སོགས་ཀྱི་ཐད་ལ་སྒྲོག་འགྲེལ་གནད་སྨིན་གནང་བ་དང་།  དེ་རྗེས་སྒྲོག་འགྲེལ་ཚོགས་པ་དེའི་ཁོངས་མིས་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞིན་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་མངའ་རིས་ཡན་ལག་ཚོགས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཡོན་ཡན་ཁྲེན་གྱིས་མངའ་རིས་སུ་དཔེ་སྟོན་སྒྲོག་འགྲེལ་གནང་སྐབས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འཛིན་པ་དང་། དུས་གཏམ་དུ་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱེད་པའི་སྤྱི་དམངས་བཟང་པོ་》ཞེས་པ་བརྗོད་གཞི་གཙོ་བོ་དང་།  ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་ཐབས་ཇུས་དགོངས་པ་ལེགས་སྒྲུབ་བྱུང་བའི་ལག་ལེན་གསལ་བཤད་གཏིང་ཟབ་གནང་བ་རེད།  སྒྲོག་འགྲེལ་ནང་ཞུགས་མཁན་མང་ཚོགས་ཚོས་རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པ་དང་།  མངའ་རིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས། 
          རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་གཞིས་རྩེ་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་གཞིས་རྩེར་དཔེ་སྟོན་སྒྲོག་འགྲེལ་གནང་བ་རེད།  ཏིང་ཡུང་གིས་གོ་བདེ་བ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་གྱི་ཐོག་ནས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་” མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕུན་སུམ་ཚོགས་པའི་ནང་དོན་དང་གཏིང་ཟབ་ལྡོག་མེད་ཀྱི་རང་བཞིན་དང་།  གལ་ཆེའི་དོན་སྙིང་།  གཞི་རྩའི་བླང་བྱ།  གཞི་རྩའི་བྱ་ཐབས་བཅས་ཀྱི་སྙན་ཞུ་གསལ་འགྲེལ་གནང་བ་རེད།  སྒྲོག་འགྲེལ་གསན་རྗེས་གཞིས་རྩེ་གྲོང་ཁྱེར་ཏང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དངོས་སྒྲུབ་ནས།  ཐེངས་འདིའི་བྱེད་སྒོ་ནི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི།  སྤྱི་ཚོགས་ཀྱི་རྨང་གཞི་བཅས་ཡག་པོ་ཡོད་པའི་གལ་ཆེའི་བྱ་ཐབས་ཤིག་རེད་ལ་གལ་འགངས་ཆེ་བའི་དོན་སྙིང་ཡང་ལྡན་ཡོད་ཅེས་གསུངས།།