གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ་སྨད་ལ་འགྲོ་སོང་འགའ་ཞིག་མི་དགོས་པར་བཟོ་རྒྱུ་ཡིན་ལ། ཡོང་སྒོ་འགའ་ཞིག་འཕར་སྣོན་བྱེད་རྒྱུ་རེད།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ད་ལོའི་ལོ་སྨད་དུ་འགྲོ་སོང་འགའ་ཞིག་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལ། 
འགྲོ་སོང་ཁ་ཤས་ཆག་པའམ་ཡང་ན་རྩ་ཆག་གཏོང་རྒྱུ་རེད། 
ད་རུང་ཡོང་འབབ་ཁ་ཤས་རྩིས་ཁྲར་འབྱོར་སྲིད་པས།
འདི་དག་ཚང་མས་ང་ཚོའི་དངུལ་ཁུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ངེས།
འདིར་དེ་ལ་མྱུར་དུ་རྒྱུས་ལོན་པར་བྱའོ། །

ཟླ་བདུན་པ་ནས་བཟུང་“འཁྱམ་སྤྱད་གླའི”བཞུར་ཚད་ལ་རིན་མེད་པར་བཟོ་རྒྱུ་རེད།

          ཟླ་བདུན་པ་ནས་བཟུང་“འཁྱམ་སྤྱད་གླའི”བཞུར་ཚད་ལ་རིན་སྤྲོད་པ་ལོ་རྒྱུས་སུ་འགྱུར་རྒྱུ་རེད།
          ཟླ་4པའི་ཚེས་4ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཟླ་7པའི་ཚེས་1ཉིན་ནས་བཟུང་“འཁྱམ་སྤྱད་གླའི”བཞུར་ཚད་མེད་པར་བཟོ་བ་དང་། ད་ལོའི་བཞུར་ཚད་ཀྱི་གྲོན་དངུལ་ཆག་ཚད་30%ཡན་སླེབས་དགོས་པ། ཁྱིམ་ཚང་གི་དྲ་ཆེན་གྱི་གོང་30%གཅོག་པ། ཁེ་ལས་འབྲིང་ཆུང་གི་ཆེད་སྤྱོད་དྲ་སྐུད་15%བར་གོང་གཅོག་པ། དེ་བཞིན་དུ་རྒྱལ་སྤྱི་དང་ཀང་ཨོ་ཐའེ་བཅས་ཀྱི་འཁྱམ་སྤྱད་གླ་སྔར་བས་ཀྱང་ཇེ་དམའ་རུ་གཏོང་དགོས་པར་བསྟན།

△དཔྱད་གཞིའི་རི་མོ།
          རིན་གོང་གཅོག་པའི་བྱེད་ཐབས་འདི་ལས་མི་འབོར་ཆེན་ཞིག་ལ་ཕན་ཁེ་ཐོབ་ཐུབ་པ་དང་། སྤྱོད་མཁན་གྱི་“དངུལ་སྨར”མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་གྲངས་གཞི་གསར་ཤོས་སུ་གསལ་བ་ལྟར་ན། ད་ལོའི་ཟླ་4པའི་ཟླ་མཇུག་བར། ཀྲུང་གོར་4Gསྤྱོད་མཁན་དུང་ཕྱུར་10.8ཡོད་པ་དང་། ཁ་པར་ཐོག་སྤྱོད་མཁན་དུང་ཕྱུར་12.2ཡོད།

ཟླ་8པའི་ཚེས་1ཉིན་ནས་བཟུང་ཆེད་ཁེ་ཐོ་འགོད་སོགས་ཀྱི་རིན་པ་བསྡུ་མཚམས་འཇོག་རྒྱུ་ཡིན།

△དཔྱད་གཞིའི་རི་མོ།
          ཟླ་4པའི་ཚེས་4ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཟླ་8པའི་ཚེས་1ཉིན་ནས་བཟུང་ཆེད་ཁེ་ཐོ་འགོད་སོགས་ཀྱི་རིན་པ་བསྡུ་མཚམས་འཇོག་རྒྱུ་ཡིན་ཞིང་། ཆེད་ཁེའི་ལོ་ཡོན་ཇེ་ཉུང་དང་ཡོན་སྤྲོད་པའི་དུས་བཀག་ཇེ་རིང་དུ་གཏོང་རྒྱུ་རེད། 
          ནོར་སྲིད་པུའུ་ཡིས་བཀྲམས་པའི་བརྡ་སྦྱོར་ལྟར་ན། 2018ལོའི་ཟླ་8པའི་ཚེས་1ཉིན་ནས་བཟུང་གཤམ་གསལ་གྱི་དོན་ཚན་འགའི་རིན་པ་བསྡུ་མཚམས་འཇོག་རྒྱུ་རེད།
          ཆེད་ཁེའི་རིན་པ་བསྡུ་བའི་(རྒྱལ་ནང་གི་ཁག)ཁྲོད་ནས་ཆེད་ཁེའི་ཐོ་འགོད་རིན་པ།
          སྤྱི་བསྒྲགས་པར་སྐྲུན་གྱི་རིན་པ།
          ཆེད་ཁེའི་དོན་ཚན་བརྗེ་སྒྱུར་གྱི་རིན་པ།(ཆེད་ཁེ་ཚབ་སྒྲུབ་ལས་ཁུངས་དང་།ངོ་ཚབ་མངགས་བཅོལ་གྱི་འབྲེལ་བའི་བརྗེ་སྒྱུར།)
          PCT(《ཆེད་ཁེའི་མཉམ་ལས་ཆིངས་ཡིག》)ལས་ཆེད་ཁེའི་རེ་ཞུའི་རིན་པའི(རྒྱལ་སྤྱིའི་དུས་རིམ་གྱི་ཁག)བརྒྱུད་སྤྲོད་རིན་པ།
          ཆ་རྐྱེན་དང་མཐུན་པའི་རེ་འདུན་ཞུ་མཁན་གྱིས་ཆེད་ཁེའི་ལོ་ཡོན་ཉུང་ཞིང་དུས་བཀག་རིང་དུ་གཏོང་བ་ནི་ཆེད་ཁེའི་དབང་ཆ་ཐོབ་པའི་ལོ་དེ་ནས་བཟུང་ལོ་6གི་ནང་ཚུན་ཡིན་པ་ནས་ལོ་10ཡི་བར་དུ་ནར་འགྱངས་བྱས་ཆོག ཆ་རྐྱེན་འཛོམས་པའི་གསར་གཏོད་ཆེད་ཁེ་རེ་འདུན་ཞུ་བར།ཐེངས་དང་པོའི་ཞིབ་བཤེར་བསམ་འཆར་གྱི་བརྡ་ཐོའི་ལན་འདེབས་ཡུན་མ་ལོངས་གོང་(བརྡ་ཐོའི་ལན་འདེབས་བསམ་ཆར་སྤྲད་ཟིན་པ་རྣམས་མི་གཏོགས།)རང་འགུལ་ངང་རེ་ཞུ་ཕྱིར་འཐེན་བྱེད་མཁན་བྱུང་ན་ཆེད་ཁེ་ཐོབ་རེ་ཞུ་ཡིག་གི་དངོས་ཐོག་ཞིབ་བཤེར་འགྲོ་སོང་གི་50%ཕྱིར་སློག་ཆོག

མྱུར་བགྲོད་མེ་འཁོར་ཁག་ཅིག་གི་སྤ་སེའི་རིན་གོང་6.5བར་བཅག་ཆོག
          ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་བསྒྲགས་དོན། ད་ལོའི་ཟླ་7པའི་ཚེས་5ཉིན་ནས་ཤར་གཏོང་སྔ་གྲས་ཀྱི་ཧོ་ཧྥེ་ནས་ཝུའུ་ཧན་བར་དང་། ཝུའུ་ཧན་ནས་དབྱི་ཁྲང་བར། ཀུའེ་དབྱང་ནས་ཀོང་ཀྲོའུ་བར། ལིའུ་ཀྲོའུ་ནས་ནན་ཉིང་བར། ཧྲང་ཧའེ་ནས་ནན་ཅིང་བར། ནན་ཅིན་ནས་ཧང་ཀྲོའུ་བར་བཅས་ལམ་ཐིག་6གི་ཐོག་ན་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ནས་250ཡིན་པའི་མྱུར་བགྲོད་མེ་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱེད་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས།
ད་ཐེངས་ཁྱབ་བསྒྲགས་བྱས་པའི་སྤ་སེའི་རིན་གོང་ནི་ཆེས་མཐོའི་རིན་གོང་ཚད་གཞི་ཡིན་པར་ལག་བསྟར་གསལ་པོ་བྱེད་རྒྱུ་དང་། ལྕགས་ལམ་གྱི་འབྲེལ་ཡོད་ཁེ་ལས་ཁག་གིས་ལྕགས་ལམ་གྱི་འགྲུལ་རྒྱུན་གནས་ཚུལ་གཞིར་བཟུང་ནས་དུས་ཚིགས་བགོ་བ་དང་། དུས་རིམ་དབྱེ་བ། འདུག་སྟེགས་དབྱེ་བ། ལམ་ཐིག་དབྱེ་བ་ལྟར་ཚད་བཀག་གི་སྤ་སེའི་རིན་གོང་ལས་མར་ཕབ་ཆོག དེའི་ཆེས་མཐོའི་སྤ་སེའི་རིན་གོང་གཅོག་ཚད་6.5བར་སླེབས་ཆོག ལེགས་སྒྲིག་བྱས་རྗེས་ཀྱི་ལག་བསྟར་སྤ་སེའི་རིན་གོང་དང་མིག་སྔའི་སྤ་སེའི་རིན་གོང་གཉིས་བསྡུར་ན་སྤྱིའི་ཆ་ནས་མར་ཆག་ཡོད་པ་རེད།

△དཔྱད་གཞིའི་རི་མོ།
          མྱུར་བགྲོད་མེ་འཁོར་གྱི་སྤ་སེའི་རིན་གོང་མར་ཕབ་ཚད་ཆེ་ཤོས་6.5བར་སླེབས་པ་དེ་གཟིགས་སྐྱོང་བྱེད་ཤུགས་ཆེན་པོ་ཞིག་ཡིན་ཏེ།མྱུར་བགྲོད་མེ་འཁོར་གྱི་སྤ་སེའི་རིན་གོང་གཟིགས་སྐྱོང་ལག་བསྟར་དོན་འཁྱོལ་བྱུང་བ་དང་བསྟུན་ནས་འགྲུལ་བཞུད་པ་ཚོའི་ལམ་གླ་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ་ངེས་ཡིན།

རླངས་འཁོར་ནང་འདྲེན་གྱི་སྒོ་ཁྲལ་ཚད་ངེས་ཅན་ཞིག་མར་ཕབ་རྒྱུ་རེད།
          ཟླ་བདུན་པ་ནས་བཟུང་ཀྲུང་གོས་རླངས་འཁོར་ནང་འདྲེན་སྒོ་ཁྲལ་ཚད་ངེས་ཅན་ཞིག་མར་ཕབ་རྒྱུ་རེད། དེ་ཡང་2018ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་། རླངས་འཁོར་ལྷུ་ལག་ཆ་ཚང་གི་ཁྲལ་ཚད་དེ་25%ཡིན་པའི་ཁྲལ་རྟགས་135དང་ཁྲལ་ཚད་20%ཡིན་པའི་ཁྲལ་རྟགས་4ཡི་ཁྲལ་ཚད་དེ་15%བར་མར་ཕབ་རྒྱུ་ཡིན་ལ། དེའི་མར་ཕབ་ཚད་ནི་སོ་སོ་40%དང་25%ཡིན།
          ཁྲལ་མར་ཕབ་པ་དེས་རླངས་འཁོར་གྱི་རིན་གོང་ཆག་པ་དང་འཛད་སྤྱོད་མཁན་གྱི་ཁེ་ཕན་ལ་དེ་བས་ཀྱང་ཕན་ཐོགས་ཀྱི་ཡོད། མིག་སྔར་རླངས་འཁོར་ཁེ་ལས་མི་ཉུང་བ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་རང་གི་མངའ་འོག་གི་ཐོན་རྫས་ཚད་མི་འདྲ་བའི་གོང་བཅག་ཡོད་པ་ཁྱབ་བསྒྲགས་བྱས་ཡོད།

△དཔྱད་གཞིའི་རི་མོ།

ཉེར་མཁོའི་འཛད་སྤྱོད་དངོས་པོའི་ནང་འདྲེན་སྒོ་ཁྲལ་ཚད་ངེས་ཅན་ཞིག་མར་ཕབ་རྒྱུ་རེད།
          ཟླ་7པའི་ཚེས་1ཉིན་ནས་བཟུང་ཀྲུང་གོས་ཉེར་མཁོའི་འཛད་སྤྱོད་དངོས་པོའི་ནང་འདྲེན་སྒོ་ཁྲལ་ཚད་ངེས་ཅན་ཞིག་མར་ཕབ་རྒྱུ་རེད། 2018ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་ཉེར་མཁོའི་འཛད་སྤྱོད་དངོས་པོ་སྐོར་ཞིག་གི་སྒོ་ཁྲལ་མར་ཕབ་པ་དེའི་ཁྲོད་དུ་ཁྲལ་གྱི་རྣམ་གྲངས་1449ཡོད་ཅིང་། ཆ་སྙོམས་ཀྱི་ཁྲལ་ཚད་དེ་15.7%ཡིན་པ་ནས་6.9%བར་མར་ཕབ་རྒྱུ་ཡིན་པས། ཆ་སྙོམས་ཀྱིས་མཪ་ཆག་ཚད་55.9%ལ་སླེབས་ཡོད། 
          ད་ཐེངས་ཀྱི་ཁྲལ་ཚད་མར་ཕབ་པ་དེའི་ནང་དུ་མི་དམངས་ཀྱི་ཉིན་རེའི་འཚོ་བར་ཉེར་བར་མཁོ་བའི་འཛད་སྤྱོད་དངོས་པོ་དག་ལ་འབྲེལ་བ་ཡོད་དེ། དཔེར་ན་ཞྭ་གོས་ལྷམ་གསུམ་དང་། ཁྱིམ་ཆས་ཟོང་མང་། རིག་རྩལ་མཁོ་ཆས། ཁྱིམ་སྤྱོད་གློག་ཆས། ཟས་རིགས་བཏུང་ཆུ། ཉམས་གཏོད་མཁོ་ཆས། སྨན་རྫས་བདེ་ཐང་དངོས་པོ་སོགས་འདུས་ཡོད། ཉེར་མཁོའི་འཛད་སྤྱོད་ཁྲལ་གྱི་རྣམ་གྲངས་སྤྱིའི་70%ཡན་ཟིན་ལ་དེའི་སྤྱིར་བཏང་གི་ཉོ་ཚོང་མ་དངུལ་ཨ་སྒོར་དུང་ཕྱུར་380ཡིན། 

△དཔྱད་གཞིའི་རི་མོ།
          སྒོ་ཁྲལ་མར་ཕབ་པ་དེས་ནང་འདྲེན་གྱི་མ་རྩ་ཇེ་ཉུང་དུ་ཕྱིན་པ་དང་། དེས་རྒྱལ་ནང་ཁྲོམ་རའི་རིན་གོང་སྤྱིའི་ཆ་ནས་མར་ཆག་པར་ཕན་པ་ཡོད། འདི་ལས་ད་དུང་རྒྱལ་ནང་གི་འཛད་སྤྱོད་པ་རྣམས་ཀྱིས་ནང་འདྲེན་དངོས་པོ་སྤུས་དག་མང་པོ་ཞིག་གོང་སླ་མོས་ཉོ་ཐུབ་པ་བསྟན་ཡོད། 

རྒན་གསོའི་མ་དངུལ་ཁྱོན་ཡོངས་ལ་ལེགས་པར་སྤྲོད་རྒྱུ་རེད།
          ད་ལོར། ཁེ་ལས་དང་ལས་ཁུངས་ཀྱི་ལས་དོན་སྡེ་ཚན་གྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཆུ་ཚད་སྤྱིའི་ཆ་ནས་5%འཕར་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་རེ་འདུན་ལྟར། ས་གནས་ཁག་གིས་ས་ཁུལ་དེ་གའི་དོན་དངོས་ལ་གཞིགས་ཏེ་ཞིབ་ཕྲའི་ལག་བསྟར་ཇུས་གཞི་འགོད་པ་དང་། 2018ལོའི་ཟླ་5པའི་ཚེས་31ཉིན་གྱི་སྔོན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་སྤྲོད་དགོས།

△དཔྱད་གཞིའི་རི་མོ།
          དེང་སྐབས་ཧྲང་ཧའེ་རྒན་གསོ་མ་དངུལ་ལེགས་སྒྲིག་གི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ཟིན་པ་དང་། ཁེ་ལས་ཀྱི་ལས་འཁྱུར་མི་སྣ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བཅོལ་མི་སྣའི་རྒན་གསོའི་མ་དངུལ་འཕར་སྣོན་བྱུང་བ་ཟླ་5པའི་ཚེས་18ཉིན་ལེགས་པར་སྤྲོད་རྒྱུ་ཡིན་ལ། ལས་ཁུངས་ལས་དོན་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་མ་དངུལ་འཕར་སྣོན་བྱུང་བ་རྣམས་ཟླ་6པའི་ཚེས་20ཉིན་ལེགས་པར་སྤྲོད་རྒྱུ་ཡིན། 
          ལོ་སྨད་དུ་ས་ཁུལ་གཞན་དག་གི་རྒན་གསོ་མ་དངུལ་འཕར་སྣོན་གྱི་ཇུས་གཞི་ཁྱབ་བསྒྲགས་བྱེད་པ་དང་བསྟུན་ནས་རྒན་གསོ་མ་དངུལ་འཕར་སྣོན་བྱུང་བ་རྣམས་ལ་ཡོངས་སུ་ལེགས་པར་སྤྲོད་རྒྱུ་ཡིན་ལ། ལས་འཁྱུར་ངལ་གསོ་མི་སྣས་ལེན་ཐུབ་པའི་དངུལ་ཇེ་མང་དུ་འགྲོ་སྲིད་པས། སྔོན་དཔག་ལྟར་ན་ལས་འཁྱུར་ངལ་གསོ་མི་སྣ་དུང་ཕྱུར་1.14ལ་ཕན་ཁེ་ཐོབ་ཐུབ།

སྡོད་དམངས་ཀྱི་རང་བྱུང་སོལ་རླངས་ཀྱི་“སྡེབ་ཚོང་རིན་གོང་”ལེགས་སྒྲིག་བྱེད་རྒྱུ་རེད།
          རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱིས་ཟླ་6པའི་ཚེས་10ཉིན་ནས་བཟུང་སྡོད་དམངས་ཀྱི་སོལ་རླངས་ས་ཚིགས་ཀྱི་རིན་གོང་ལ་དག་ཐེར་བྱས་ནས་རིན་གོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རེད། མཁོ་སྤྲོད་པ་དང་འཛད་སྤྱོད་པ་ཕྱོགས་གཉིས་ཀྱིས་སྒོ་ཚུགས་རིན་གོང་རྨང་གཞིར་བྱས་ཏེ་ཡར་20%སྤར་ཆོག་པ་དང་མར་ཕབ་པ་ལ་ཚད་གཞི་མི་འཇོག་པའི་ཁྱབ་ཁོངས་ནང་ཞིབ་ཕྲའི་སྒོ་ཚུགས་རིན་གོང་གྲོས་མོལ་བྱས་ནས་སྡོད་དམངས་མ་ཡིན་པའི་རང་བྱུང་སོལ་རླངས་སྤྱོད་པའི་རིན་གོང་གི་ལམ་སྲོལ་བར་འབྲེལ་མཐུད་བྱེད་དགོས།
          བླང་བྱ་ལྟར་ན་སྡོད་དམངས་ཀྱི་སོལ་རླངས་ས་ཚིགས་ཀྱི་རིན་གོང་ལ་དག་ཐེར་བྱས་རྗེས། གལ་སྲིད་2018ལོར་ཕྱིར་འཚོང་གི་གོང་ཚད་འགྱུར་ལྡོག་གཏོང་དགོས་ཚེ། རྩ་དོན་ཐོག་ནས་ཟླ་བརྒྱད་པའི་སྔོན་ལ་འགྱུར་ལྡོག་གི་ལས་ཀ་རྣམས་བསྒྲུབ་ཚར་བར་བྱེད་དགོས།

△དཔྱད་གཞིའི་རི་མོ།
          རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱིས་བསྟན་དོན། ཞིང་ཆེན་སོ་སོས་སྒོ་ཚུགས་རིན་གོང་ལེགས་སྒྲིག་བྱེད་ཚད་མི་འདྲ་བས། དེ་དང་མཐུན་པའི་ས་གནས་སོ་སོའི་ཕྱིར་འཚོང་གི་རིན་གོང་འཕར་ཆག་ཚད་ཀྱང་མི་འདྲ། གྲོང་ཁྱེར་གྲོང་རྡལ་གྱི་གཞིས་མིའི་ཁྱིམ་ཚང་གཅིག་གིས་ཟླ་རེའི་འཚོ་བའི་རང་བྱུང་སོལ་རླངས་སྤྱོད་ཚད་སྨི་གྲུ་བཞི་20ཡིན་ལ། རིན་གོང་ལེགས་སྒྲིག་གི་ཚད་ཆེ་ཤོས་སྨི་གྲུ་བཞི་རེར་སྒོར་0.35ལྟར་བརྩིས་ན། ཟླ་རེའི་འགྲོ་སོང་སྒོར་7གྱིས་ཇེ་མང་དུ་སོང་ཡོད། དེའང་གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བ་སོགས་བརྒྱུད་ནས། དེའི་མ་མཐའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་རྒྱུ་ཡིན།