གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

【སྒྱུར་བཅོས་དང་དྲན་ཐོ།】ཐེམ་ཐོ་དེ་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བ”ནས་“ཞིང་དུད་མིན་པ་ནས་ཞིང་དུད་དུ་བསྒྱུར་བ།”

སྤེལ་དུས 2018-06-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           དེ་ཡང་ལོ་དེར་ང་ཚོ་ཞིང་གྲོང་དུ་མངགས་ནས་དམངས་སྒྲུབ་དགེ་རྒན་བྱེད་པའི་སྐབས་སུ། ཞིང་པ་བགྲེས་སོང་ཁ་ཤས་ཀྱིས་ཕངས་སེམས་ཆེན་པོས་ང་ཚོར་“ཁྱོད་ཚོ་གྲོང་ཁྱེར་གྱི་བྱིས་པ་དག་གྲོང་གསེབ་ལ་སྡུག་མྱོང་དུ་ཡོང་རྒྱུ་ཅི་ལྟར་དྲན་པ་ཡིན་ནམ། སྐྱེ་བ་གསུམ་ལ་ཚོགས་གསོག་ཀྱང་གྲོང་ཁྱེར་ནས་འདུག་རྒྱུ་ནི་དཀའ་མོ་རེད”ཅེས་བཤད། རེད་ཡ། མི་རབས་ནས་མི་རབས་བར་ཞིང་ས་གྲུ་བཞི་ནས་སོ་ནམ་གྱི་ལས་ཀ་བགྱི་བའི་ཞིང་པ་རྣམས་ལ་མཚོན་ན་སྐབས་དེར་གྲོང་ཁྱེར་བ་ཞིག་བྱེད་རྒྱུ་ནི་གནམ་ལ་འཕུར་བ་ལས་ཀྱང་དཀའ་བའི་དོན་ཞིག་རེད། དེའི་རྒྱུ་མཚན་ནི་སྐབས་དེར་གྲོང་གསེབ་དང་གྲོང་ཁྱེར་གྱི་ཧེ་བག་ཆེ་དྲགས་པ་སྟེ། གྲོང་ཁྱེར་ནང་འབྲུ་རིགས་འཆར་གཞི་ལྡན་པར་མཁོ་འདོན་བྱེད་ཅིང་། ཐེམ་ཐོ་ལ་བརྟེན་ནས་དངོས་རྫས་མཁོ་སྤྲོད་བྱེད། ལས་ཀ་བཀོད་སྒྲིག་བྱས་ནས་གཏན་འཁེལ་གྱི་གླ་ཕོགས་ལེན་བཞིན་ཡོད་ལ། སྡོད་ཁང་གི་ཆ་རྐྱེན་ཞན་པའི་མིརལས་ཁུངས་གིས་ད་དུང་ཉལ་ཁང་མཁོ་སྤྲོད་བྱེད། ཡིན་ནའང་འདི་དག་ཚང་མ་ཞིང་པར་ཡོད་པ་མ་རེད།
           ཞིང་པས་ལོ་གཅིག་ལ་དཀའ་བ་སྤྱད་ཀྱང་མཐའ་མཇུག་གཟན་རྩྭ་ཕུད་ཤུལ་དུ་ལྷག་པ་མང་པོ་མེད། སྐབས་དེར་གྲོང་གསེབ་ཀྱི་འཚོ་བ་ལ་ཁ་བྲལ་འདོད་ན། ཁྱེད་ཀྱིས་སློབ་སྦྱོང་བཟང་བོ་བྱས་ཏེ་སློབ་ཆེན་ལ་རྒྱུགས་སྤྲད་ནས་འཕྲོད་ཚེ་གཞི་ནས་ཞིང་གྲོང་གི་སྒོ་ཁར་འབུད་ཐུབ་པ་རེད།
           དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ཏུ་གཞོན་ནུ་ཤེས་ཡོན་ཅན་ཞིང་གྲོང་ནས་གྲོང་ཁྱེར་དུ་ལོག་སྐབས། མི་མང་པོ་ཞིག་གིས་གྲོང་གསེབ་ཀྱི་མཛའ་མོ་དང་སོ་སོ་བྱས། དེའི་རྒྱུ་མཚན་ནི་གྲོང་གསེབ་ནས་ཧ་ཅང་སྐྱོ་ཞིང་གལ་སྲིད་གྲོང་གསེབ་ཀྱི་བུ་མོ་དང་གཉེན་སྒྲིག་ཚེ་ཕྲུ་གུ་བཙས་མ་ཐག་ནས་ཞིང་གྲོང་གི་ཐེམ་ཐོ་ཡིན་(སྐབས་དེར་ཕྲུ་གུའི་ཐེམ་ཐོ་ནི་ཨ་མ་དང་མཉམ་དུ་འཇོག་པ་ཡིན)སྟབས། མི་རབས་རྗེས་མའི་བདེ་སྡུག་གི་ཆེད་དུ་བརྩེ་དུང་ཡང་མི་འདོར་ཐབས་མེད་དུ་གྱུར།
           དུས་རབས་གོང་མའི་ལོ་རབས་དགུ་བཅུའི་སྟོད་དུ་སླེབས་དུས། ཐེམ་ཐོའི་ལམ་ལུགས་དེ་ཅུང་ཙམ་ལྷོད་གཡེང་དུ་སོང་ཡོད། རྫོང་མཁར་འགའ་ཞིག་གིས་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བའི”གནད་དོན་དེ་ཚོང་ར་ཅན་དུ་བསྒྱུར་ནས་རིན་གོང་ག་ཚོད་དགོས་པའང་གསལ་བོར་བཀོད་ཡོད། དེ་ལ་སྒོར་མོ་འདང་ངེས་ཤིག་སྤྲད་ཚེ་གྲོང་གསེབ་ཀྱི་ཐེམ་ཐོ་གྲོང་ཁྱེར་བའི་ཐེམ་ཐོར་བསྒྱུར་ཆོག་པ་རེད།འོན་ཀྱང་བྱེད་ཐབས་འདི་རིགས་ནི་ས་གནས་ཀྱི་འབྲུ་རིགས་སྤ་སེ་ཡིན་པས་ས་དེ་ག་ནས་མ་གཏོགས་ཁས་ལེན་གྱི་མེད། ང་རང་ཡོད་སའི་ཁེ་ལས་དེ་ལ་ཞིང་དུད་ཀྱི་ཐེམ་ཐོ་ཡིན་པའི་སྐབས་འཕྲལ་གླ་བ་ཞིག་ཡོད། མོས་མཛའ་བོ་བཙལ་རྗེས་སྐྱེས་པ་ཚང་གི་ཕ་མས་སྒོར་ཁྲི་1སྤྲད་ནས་“གྲོང་ཁྱེར་གྱི་ཐེམ་ཐོར”བསྒྱུར། སྒོར་ཁྲི་ནི་སྐབས་དེར་ལས་བཟོ་བ་ཞིག་གི་ལོ་རེའི་ཟླ་ཕོགས་ཀྱི་ལྡབ་3ནས་4ཡིན་ཡང་རིན་ཐང་ཡོད་པ་ཞིག་སྟེ། མོས་གྲོང་གསེབ་ཀྱི་ས་ཞིང་དོར་ཡང་གྲོང་ཁྱེར་གྱི་བརྩེ་དུང་ཐོབ་པ་ཡིན་ལ། དེ་བཞིན་བྱིས་པའི་ཐེམ་ཐོའང་གྲོང་ཁྱེར་ནང་དུ་བཀོད། བཟོ་བ་བྱེད་སྐབས་“ཞིང་པ”ཞེས་པའི་ཡིག་འབྲུ་གཉིས་བསུབ་སྟེ་ངོ་སོ་ཡོད་པའི་གྲོང་ཁྱེར་གྱི་གན་རྒྱའི་ལམ་ལུགས་འོག་ཏུ་ཚུད་པ་རེད།
           དུས་ད་ལྟ་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཟིན། སྔོན་ཆད་ཚང་མས་རེ་བ་བྱེད་པའི་ཐེམ་ཐོ་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བ”ལ་སུ་ཡང་སྤྲོ་སྣང་མེད་པར། དེ་ལས་ལྡོག་སྟེ་“ཞིང་དུད་མིན་པ་ནས་ཞིང་དུད་དུ་བསྒྱུར་བ”ཧ་ཅང་དར་བར་གྱུར། སྔོན་ཆད་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་མཁན”སྐོར་ཞིག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་རང་ཉིད་ཀྱི་གྲོང་ཁྱེར་ཐེམ་ཐོ་ཞིང་དུད་ཀྱི་ཐེམ་ཐོར་བསྒྱུར་བ་བརྩོན་ལེན་བྱེད། དེའི་རྒྱུ་མཚན་གང་ལགས་ཤེ་ན། ད་ལྟའི་ཞིང་བ་རྣམས་ཀྱི་འཚོ་བ་ནི་གྲོང་ཁྱེར་བའི་མན་ཆད་ལ་ལྷུང་མེད་ལ་གྲོང་གསེབ་ཁ་ཤས་ནས་གྲོང་ཁྱེར་ལས་ཀྱང་སྐྱིད་པས། “ཞིང་དུད་མིན་པ་ནས་ཞིང་དུད་དུ་བསྒྱུར་བའང་”ཧ་ཅང་དཀའ་བར་གྱུར་ཡོད།
           ངའི་འགྲམ་དུ་གྲོང་ཁྱེར་ནང་ལས་གཉེར་བྱེད་པའི་ཞིང་པ་སྐོར་ཞིག་ཡོད། གྲོང་ཁྱེར་དུ་གཞིས་ཆགས་པའི་སྐོར་གླེང་སྐབས་ཚང་མས་མགོ་བོ་གཡུག་གཡུག་བྱེད། ད་ལོར་ལོ་ན་39ལ་སླེབས་པའི་ཞིང་པ་ཞའོ་དབྱང་གིས་གྲོང་ཁྱེར་ནས་འབད་བརྩོན་བྱས་ཏེ་ལོ་ངོ་10ལྷག་འདས་པས་ལག་ཡོང་ཡང་མི་ཉུང་བ་ཞིག་ཡོད། སྤྱིར་ན་གྲོང་ཁྱེར་ནས་ཁང་པ་ཞིག་ཉོས་ཏེ་ཁྱིམ་མི་ཡོངས་ཀྱི་ཐེམ་ཐོ་གྲོང་ཁྱེར་ལ་བསྒྱུར་སྙམ་ཡང་། ད་ཆ་བསམ་ན་འདོད་པ་དེ་གཏན་ནས་མེད་པར་གྱུར། ཁོང་གིས་བཤད་རྒྱུར། “ངས་བསམ་ན་གྲོང་གསེབ་ནས་བསྡད་ན་ཡག་པོ་འདུག ཁ་དབུགས་གཙང་ཞིང་། ཁ་ཟས་ཀྱང་སྔོ་ཚལ་གསར་པ་རང་གིས་བཏོག་ནས་ཟ་ཐུབ། གྲོང་ཚོའི་གཞུང་ལམ་ཁྱིམ་གྱི་སྒོ་མདུན་དུ་ཞིག་གསོ་བྱས་ཡོད་པས་འགྲིམ་འགྲུལ་སྟབས་ཤིན་ཏུ་བདེ། ཉིན་ལྟར་རང་བྱུང་དབྱང་རླུང་གི་ནང་དུ་འཚོ་བ་རོལ་ཆོག་ལ་སྦགས་བཙོག་གང་ཡང་མེད།མཉམ་ལས་སྨན་བཅོས་ལོ་གཅིག་ལ་སྒོར་30སྤྲད་ཆོག་པ་གྲོང་ཁྱེར་བ་རྣམས་ལས་སྒོར་80ཡིས་ཉུང་། (མཆན། ས་གནས་དེ་གའི་གཞིས་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་སྤྲོད་ཚད་ནི་སྒོར་110ཡིན།)འགྲོ་སོང་རྩིས་ཞུའི་བསྡུར་ཚད་གཅིག་པ་གཅིག་རྐྱང་ཡིན།” ན་ནིང་ཁོང་གི་བྱིས་པ་སྨན་ཁང་ནང་སོང་ནས་གཤག་བཅོས་བྱས་པར་བསྡོམས་པས་སྒོར་ཁྲི་4བཀོལ་བ་དང་། དེ་མ་ཐག་སྒོར་ཁྲི3ལྷག་ཙམ་རྩིས་ཞུ་གནང་སོང་། དོན་འདི་ལྟ་བུ་སྔོན་ཆད་ཡིན་ཚེ་སྟོང་བསམ་ཁོ་ན་ཙམ་ཡིན།
           གྲོང་གསེབ་ཀྱི་དགེ་མཚན་དེ་རྣམས་བསམ་བཞིན། ཞའོ་དབྱང་གིས་གྲོང་ཁྱེར་ནས་འཚོ་བ་རོལ་རྒྱུའི་བསམ་འདུན་མེད་པར་གྱུར། ཁོང་གིས་ཕ་ཡུལ་གྱི་ཁང་པ་ཞིག་གསོ་བཟང་པོ་ཞིག་བྱས་རྗེས་གྲོང་གསེབ་ནས་ཡུན་རིང་ལ་འདུག་རྩིས་བྱས། གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་ནས་ཚོང་ལས་གཉེར་བཞིན་པའི་ཝུའུ་རྒན་མོས་བཤད་རྒྱུར། ད་ནང་ཁོང་མོའི་འབྲུ་རིགས་ཁ་གསབ་མུའུ་གཅིག་ལ་སྒོར་50སྤྲད་པ་དང་ད་ལོར་འཕར་སྣོན་བྱུང་ནས་སྒོར་60ལ་སླེབས་འདུག་ཟེར།གཞན་ཡང་སོན་བཟང་ཁ་གསབ་དང་ཞིང་ཆས་ཁ་གསབ་སོགས་ཀྱང་ཡོད། དེ་དང་དུས་མཚུངས་སུ་ཞིང་བ་རྣམས་ཀྱིས་གྲོང་ཁྱེར་བས་ལོངས་སུ་སྤྱོད་མི་ཆོག་པའི་གཟིགས་སྐྱོང་སྲིད་ཇུས་དང་དཔལ་འབྱོར་གྱི་ཁེ་ཕན་མི་ཉུང་བ་ཞིག་ལོངས་སུ་སྤྱོད་ཐུབ་པ་དང་། ཡོངས་སུ་ཁྱབ་པའི་ས་ཞིང་འགན་གཙང་ལེན་དང་། ས་བསྡུའི་གསབ་དངུལ། གཞིས་ས་རེ་ཞུ་སོགས་ལས་གཞན། ཁོང་ཚོའི་ཐུན་མོང་དཔལ་འབྱོར་ཆ་རྐྱེན་ཅུང་བཟང་པའི་གྲོང་ཚོ་ནས་ད་དུང་འཚོ་བའི་གསབ་དངུལ་དང་། སློབ་གསོའི་གསབ་དངུལ། རྒན་གསོའི་ཁ་གསབ་སོགས་ཀྱི་རོགས་སྐྱོར་རབ་དང་རིམ་པ་ཞིག་ཡོད། དེ་བས་མོས་“ད་ཆའི་སྲིད་ཇུས་ནི་གྲོང་གསེབ་ལ་ཕྱོགས་ཤིང་གྲོང་ཁྱེར་གྱི་ཐེམ་ཐོ་ཟེར་བ་དེ་འདྲ་ཞིག་ང་ལ་སྤྲད་ཀྱང་བརྗེ་འདོད་མེད”ཅེས་བཤད།
           ད་རུང་གྲོང་གསེབ་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་ཆེན་པ་སྐོར་ཞིག་གིས་གྲོང་གསེབ་ཀྱི་ཐེམ་ཐོ་དེ་གྲོང་ཁྱེར་དུ་བསྒྱུར་འདོད་མེད། རང་ཁྱིམ་གྲོང་ཁྱེར་ཉེ་འདབས་སུ་ཡོད་པའི་ཧྲན་ཧྲན་གྱིས་ན་ནིང་ནན་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། ཐེམ་ཐོ་དེ་ནན་ཅིང་དུ་བསྒྱུར་དགོས་སམ་མི་དགོས་གྲོས་བྱེད་སྐབས། ཧྲན་ཧྲན་གྱིས་མིན་ཞེས་ལན་བཏབ་པ་རེད། ཧྲན་ཧྲན་གད་མོ་དགོད་བཞིན་དུ་བཤད་རྒྱུར།ད་ལྟ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པ་ཧ་ཅང་ལེགས་པས་ཐེམ་ཐོ་ཡང་གྲོང་གསེབ་ཏུ་ཡོད་ན་བཟང་། དོན་དངོས་སུ་ཐེམ་ཐོ་སྤོར་རམ་མི་སྤོར་དེ་རྗེས་ཕྱོགས་ལས་ཀ་བཙལ་བ་དང་མཛའ་གྲོགས་སྒྲིག་པར་ཤུགས་རྐྱེན་ཅི་ཡང་བཟོ་མི་སྲིད། དོན་དངོས་ཐོག་ཧྲན་ཧྲན་ལྟར་ཐེམ་ཐོ་མི་བསྒྱུར་པའི་གྲོང་གསེབ་ཀྱི་སློབ་མའང་མི་ཉུང་བ་ཞིག་མཆིས་པ་རེད།སྤྱི་བདེ་ཅུས་ནང་ལས་ཀ་ཡོད་པའི་གྲོགས་པོ་ཞིག་གིས་བཤད་རྒྱུར།ཉེ་བའི་ལོ་ཤས་རིང་ཡུལ་དེ་གའི་གྲོང་ཚོ་གྲོང་རྡལ་གྱི་ཐེམ་ཐོ་བསྒྱུར་བའི་གྲངས་འབོར་ཇེ་ཉུང་དུ་མང་པོ་སོང་འདུག ལོ་ལྟར་སློབ་ཆེན་གྱི་སློབ་མ་གསར་པའི་ནང་ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བའི་མི་གྲངས་ནི་5%ཡས་མས་མ་གཏོགས་མེད། ལྷག་པར་དུ་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་གྲོང་ཚོ་ནས་ཐེམ་ཐོ་མི་སྤོ་བ་ནི་ཐུན་མོང་གི་ལྟ་ཚུལ་ཞིག་ཏུ་ཆགས་འདུགཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཆིང་ཧྭ་སློབ་ཆེན་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གཞི་གྲངས་ལྟེ་གནས་སོགས་ཀྱི་ལས་ཁུངས་ཀྱིས་བརྟག་དཔྱད་གནང་བ་ལས་མངོན་པ་ལྟར་ན། འདས་ཟིན་པའི་ལོ་ངོ་40ཡི་ནང་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བའི”བསྡུར་ཚད་བརྒྱ་ཆའི་གཞི་གྲངས་8ལའང་འཕར་མི་ཐུབ་པར་ཐེམ་ཐོ་བསྒྱུར་བ་དེ་མཚམས་ཆད་ནས་ཡོད་ཟེར།
རི་མོ་ནི་བོད་ལུགས་ཁྱད་ཆོས་ལྡན་པའི་དེང་རབས་ཐོག་ཁང་དེ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ཕོ་ལྷ་གྲོང་ཚོའི་དབུལ་སྐྱོར་གནས་སྤོའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་ལ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་སྒང་ཡིན་པ་རེད།
           ཐེམ་ཐོ་དེ་“ཞིང་དུད་ནས་ཞིང་དུད་མིན་པར་བསྒྱུར་བ”ནས་“ཞིང་དུད་མིན་པ་ནས་ཞིང་དུད་དུ་བསྒྱུར་བ”སྟེ། ཐེམ་ཐོའི་འགྱུར་ལྡོག་ནི་ང་ཚོ་དང་གཅིག་ལ་གཅིག་བརྟེན་ཞིག་ཡིན། མ་འོངས་གྲོང་གསེབ་ཀྱི་མདུན་ལྗོངས་བསམ་ན་ང་ལ་ཡིད་ཆེས་བརྟན་པོ་ཡོད་པ་ནི།གྲོང་གསེབ་ཀྱི་ཐེམ་ཐོའི་བདུད་རྩི་སིལ་མ་འདི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ནས་རོ་མངར་དྲི་ཞིམ་གྱིས་གང་སར་ཁྱབ་འགྲོ་ངེས་རེད་སྙམ།