གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་ཅིན་ཕིང་གིས་སྲོལ་རྒྱུན་རིག་གནས་གླེང་བ།

སྤེལ་དུས 2018-06-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༨ཉིན་ནི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་ཡིན་པ་དང་། ཀྲུང་གོའི་སྲོལ་རྒྱུན་གོམས་སྲོལ་ཁྲོད། འབྲུག་གྲུ་གཏོང་བ་དང་། འབྲས་ཆན་ཟ་བ། བྲག་སྤོས་ཀྱི་ཁུ་བས་གཟུགས་པོ་འཁྲུ་བ་སོགས་ནི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་མཚོན་རྟགས་གཙོ་བོ་ཡིན་པ་རེད། སྤྱི་ལོ་༢༠༠༩ལོའི་ཟླ་༩པར། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུག་བཞག་ནང་ཚུད་པའི་ཀྲུང་གོའི་དུས་ཆེན་ཐོག་མ་དེར་གྱུར་ཡོད། ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་པ་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་འདི་དག་ནང་ཚོགས་ར་མང་པོ་ཞིག་ལ་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་བསམ་བློ་དང་རིག་གནས་སྐོར་གླེང་ཡོད་པ་དང་། ཁོང་གི་གལ་ཆེའི་གསུང་བཤད་དང་རྩོམ་ཡིག་རབ་དང་རིམ་པའི་ནང་ལ་ཡང་རྟག་ཏུ་ལུང་འདྲེན་ཁུངས་སྐྱེལ་གནང་གི་ཡོད་པས། གསོན་ཉམས་ལྡན་ལ་སྣང་ངོར་ཇི་མ་ཇི་བཞིན་དུ་ཤར་ཐུབ་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་ཀྱི་འོད་མདངས་འཚེར་བཞིན་ཡོད། གཤམ་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པར་བསྐྱར་དུ་སློབ་སྦྱོང་ཞུ་རྒྱུ་ཡིན། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་དམིགས་བསལ་ཇུས་འགོད་ལེ་ཚན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་རིག་གནས་གླེང་བར་གསོན་དང་ཞེས་པ་ཞུ་རྒྱུ་ཡིན།
          ཞི་ཅིན་ཕིང་གི་ཐུགས་སུ་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ལ་ལོ་རྒྱུས་ཀྱི་ཤུགས་རྐྱེན་དང་དངོས་ཡོད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། ལོ་ངོ་༢༠༠༠གོང་དུ། ཀྲུང་གོར་མཁས་བརྒྱ་འགྲན་གླེང་གི་སྣང་ཚུལ་འཁྲུག་པོ་ཐོན་ཡོད་པ་དང་། ལའོ་ཙེ་དང་། ཁུང་ཙེ། མོའོ་ཙེ་ལ་སོགས་པའི་བསམ་བློ་མཁས་པས་གནམ་རིས་སྐར་རྩིས་དང་ས་ཁམས་ལ་སོགས་པར་ཞིབ་འཇུག་གནང་བ་དང་། མི་དང་མིའི་བར་གྱི་འབྲེལ་བ་དང་། མི་དང་སྤྱི་ཚོགས་བར་གྱི་འབྲེལ་བ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་དོན་སྙིང་ལ་དཔྱད་བསྡུར་རྒྱ་ཆེར་གནང་ནས། མཁྱེན་རྒྱ་ཡངས་པའི་བསམ་བློའི་མ་ལག་ཅིག་བཏོན་ཡོད། ཁོང་ཚོས་བཏོན་པའི་འདུ་ཤེས་མང་པོ་ཞིག་གིས་ད་ལྟ་ཡང་སྔར་བཞིན་ཀྲུང་གོ་བའི་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། སྤྱི་ལོ་༢༠༡༤ལོའི་ཟླ་༤པར། ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་པུ་ལུ་རི་ཡོ་རོབ་གླིང་སློབ་གླིང་དུ་གཏམ་བཤད་སྤེལ་སྐབས། ཀྲུང་གོ་བས་འཛམ་གླིང་ལ་ལྟ་སྟངས་དང་། སྤྱི་ཚོགས་ལ་ལྟ་སྟངས། མི་ཚེར་ལྟ་སྟངས་བཅས་ལ་རང་ཉིད་ཀྱི་ཐུན་མིན་རིན་ཐང་མ་ལག་ཡོད། ཀྲུང་གོ་བའི་ཐུན་མོང་མ་ཡིན་ལ་ཡུན་རིང་བའི་བསམ་བློའི་འཇིག་རྟེན་གྱིས་ཀྲུང་གོ་བར་མི་རིགས་ཀྱི་ཡིད་ཆེས་ཤུགས་ཆེན་སླེབས་ཀྱི་ཡོད་ལ། རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཀྱང་གསོ་སྤེལ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
          ལོ་རྒྱུས་ཀྱི་ལྟ་ཕྱོགས་ནས་བལྟས་ཚེ། ཀྲུང་གོའི་སྲོལ་རྒྱུན་གྱི་བསམ་བློའི་རིག་གནས་ནང་གི་ཕུལ་བྱུང་གྲུབ་ཆས་ཀྲུང་ཧྭ་ཡི་ཤེས་དཔལ་གྲུབ་པ་མ་ཟད་ལོ་ངོ་སྟོང་ཕྲག་ཁ་ཤས་རྒྱུན་འཛིན་དང་གོང་འཕེལ་ཐུབ་ནས་བར་མཚམས་ཆད་མེད་ཅིང་། དེས་ཀྲུང་གོས་མཐུན་སྒྲིལ་དང་གཅིག་གྱུར་གྱི་ཆབ་སྲིད་གནས་བབ་ཆགས་པ་དང་དེར་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོའི་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་ཚང་ཆེན་མོ་ཆགས་པ་དང་བརྟན་དུ་གཏོང་བ། ཀྲུང་ཧྭ་ཡི་མི་རིགས་སྙིང་སྟོབས་ཆགས་པ་དང་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཧྭ་བུ་ཕྲུག་གིས་མི་རིགས་རང་བཙན་ལ་སྲུང་སྐྱོབ་དང་། ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་རྒོལ་ལན་སློག་པ། ཀྲུང་གོའི་སྤྱི་ཚོགས་གོང་འཕེལ་ཡར་རྒྱས་ལ་སྐུལ་འདེད། ཀྲུང་གོའི་སྤྱི་ཚོགས་ཁེ་ཕན་དང་སྤྱི་ཚོགས་འབྲེལ་བ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཚང་མའི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད། ཞི་ཅིན་ཕིང་གིས་རུའུ་ལུགས་ཀྱི་བསམ་བློའི་འབྱུང་ཁུངས་དང་གོང་འཕེལ་སྐོར་ལ་རྒྱས་བཤད་གནང་སྐབས། རུའུ་ལུགས་ཀྱི་བསམ་བློ་ནི་ཀྲུང་ཧྭ་མི་རིགས་གྲུབ་པ་དང་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ཁྲོད་ཐོན་པའི་བསམ་བློ་རིག་གནས་ཀྱི་ལམ་བུ་གཞན་ཞིག་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་འབད་འཐབ་ཁྲོད་སྤེལ་བའི་བསམ་བློའི་བྱེད་སྒོ་དང་། སྟངས་འཛིན་གྱི་བསམ་བློ་གཏོང་སྟངས། གསར་གཏོད་བྱེད་པའི་རིག་གནས་ཀྱི་གྲུབ་འབྲས་བཅས་བཀོད་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་བློའི་འཚོལ་རྙེད་མངོན་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་མི་ཉམས་པར་གོང་འཕེལ་སྟོབས་ཆེར་འགྲོ་བའི་འཚོ་བཅུད་གལ་ཆེན་ཞིག་ཡིན་ཞེས་གསུངས་མྱོང་ཡོད་པ་རེད།
          ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། དེང་རབས་མིའི་རིགས་ལ་མངོན་གསལ་དོད་པའི་དཀའ་གནད་མང་པོ་ཞིག་འཕྲད་སྐབས། ཐག་གཅོད་བྱེད་པར་མིའི་རིགས་ཀྱི་ད་ལྟའི་ཤེས་རྟོགས་དང་གོང་འཕེལ་གྱི་བློ་གྲོས་དང་སྟོབས་ཤུགས་དགོས་པ་མ་ཟད། ད་དུང་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གསོག་འཇོག་དང་སོར་ཉར་བྱས་པའི་བློ་གྲོས་དང་སྟོབས་ཤུགས་ཀྱང་བཀོལ་སྤྱོད་བྱེད་དགོས། ཞི་ཅིན་ཕིང་གིས། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་རིག་གནས་ཀྱི་བསམ་བློ། སློབ་གསོས་བློ་འགུག་པའི་བསམ་བློ། ཀུན་སྤྱོད་འདུ་ཤེས་སོགས་ཀྱིས་མི་རྣམས་ནས་འཛམ་གླིང་ལ་ངོས་འཛིན་དང་བསྒྱུར་བཀོད་བྱ་རྒྱུར་བློ་སྒོ་ཡག་པོ་འབྱེད་ཐུབ་པ་དང་། རྒྱལ་སྐྱོང་སྲིད་འཛིན་བྱ་རྒྱུར་བློ་སྒོ་ཡག་པོ་འབྱེད་ཐུབ་ལ། ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུར་ཡང་བློ་སྒོ་ཡག་པོ་འབྱེད་ཐུབ་ཅེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གི་གསུང་བཤད་དང་ལྗགས་རྩོམ་རབ་དང་རིམ་པའི་ནང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡངས་ཤིང་ཟབ་པའི་བློ་རིག་བཀྲག་མདངས་འཚེར་ཞིང་། ཁོང་གིས་རྒྱུན་དུ་ནས་གཏམ་དཔེ་སྣ་ཚོགས་གླེང་ཞིང་། ལྷ་སྒྲུང་མི་སེམས་འགུལ་བ་བེད་སྤྱོད་གནང་གི་ཡོད། ད་ལོའི་སྤྱི་ཟླ་༥པའི་ཚེས་༢ཉིན། ཞི་ཅིན་ཕིང་གིས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་མ་གཞོན་ནུ་དང་སྤེལ་རེས་གནང་བའི་སྐབས་སུ། ཁོང་རང་ཉིད་རིག་གཞུང་དང་། ལོ་རྒྱུས་ལ་ཐུགས་མཉེས་པོ་ཡོད་པས། གཏམ་དཔེ་ཞིག་བེད་སྤྱོད་ཡག་པོ་གཏོང་བའི་ཆེད་དུ། རྒྱུན་དུ་ནས་ཚིག་མཛོད་མང་པོ་གཟིགས་པ་དང་། དོན་དེའི་གོ་དོན་ཟབ་པར་མཁྱེན་འདོད་གནང་གི་ཡོད་ཅེས་བསྟན་གནང་ཡོད་པ་རེད། 
          ཁོང་གིས། ང་རང་རུ་ཁག་ཏུ་ཞུགས་སྐབས། ངའི་གཡས་གཡོན་གྱི་སློབ་མ་ཁག་ཅིག་རིག་གནས་ཆུ་ཚད་མཐོ་བས། ཚང་མས་རྒྱུན་དུ་ནས་མཉམ་དུ་བསྡད་དེ་གྲོས་བསྡུར་བྱེད་ཀྱི་ཡོད། སློབ་མ་ཁག་ཅིག་གིས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱ་སྐབས་གཏམ་དཔེ་དང་དཔེ་མཚོན་དོན་དག་མང་པོ་ཞིག་ལས་སླ་པོའི་སྒོ་ནས་གླེང་ཐུབ་ཀྱི་འདུག དོན་དེས་རིག་གཞུང་དང་ཤེས་བྱ་ཡོན་ཏན་ནི་བཤད་པ་ཙམ་མིན་པར། དོན་དངོས་དང་འབྲེལ་བ་བྱས་ཏེ། ཤེས་པ་དང་ཉམས་ལེན་གཅིག་མཚུངས་དགོས་པ་དང་། ཞིབ་འཇུག་མཐའ་དཔྱོད་བྱེད་ཅིང་། སྦྱངས་ནས་བེད་སྤྱོད་ཐུབ་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་། དེར་བརྟེན་ཕྱིས་སུ་ངས་དཔེ་དེབ་བལྟ་སྐབས་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། 
          ༼  སྲིད་སྐྱོང་ཀུན་གསལ་མེ་ལོང་ ༽ ནས་༼  ཐང་ཐའེ་ཙུང་དུས་ཀྱི་སྲིད་དོན་ ༽ ཞེས་པ་དང་། རྒྱའི་སྙན་ངག་གི་གཞུང་༼ཧྲེ་ཅིང་༽ནས་༼གནའ་རབས་སྙན་ངག་གི་གཞུང་།༽ དེ་ནས་༼མི་ཡུལ་གི་སྙན་ཚིག་དཔྱད་གཏམ་༽བཅས་མདོར་ན། ཞི་ཅིན་ཕིང་གིས་གཟིགས་པའི་དཔེ་དེབ་ནང་ཀྲུང་ཧྭ་ཡི་སྲོལ་རྒྱུན་གསུང་རབ་དང་གྲགས་རྩོམ་འབོར་ཆེན་ཡོད། སྤྱི་ལོ་༢༠༡༤ལོའི་ཟླ་བ་༡༠པའི་ནང་། ཞི་ཅིན་ཕིང་གིས་པེ་ཅིང་དུ་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་སྐབས། ཁྲེང་ཞིའི་ཟློས་གར་གྱི་གྲགས་ཅན་འཁྲབ་སྟོན་པ་ཧྲེང་ཁྲང་རུང་གིས་རང་ཉིད་ཀྱིས་༼ཚའོ་ཚའོ་དང་ཡང་ཤིའུ་༽དང་། ༼ཐང་ཐའེ་ཙུང་དུས་ཀྱི་དར་རྒྱས་དུས་རབས་༽ ༼གཞུང་དྲང་དཔོན་པོ་ཡུས་ཁྲེང་ལུང་༽བཅས་ཀྱི་གསར་རྩོམ་ལག་ལེན་སྐོར་དང་ཟུང་འབྲེལ་གནང་ནས། རིག་གཞུང་སྒྱུ་རྩལ་ནི་གཟིགས་མོ་བར་སྒྱུ་རྩལ་གྱི་ལོངས་སྤྱོད་འབུལ་དགོས་པ་མ་ཟད། ད་དུང་དོན་དངོས་འཚོ་བ་དང་བསྟུན་ནས་བློ་སྒོ་འབྱེད་པའི་ནུས་པ་ལྡན་དགོས་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས།
          གནའ་དཔེ་དེང་ལ་སྤྱོད་པ་དང་། གནའ་དཔེའི་ཐོག་ནས་དེང་དུས་མཚོན་དགོས། ཁྱེད་ཀྱིས་ད་གིན་གླེང་གནང་བའི་༼ཐའེ་ཐའེ་ཙུང་དུས་ཀྱི་དར་རྒྱས་རྒྱལ་རབས་༽དང་། ༼གཞུང་དྲང་དཔོན་པོ་ཡུས་ཁྲེང་ལུང་༽གཉིས་ཀ་ངས་བལྟ་མྱོང་། དོན་དངོས་ཀྱི་དམིགས་སའི་རང་བཞིན་ཆེན་པོ་ཡོད་པས། བློ་སྒོ་འབྱེད་པ་དང་དྲན་སྐུལ་བྱེད་པའི་ནུས་པ་ཐོན་པའི་ཚོར་སྣང་བྱུང་། ཁྱེད་རྣམས་ཀྱིས་མུ་མཐུད་ནས་དོན་དེའི་ཐད་འབད་བརྩོན་གནང་རྒྱུར་ངས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་ཕུགས་བསམ་དང་འབད་འཐབ་ནི། ཀྲུང་གོའི་མི་དམངས་ཀྱི་རིན་ཐང་ལྟ་བ་དང་བསམ་པའི་འཇིག་རྟེན་ཡིན། དེ་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ས་རྒྱུ་གཤིན་པོའི་ཐོག་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་པ་ཞིག་རེད་ལ། དུས་མཚུངས་སུ་ལོ་རྒྱུས་དང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་དུས་བསྟུན་ཡར་རྒྱས་བྱུང་བ་ཞིག་ཡིན་ཞེས་ནན་སྟོན་གནང་བ་དང་།
          ཁོང་གིས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བསམ་བློའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་མི་རབས་ནས་མི་རབས་བར་ཐོན་སྐྱེད་དང་འཚོ་བའི་ཁྲོད་གྲུབ་པ་དང་རྒྱུན་འཛིན་བྱས་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། མཛེས་ཆོས་ལྟ་བ་སོགས་ཡིན། དེའི་ཁྲོད་ཆེས་སྲོག་ཤིང་གི་ནང་དོན་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རྨང་གཞིར་འགྱུར་བའི་རིག་གནས་ཀྱི་གཞི་རྒྱུར་འགྱུར་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱིས་རང་གཅུན་དང་། ཁྱིམ་སྐྱོང་། རྒྱལ་སྐྱོང་། གནམ་འོག་སྐྱོང་བ་དང་། དུས་ཀྱི་ཆོས་ཉིད་དང་བསྟུན་ནས་ཐོབ་ཐང་དང་གོ་གནས་སྲུང་བ། ཆོས་ཉིད་རྟོག་ཐབས། ཆོས་ཉིད་དང་བསྟུན་ནས་བྱ་བ་སྒྲུབ་པ། བྱས་རྗེས་འཇོག་པ་བཅས་ཀྱི་བརྒྱུད་རིམ་ནང་རིན་བཞིན་ཆགས་པའི་མི་རིགས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་མཚོན་རྟགས་ཤིག་ཡིན་ཞེས་བསྟན་གནང་ཡོད།
          དུས་རབས་༢༡པར་སླེབས་པའི་དེ་རིང་། ལོ་ངོ་སྟོང་ཕྲག་དུ་མའི་ནང་མིའི་རིགས་ཀྱིས་གསོག་འཇོག་བྱས་པའི་སྟངས་འཛིན་ཤེས་བྱ་དང་ལག་ལེན་གྱི་ཤེས་ཡོན་དེ་ཉིད་སྔར་བཞིན་མིའི་རིགས་ཀྱི་གསར་སྐྲུན་རང་བཞིན་གྱི་འཕེལ་འགྱུར་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་ཡིན། སྤྱི་ལོ་༢༠༡༤ལོའི་ཟླ་བ་༣པའི་ནང་། ཞི་ཅིན་ཕིང་གིས་ཕ་རི་སིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཏུ་སྲོལ་རྒྱུན་རིག་གནས་དང་ཀྲུང་གོའི་ཕུགས་འདུན་འགྲེལ་བཤད་ཞིབ་ཕྲ་བསྐྱོན་ཡོད་པ་རེད།
          ཁོང་གིས་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ནང་། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས། ཀྲུང་ཧྭ་ཡི་དཔལ་ཡོན་གསར་སྐྲུན་རང་བཞིན་བརྗེ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ་དང་། དེའི་གསོན་ཤུགས་འཕེལ་ཐབས་བྱས་ཤིང་། དུས་དང་གནས་ལས་བརྒལ་ཞིང་། རྒྱལ་མཚམས་ལས་སྒྲོལ་བ། བསྐལ་བརྒྱའི་ཡིད་དབང་འཕྲོག་ཤུགས་ལྡན་པ། དེང་རབས་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་བསམ་བློ་དར་སྤེལ་བཏང་ནས། ཀྲུང་ཧྭ་ཡི་དཔལ་ཡོན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་སྐྲུན་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་དཔལ་ཡོན་ལྷན་ཅིག་ཏུ། མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་དང་བསམ་པའི་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་ཡོད་པ་རེད།