གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲོན་ཆུང་བསྲི་ཚགས་བྱེད་མཁན་ཁྱིམ་འཛིན་མ་ཚེ་གཡང་།

སྤེལ་དུས 2018-06-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། བསྟན་འཛིན་བཟང་མོས་བསྒྱུར།
                  
འདི་ནི་རྒན་མོ་ཚེ་གཡང(དཀྱིལ)གི་ནང་མི་ལྷན་འཛོམས་ཀྱི་དྲན་རྟེན་པར་ཡིན་པ།
                རྒན་མོ་ཚེ་གཡང་ལ་གོམས་གཤིས་ཤིག་ཡོད་པ་ནི་ཕྲུ་གུ་ཚོ་དང་མཉམ་དུ་འཚོ་བའི་འགྲོ་གྲོན་རྩིས་རྒྱག་རྒྱུར་དགའ་པོ་ཡོད་པ་དེ་རེད། ཉིན་འགའ་ཤས་ནང་བུའི་མནའ་མས་ཁོང་ལ་ཁྱིམ་གྱི་དངུལ་དང་འབྲུ་རིགས་ཀྱི་གནས་ཚུལ་ཞུ་བ་དང་ལྷག་པར་འབྲུ་རིགས་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད།
                རྒན་མོ་ཚེ་གཡང་གིས་དྲན་གསོ་བྱས་པ་ལྟར་ན། བོད་རྙིང་པའི་སྐབས་སུ་ཚེ་གཡང་ཆུང་བྱིས་པའི་དུས་ནས་གཡོག་མོ་ཞིག་བྱེད་དགོས་བྱུང་བ་རེད། རྒན་མོ་ཚེ་གཡང་གིས་འགོ་པ་གུར་ཆེན་པོའི་ནང་གཡོག་མོ་བྱེད་པའི་སྐབས་སུ་ཚོ་པར་འབྲོག་དུད་20ལྷག་ཙམ་ཡོད་པ་རེད། དེ་རྗེས་ལོ་འགའ་ཤས་ལས་མ་སོང་བར་ཚོ་པ་དང་ཁྱིམ་མཚེས་ཀྱི་ཚོ་པ་གཞན་ཞིག་དབར་རྩྭ་ཆུ་འཛོམས་པའི་རྩྭ་ར་ཞིག་གི་དོན་དུ་འགལ་ཟླ་བྱུང་བ་དང་ཚེ་གཡང་ཁོངས་གཏོགས་ཀྱི་ཚོ་པ་ཕམ་པ་མ་ཟད། ཚོ་པའི་སྔར་ཡོད་ཀྱི་རྩྭ་ར་ཡང་ཤོར་ནས་ཕྱིར་འབུད་བྱས་པས། འགོ་པས་ལྷག་མར་ལུས་པའི་འབྲོག་དུད་བཅུ་གྲངས་འཁྲིད་ནས་རྒྱ་ལུང་དུ་གཞིས་ཆགས།
                རྒན་མོ་ཚེ་གཡང་གིས་དྲན་གསོ་བྱས་ནས་བཤད་པར། ཚོ་པའི་འགོ་པ་ནི་མགོ་སྒུར་མི་འདོད་པར་རང་ཉིད་ཀྱི་ཚོ་པ་སླར་གསོ་བྱ་འདོད་ཆེན་པོ་ཡོད་པ་རེད། དེས་ན། ཁོང་གིས་ཕྱུགས་ཁྱུ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བཏང་སྟེ་མཚོན་ཆ་ཉོ་རྒྱུར་སྤྱོད་ཀྱི་ཡོད། ཚོ་པའི་འགོ་པས་ད་དུང་རང་གི་ཉེ་འགྲམ་གྱི་གཡོག་པོ་ཚང་མ་རྩྭ་རའི་ཐོག་ཕྱུགས་འཚོ་བར་བཏང་བ་དང་ཆབས་ཅིག་འབྲོག་དུད་གསར་པའང་བཙུགས་ཤིང་། ཚེ་གཡང་དང་བཟའ་ཟླའང་སྐབས་དེ་དུས་ཁྱིམ་ཐབ་བཙུགས་པ་རེད།
               སྐབས་དེར་ཁྱིམ་གྱི་གུར་ཚང་མ་འགོ་པའི་ཡིན་པ་དང་འབྲུ་རིགས་ཀྱང་འགོ་པས་གཅིག་གྱུར་ཐོག་བགོ་བཤའ་རྒྱག་གི་ཡོད་ཅིང་། སྤྲོད་མང་ཉུང་ནི་འགོ་པའི་སེམས་པ་སྐྱིད་ལོས་ལ་ཐུག་ཡོད། དེར་བརྟེན་ཚེ་གཡང་གི་རྨོའོ་ལགས་ཀྱིས་ཁྱིམ་ནང་ཉར་ཚགས་བྱས་པའི་འབྲུ་རིགས་ལ་ལྷག་པར་དུ་དོ་སྣང་བྱས་ནས་རྟག་ཏུ་ཞིབ་བཤེར་བྱ་རྒྱུ་མི་བརྗེད་པ་བྱེད་ཀྱི་ཡོད།
               ཉིན་ཞིག་རྨོའོ་ལགས་ཀྱིས་ཁོང་ལ་རྩིས་སྤྲད་པའི་འབྲུ་རིགས་གསོག་འཇོག་བྱས་ཚུལ་ལ་བལྟ་རྒྱུའི་དོན་དག་གཏིང་བརྗེད་དུ་སོང་ཁར། འགོ་པ་གནད་དོན་གང་ཞིག་གིས་རྐྱེན་པས་ཁོང་ཁྲོ་ལངས་ཏེ་ཉིན་ཤས་བསྟུད་མར་རྩྭ་རར་འབྲུ་རིགས་སྐྱེལ་མཁན་བཏང་མེད་པས་ནང་མི་ཚང་མ་ཉིན་ཁ་ཤས་གྲོད་པ་སྟོང་པར་ལུས་པ་ཚེ་གཡང་གིས་དུས་ད་ལྟའང་གསལ་པོར་དྲན་གྱི་ཡོད།
               དུས་དེ་ནས་བཟུང་རྒན་མོ་ཚེ་གཡང་ལ་གོམས་གཤིས་དེ་འཇགས་པ་མ་ཟད་ཚེ་གང་རིང་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ད་ཆ་འཚོ་བ་ཡག་ཏུ་ཕྱིན་པས་རྒན་མོ་གྲོད་པ་སྟོང་པར་ལུས་པ་དང་ལུས་པོ་འཁྱགས་པའི་སེམས་ཁྲལ་གང་ཡང་མེད། འོན་ཀྱང་གོམས་གཤིས་དེ་ཁོང་གིས་སྔར་རྒྱུན་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། ཁོང་གིས་ད་ལྟ་སྲིད་ཇུས་ཡག་པོ་ཡོད་པ་མ་ཟད། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་པོ་ཡོད། ཡིན་ནའང་གྲོན་ཆུང་བསྲི་ཚགས་ནི་མུ་མཐུད་བྱེད་དགོས་ངེས་རེད་ཅེས་བཤད།