གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ། ཐོན་ཁུངས་སྤུས་ལེགས་མཉམ་སྒྲིག་བྱས་ཏེ་བོད་ལྗོངས་ཀྱི་དངུལ་རྩའི་ལས་དོན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་དང་ཀྲུང་གོའི་མི་དམངས་དངུལ་ཁང་ལྷ་ས་ཉིང་ལག་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད། བོད་ལྗོངས་ཀྱི་དངུལ་རྩའི་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རིག་ཚན་འཛུགས་སྐྲུན། ཚན་རིག་ཞིབ་འཇུག  ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྒུལ་ཤུགས་གསར་བ་བསྣན།
མིང་རྟགས་འགོད་པའི་མཛད་སྒོའི་ཡུལ་དངོས།
           བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི། སློབ་སྤྱི་གཞོན་པ་དངོས་གྲུབ་ཀྱིས་བརྗོད་རྒྱུར། འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་ནི། ཕྱོགས་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་སོགས་གྲོས་ཚོགས་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཁེ་ལས་དང་སློབ་གྲྭའི་མཉམ་ལས་གསར་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་འཚོལ་ཞིབ་ཞིག་ཡིན།  ཀྲུང་གོའི་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་གྲོས་ཆོད་བཞག་པ་ནི། སློབ་གྲྭའི་གནས་བབ་དམིགས་ཚད་དང་རིག་ཚན་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པས། གཅིག་ནས་མཐོ་རིམ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་པ་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་རིག་ཚན་འཛུགས་སྐྲུན། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་བ། མཁོ་ཆོད་དངུལ་རྩའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རམ་འདེགས་ཤུགས་ཆེན་འདོན་སྤྲོད་ཐུབ་པ་དང་། བོད་ལྗོངས་ཀྱི་དངུལ་རྩའི་རིག་མཛོད་འཛུགས་བསྐྲུན། བོད་ལྗོངས་ས་གནས་ཀྱི་དངུལ་རྩའི་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལའང་རྨང་གཞི་བརྟན་པོ་འདིང་ཐུབ། ཐེངས་འདིའི་མཉམ་ལས་ཀྱིས་ཕྱོགས་གཉིས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁྲོད་ཐབས་ཇུས་བློ་འདྲི་ཚན་རིག་ཞིབ་འཇུག་གི་ཞབས་ཞུ་མཉམ་ལས་བྱེད་ཤུགས་ཀྱི་ནུས་ཚད་དང་། རིག་གཞུང་སྤེལ་རེས་ཀྱི་ཤུགས་རྐྱེན་ཐེབས་ཚད།  རིག་ཚན་འཛུགས་སྐྲུན་ཀྱི་སྐུལ་འདེད་ནུས་ཤུགས། ཆ་འཕྲིན་མཉམ་སྤྱོད་ཀྱི་ཞབས་ཞུའི་ནུས་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཐུབ།
           ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་མཁོ་བའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་ཕུལ་བྱུང་ཁག་གཅིག་གསོ་སྐྱོང་བྱས། ལྷག་པར་དུ་དངུལ་རྩའི་ལས་རིགས་ཐད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་། བོད་ལྗོངས་མི་རིགས་སློབ་ཆེན་དེ་བོད་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་བའི་དཔེ་སྟོན་པ་ཞིག་གི་ངོས་ནས་ས་གནས་ཀྱི་འཕེལ་རྒྱས་དང་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཟུང་འབྲེལ་བྱས་ཏེ། སློབ་གྲྭ་དང་སྲིད་གཞུང་། ཁེ་ལས་དབར་གྱི་མཉམ་ལས་བྱེད་པའི་གསར་གཏོད་རྣམ་པར་ཕན་འབྲས་ལེགས་པོ་ཐོབ་ཡོད།
           ཐེངས་འདིར་བོད་ལྗོངས་མི་རིགས་སློབ་ཆེན་དང་ཀྲུང་གོའི་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དབར་གྱི་མཉམ་ལས་ནི། ཕྱོགས་གཉིས་པོས་མཉམ་མཐུན་གསར་གཏོད་འཕེལ་རྒྱས་གཉིས་རྒྱལ་བརྗོད་བྱ་གཙོ་བོར་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་བ་དང་། ཐོན་སྐྱེད་དང་སློབ་སྦྱོང་། ཚན་རིག་ཞིབ་འཇུག་བཅས་མ་ལག་ཚང་བའི་སྒོ་ནས་མཉམ་ལས་བྱེད་པ་ཁྱད་ཆོས་སུ་བཟུང་ནས། རིག་ཚན་འཛུགས་བསྐྲུན་དང་ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་ཞིབ་འཇུག ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱེད་པ་དང་། གྲོས་མཐུན་གྱི་སྒྲོམ་གཞིའི་ནང་ཕྱོགས་གཉིས་པོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བཟོ་སློབ་ཟུང་འབྲེལ་དང་སློབ་ཞིབ་ཟུང་འབྲེལ་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་འཆར་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། འཐབ་ཇུས་ཀྱི་གྲོས་ཆོད་བཞག་རྗེས་ཕྱོགས་གཉིས་པོའི་མཉམ་ལས་འཐབ་ཇུས་ཚོགས་ཆུང་དང་དངུལ་རྩའི་མཉམ་ལས་ཞིབ་འཇུག་ཁང་འཛུགས་གྲབས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྟེགས་བུ་དེ་བརྒྱུད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་ལྗོངས་ཀྱི་དཔལ་འབྱོར་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རིག་ཚན་འཛུགས་བསྐྲུན། བོད་ལྗོངས་ཀྱི་དངུལ་རྩའི་ཇུས་འདོན་ཚོགས་པའི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱེད་པ་དང་། བོད་ལྗོངས་ས་མཐོའི་དེང་རབས་དཔལ་འབྱོར་ཞིབ་འཇུག་ཁང་བཙུགས་ནས། བོད་ལྗོངས་ཀྱི་དངུལ་རྩའི་ལས་རིགས་ཀྱི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་སྔར་ལས་མང་བ་འདོན་སྤྲོད་བྱ་དགོས།