གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་དུ་རིན་ཐང་སྒོར་དུང་ཕྱུར་༢༠༠༠ལྷག་ཟིན་པའི་གཏེར་ཁ་རྙེད་པ།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བདེ་ལྷ་མོས་བསྒྱུར།
              ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཟླ་༦ཚེས་༡༩ཉིན་མཚོ་སྔོན་ས་གཤིས་གཏེར་ཐོན་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འབྲི་ཆུའི་ཆུ་མགོའི་ཆུ་དམར་ས་ཁུལ་དུ་ཞ་ཉེ་དང་ཏི་ཚའི་གཏེར་ཁ་ཆེན་པོ་ཞིག་གསར་དུ་རྙེད་ཡོད་ཅིང་། གཏེར་ཁ་དེར་ཡོད་པའི་ཞ་ཉེ་དང་ཏི་ཚ་ཏུན་བྱེ་བ་ལས་བརྒལ་ཞིང་། རིན་ཐང་སྒོར་དུང་ཕྱུར་༢༠༠༠ལྷག་ཟིན་ཡོད་པ་རེད།

              གཏེར་ཁ་དེ་གསར་དུ་རྙེད་པ་དེ་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། འབྲེལ་ཡོད་ཐོན་ལས་གོང་དུ་འཕེལ་བ་སོགས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཞིང་། རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་ལེན་དུ་བསྟར་བར་ཐོན་ཁུངས་ཀྱིས་འགན་སྲུང་བྱས་ཡོད་པ་རེད།
              ཞ་ཉེ་ནི་འཕྲུལ་ཆས་ལས་རིགས་དང་། དམག་དོན་བཟོ་ལས། རྫས་འགྱུར་བཟོ་ལས། གསོ་བ་རིག་པ་སོགས་ཀྱི་ཁྲོད་བེད་སྤྱོད་ཆེ་བ་མ་ཟད། རྡུལ་ཉིང་བཟོ་ལས་དང་རྡོ་སྣུམ་བཟོ་ལས་སོགས་སུ་བེད་སྤྱོད་ཆེ་བའི་ལྕགས་རིགས་ཤིག་ཡིན།

              བོད་ཀྱི་ཚིག་མཛོད་འགར་བཀོད་པ་ལྟར་ན། ཞ་ཉེ་ནི་དངོས་སྨན་རྫས་ཀྱི་རིགས་ཤིག་སྟེ། ཞ་རྡོ་མདོག་སྔོ་ནག་གཡའ་ཅན་བཞུས་པ་ལས་འབྱུང་བ་ནི་ཞ་ཉེ་ནག་པོ་ཡིན་པ་དང༌། ཞ་རྡོ་དཀར་པོ་དངུལ་རྡོ་འདྲ་བ་བཞུས་པ་ལས་འབྱུང་བ་ནི་ཞ་ཉེ་དཀར་པོ་ཞེས་རིགས་གཉིས་འབྱུང་ཞིང༌། གཉིས་ཀ་གཡའ་ཉམས་ལྡན་ལ་ལྕི་ཞིང་མཉེན་པ། ཡང་རང་བྱུང་ཞ་ཉེ་ཞེས་པ་ནི་མིས་བཞུ་བཏུལ་མ་བྱས་ཀྱང་མེ་ཁམས་ཀྱིས་ངང་གིས་བཞུས་ཏེ་བྲག་དང་རྡོ་ཆེན་སོགས་ཀྱི་སྲུབ་ནས་འབྱུང་བ་ཞིག་ཡིན། སྔར་བོད་མདའི་མདེའུ་དང༌། དེང་སང་གློག་གི་ཉེན་སྲུང་གི་སྐུད་པ་སོགས་བཟོ་བྱེད་དེ་ཡིན། རོ་བསྐ་ལ་ཅུང་མངར་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བ། ངོ་བོའི་ནུས་པས་དུག་འཇོམས་ཤིང༌། ཤ་རོ་གཅོད་པར་བྱེད། འཕྲུལ་ཐལ་གྱིས་ཞ་ཉེ་རང་ལ་སྦྱར་བའི་དུག་འཇོམས། འཕྲུལ་ཐལ་ལ་ཞ་དཀར་བཟང༌། སྐྲ་དང་སྨ་ར། སྨིན་མ་སོགས་དཀར་བ་ནག་པོར་གཏོང་བའི་ནུས་པ་ལྡན་པའི་སྦྱོར་སྡེ་ལ་ཞ་ཉེ་ནག་པོ་དགོས། དངུལ་ཆུ་འཆིང་བར་གཉིས་ཀ་ཆ་མཉམ་བཟང་བའོ། །

              ཏི་ཚ་ནི་སྡོད་ཁང་འཛུགས་སྐྲུན་དང་། རླངས་འཁོར། གློག་རྫས་བཟོ་སྐྲུན་སོགས་ཀྱི་ཁྲོད་བེད་སྤྱོད་ཆེ་བའི་ལྕགས་རིགས་ཤིག་ཡིན་ཞིང་། 《རིན་པོ་ཆེ་དང་ས་རྡོའི་སྨན་གྱི་ངོས་འཛིན་གསལ་སྟོན་མེ་ལོང》 ཞེས་པ་རུ་གསལ་བ་ལྟར་ན། ཏི་ཚ་ནི་རྒྱུན་དུ་ཞ་ཉེའི་རྡོ་དང་མཉམ་དུ་གནས་པ་དང་། ཁ་དོག་སྔོ་དཀར་ལྕི་ལ་ཁྲོབ་པ། བཅག་ཁ་རྩུབ་ལ་དངུལ་འོད་འཕྲོ་བ། སོ་བར་འཆས་པས་ཙིར་སྒྲ་འབྱིན་པ། བསྡུར་ལྗིད་ཁེ7.14ཡོད་པ། བསྲེགས་ན་ཚ་ཚད100~110℃ལ་སླེབས་དུས་མཉེན་པར་གྱུར་ནས་བཀུག་པའམ་བརྡུང་ཐུབ་པ། 419.4℃ལ་སླེབས་དུས་འཇུ་ཞིང907℃ལ་སླེབས་དུས་འཕྱུར་ནས་དུད་པ་སྔོ་སེར་དང་བཅས་ཡལ་འགྲོ་བ། འདི་ཟངས་དང་བསྲེས་པས་ར་གན་དུ་འགྱུར་བའོ།།