གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་པས་ཞབས་ཞུ་གསར་གཏོད་བྱས་ནས་འཛམ་གླིང་གི་ཚད་མཐོའི་གསར་གཏོད་པའི་གནས་མཆོག་བསྐྲུན་པ།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
ལྷ་སའི་མཐོ་གསར་ཁུལ་གཉིས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་མཚན་བྱང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྐད་གདངས་ལྷོད་དགོས་ལ། བརྩེ་དུང་གི་ལམ་ནས་སྒྲ་སྦྱོར་དགོས། དེ་མིན་ཚེ་སྤྱིར་བཏང་གི་བརྩམས་ཆོས་དང་གཅིག་མཚུངས་ཡིན་སྲིད། ཅེས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་པའི་ལས་གཏོད་ཀུང་སི་ག་གེ་མོའི་སྒྲ་སྦྱོར་ཁང་ནས་གྲོས་བསྡུར་བྱེད་པའི་སྐད་ལྷང་ལྷང་དུ་གྲགས་འོང་།
          སྒྲ་སྦྱོར་ནི་ལས་གཏོད་ཀུང་སི་དེའི་ལས་སྒོ་མང་པོ་གྲས་ཀྱི་གཅིག་རེད། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་པ(མཐོ་གསར་ཁུལ)-N•ཚི་ཡུན་དམངས་ཀྱི་གསར་གཏོད་བར་སྟོང་ཞེས་པར་གཞི་ཚུགས་ནས་བཟུང་། ཀུང་སི་དེས་ལོ་དུ་མའི་དུས་ཚོད་བེད་སྤྱད་དེ་ཡར་རྒྱས་གོང་སྤེལ་དུ་བཏང་བའི་ད་ཆ།  ལས་སྒོ་སོ་སོ་གློག་བརྙན་འཕྲིན་སྒྲིག་བཟོ་དང་། བརྡ་ཁྱབ་ཇུས་འགོད།  ཚོང་གཉེར་ཇུས་འགོད་ལ་སོགས་པར་ཁྱབ་ཡོད་ཅིང་། ཀུང་སིའི་ལས་ཕྱོད་ལ་ཡར་རྒྱས་ཆེན་པོ་བྱུང་། 
འདི་ནི་ལས་གཏོད་ཀུང་སིའི་སྒྲ་སྦྱོར་ཁང་གི་ལས་ཀ་བ་ཡིན།
          ཀུང་སི་འདིའི་འགན་འཁུར་པ་བཀྲ་ཤིས་དོན་འགྲུབ་ཀྱིས་འདི་སྐད། ང་ཚོའི་ཀུང་སི་དམངས་ཀྱི་ལས་གཏོད་བར་སྟོང་ནང་གཞི་བཅོས་པའི་ཚུན་ལ། དམངས་ཕན་གྱི་སྲིད་ཇུས་མང་པོ་ཞིག་ལོངས་སུ་སྤྱོད་ཐུབ་པ་བྱུང་བས། དུས་ཚོད་དང་གཉེར་སྐྱོང་གི་མ་རྩ་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་བྱུང་པས། རྙོག་དྲ་ཆེ་བའི་ཁྲོམ་རའི་ཁོར་ཡུག་འདི་ནས་གནས་ཐུབ་བྱུང་ལ། གྲུབ་འབྲས་ཀྱང་ཅུང་ཡག་པོ་ཐོབ་ཡོད་ཟེར། 
          ཤེས་གསལ་ལྟར་ན།  ལྷ་སའི་མཐོ་གསར་ཁུལ-N•ཚི་ཡུན་དམངས་ཀྱི་ལས་གཏོད་བར་སྟོང་ནི་ལྷ་ས་གྲོང་ཁྱེར་སྣེའི་ཁུལ་གསར་པར་ཆགས་ཡོད་ཅིང་།  བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.34ཡོད་པ་དང་། མ་དངུལ་དུང་ཕྱུར2.5བཏང་ཡོད་པ་རེད།  མཐོ་གསར་ཁུལ་དུ་མཉེན་ཆས་དང་སྲ་ཆས་སྐོར་གྱི་སྒྲིག་ཆས་གང་དགོས་བསྒྲིགས་ཡོད་པ་དང་། གཙོ་བོ་ལས་གཏོད་གསར་གཏོད་དཔུང་སྡེ་ལ་མ་རྩ་ཉུང་བ་དང་། སྟབས་བདེ་བ།  ཆ་རྐྱེན་འཛོམས་པ། སྒོ་འབྱེད་རྣམ་པ་བཅས་འཛོམས་པའི་གསར་དར་ལས་གཏོད་ལ་ཞབས་ཞུ་འདོན་པའི་སྟེགས་བུ་ཞིག་འཛུགས་ཆེད་རེད། 
འདི་ནི་དམངས་ཀྱི་ལས་གཏོད་བར་སྟོང་གིས་ཁེ་ལས་ཐོན་རྫས་འགྲེམ་སྟོན་བྱས་ཡོད་པའི་ཚུལ་རེད།
          ད་སྔའི་བར་དུ་ལས་གཏོད་བར་སྟོང་དུ་ལས་གཏོད་ཁེ་ལས་དང་རྣམ་གྲངས་དཔུང་སྡེ59།  བོད་རང་སྐྱོང་ལྗོངས་རིམ་པའི་བོད་སྨན་སྡེབ་སྦྱོར་གྱི་ལས་གཞི་གཙོ་བོ་ཉམས་ཞིབ་ཁང་གཅིག་བཅས་ཡོད་ཅིང་། དེའི་ནང་ཚན་རྩལ་རིགས་ཀྱི་ཁེ་ལས32དང་། རིག་གནས་རིགས་ཀྱི་ཁེ་ལས10། ཞབས་ཞུ་རིགས་ཀྱི་ཁེ་ལས17བཅས་ཡོད།  ལས་གཏོད་ཁེ་ལས་དང་རྣམ་གྲངས་དཔུང་སྡེ59ཡི་ནང་དུ། སློབ་ཆེན་པའི་ལས་གཏོད་ཁེ་ལས་སམ་རྣམ་གྲངས་དཔུང་སྡེ41ཡོད་ཅིང་། དེའི་ནང་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མས་གཉེར་བའི་ཁེ་ལས15དང་། ལས་ཞུགས་མི་གྲངས196བཅས་ཡོད།  འབྲེལ་ཡོད་ཀྱི་ལས་རིགས་ནང་དུ། ཚན་རྩལ་དང་། བོད་སྨན་ཞིབ་འཇུག་དང་གསར་སྤེལ།  རིག་གནས་སྨྱན་བྱད། “ དྲ་སྦྲེལ+” ། བློ་འདྲི་ཞབས་ཞུ་སོགས་འདུས།  2017ལོར་དེར་སྡོད་པའི་ཁེ་ལས་རྣམས་ཀྱི་ཚོང་གཉེར་ཀྱི་ཡོང་འབབ་སྒོར་ཁྲི2400ལ་སླེབས་ཤིང་། ད་སྔ་སློབ་གཉེར་བྱེད་བཞིན་པའི་སློབ་ཆེན་སློབ་མ150ལྷག་ཡོད་པ་དང་། སྔ་ཕྱི་བསྡོམས་རྩིས་བརྒྱབ་ན་མི་ཐེངས414ཡི་ལས་ཞུགས་ཐག་བཅད་ཡོད་པ་དང་། དེའི་ནང་སློབ་ཆེན་པའི་མི་ཐེངས265ཡོད་ལ། མི་འབོར་སྤྱིའི64%ཟིན་ཡོད་པ་རེད།
ལྷ་སའི་མཐོ་གསར་ཁུལ་གཉིས་གཏོད་ཞབས་ཞུ་ལྟེ་གནས།
          ལས་གཏོད་དཔུང་སྡེ་ཡི་དངུལ་རྩ་དང་སྲིད་ཇུས་མངའ་ཁོངས་སུ་འཕྲད་ཡོང་བའི་དཀའ་ངལ་སེལ་ཐབས་སུ།  དམངས་ཀྱི་ལས་གཏོད་བར་སྟོང་གིས་ཞབས་ཞུ་ལས་ཁུངས་ཆེད་དུ་བཀོད་སྒྲིག་བྱས་ལ། དེ་ནི་ལྷ་སའི་མཐོ་གསར་ཁུལ་གཉིས་གཏོད་ཞབས་ཞུ་ལྟེ་གནས་རང་རེད།   
          ཤེས་གསལ་ལྟར་ན། ལྷ་སའི་མཐོ་གསར་ཁུལ་གཉིས་གཏོད་ཞབས་ཞུ་ལྟེ་གནས་ནི2017ལོའི་ཟླ10བའི་ཚེས30ཉིན་ལ་ཐོག་མར་གཉེར་འགོ་ཚུགས་ཤིང་། སྔ་ཕྱིར་སློབ་ཆེན་མཐར་ཕྱིན་སློབ་མས་ལས་གཏོད་གཙོ་གཞི(མི་སྒེར་དང་ཚོགས་པ)20ལྷག་ལ་ཞབས་ཞུ་དང་།  སློབ་ཆེན་མཐར་ཕྱིན་པའི་ལས་ཞུགས་བློ་འདྲི་མཁན100ལྷག་ལ་སྣེ་ལེན།  ལས་ཞུགས་ལ་སྐུལ་འཁྲིད་ཐུབ་པའི་ཚོང་འགུགས་དངུལ་འདྲེན་གྱི་ཁེ་ལས6ལ་འབྲེལ་བ་བཅས་བྱས་ནས་ལས་གཏོད་གསར་གཏོད་ཀྱི་གཙོ་གཞི3དང་། ཚོང་འགུག་དངུལ་འདྲེན་གྱི་ཁེ་ལས2བཅས་བདེ་བླག་ངང་ནང་འདྲེན་ཐུབ་པ་བྱུང་སྟེ། གསར་གཏོད་ལས་གཏོད་ཀྱི་གཙོ་གཞི་ལ་བཟོ་ཚོང་གིས་ཚབ་གཉེར་དང་། ནོར་དོན་གྱིས་ཚབ་སྒྲུབ།  རྣམ་གྲངས་ཇུས་འགོད།  ཁྲིམས་ལུགས་བློ་འདྲི་ལ་སོགས་པའི་ལས་སྒོ་ཧ་ལམ20མཁོ་འདོན་བྱས་ལ།  འབྲེལ་ཡོད་གསར་གཏོད་ལས་གཏོད་ཀྱི་གཙོ་གཞི10ལྷག་བྱུང་། 
ལྷ་སའི་མཐོ་གསར་ཁུལ་གཉིས་གཏོད་ཀྱི་གཞི་གྲངས་ཆེན་པོ་ངོམ་ས།
          ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཡ་ཡིས་འདི་སྐད།  ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་གཉིས་གཏོད་ཞབས་ཞུ་ལྟེ་གནས་ཀྱིས་ལྷ་སའི་མཐོ་གསར་ཁུལ་གྱི་ཁེ་ལས་ཆུང་འབྲིང་དང་།  ཁེ་ལས་ཀྱི་ལས་དང་པོ་བ།  རྣམ་གྲངས་གསར་འཛུགས་བཅས་ཞབས་ཞུ་བྱ་ཡུལ་གཙོ་བོར་བཟུང་སྟེ། སྤྱི་ཕན་རང་བཞིན་གྱི་བློ་འདྲི་རྨང་གཞི་བྱས་ཤིང་།  ཆེད་ལས་དང་རིམ་པ་མཐོ་ཤོས་ཀྱི་རིག་སྟོབས་ཞབས་ཞུ་ཁྱད་ཆོས་སུ་བཟུང་འཛིན་པ།   བོད་ལྗོངས་སུ་ཆེད་ལས་དང་གཞི་ཁྱོན་ཕྱོགས་གང་ཅིའི་ཐད་ནས་རྩེ་གྲ་ཡིན་པའི་ཁེ་ལས་ཞབས་ཞུ་སྟེགས་བུ་འཛུགས་རྒྱུ་དམིགས་འབེན་བཅས་བྱས་ཐོག བོད་ལྗོངས་ཀྱི་ཚད་མཐོའི་གསར་གཏོད་པའི་གནས་མཆོག་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་པ་ཡིན་ཟེར།