གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམངས་གཉེར་ཁེ་ལས་འདིས་དོན་ཆེན་བཞི་བསྒྲུབས་པ་ལ་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་པོས་དོ་སྣང་ཆེན་པོ་བྱས།

སྤེལ་དུས 2018-07-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་གི་ཀྲུང་གོའི་དབུལ་ཐར་འགག་སྒྲོལ་གྱི་གཟེངས་རྟགས་དང་། རྒྱལ་ཁོངས་ལྗང་སྒྱུར་གཟེངས་རྟགས།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་བོའི་བྱེ་འགོག་བྱེ་བཅོས་ཀྱི་སྣེ་ཁྲིད་པའི་གཟེངས་རྟགས།  སའི་གོ་ལའི་སྲུང་དམག་གྲུབ་འབྲས་གཟེངས་རྟགས་སོགས་ཐོབ་མྱོང་བའི་དབྱི་ལི་ཐོན་ཁུངས་སྡེ་ཤོག་གིས་ཟླ༤བའི་ཚེས༢༠ཉིན་ལ་། བོད་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་དབར《སྣོད་བཅུད་ཐོན་ལས་དབུལ་སྐྱོར་མཉམ་ལས་ཀྱི་གྲོས་ཆིངས》བཞག་ཏེ།  ཡར་ཀླུང་གཙང་པོ་འབབ་རྒྱུད་དུ་དཔུང་སྐྱོད་ཆེན་པོས་བོད་ལྗོངས་ཉིད་འགག་སྒྲོལ་ཆེན་པོ་གསུམ་ལས་རྣམ་པར་རྒྱལ་པར་རམ་འདེགས་བྱ་རྒྱུ་རེད། 
ཝུའུ་དབྱིན་ཅེ་སྐུ་གཟུགས་ཙོག་ཙོག་བྱས་ནས་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་གནས་ཚུལ་གསལ་བོར་འདྲི་བཞིན་པ། 
ཝུའུ་དབྱིན་ཅེ་ཡིས་ལྟ་ཞོར་ཏུ་གནས་ཚུལ་འདྲི་བ། 
            ཟླ༧པའི་ཚེས༥ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ལགས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཕེབས་ནས་ལྷོ་ཁར་ཡོད་པའི་དབྱི་ལི་སྡེ་ཤོག་གི་དབུལ་སྐྱོར་ཐོན་ལས་སྣོད་བཅུད་བྱེ་བཅོས་རྟེན་གཞིར་བཅར་ནས་རྟོག་ཞིབ་གནང་།  
            ན་ནིང་གི་ཟླ༤པའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག  དབྱི་ལི་སྡེ་ཤོག་གི་སྣོད་བཅུད་དཔུང་སྡེས་སྣོད་བཅུད་འཛུགས་སྐྱོང་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་ཧུར་ཐག་གིས་སྤེལ་ཞིང་། སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི༤༡༦༦བཏང་བ་དང་། རྒྱ་ཁྱོན་ས་མུའུ༥༤༠༠སླར་གསོ་བྱས། ཡུལ་མི༢༠༡རང་ས་རང་ཡུལ་ནས་ལས་ཞུགས་སུ་སྐུལ་འཁྲིད་བྱས་པར།  ཆ་སྙོམས་སུ་མི་རེར་ཡོང་འབབ་སྒོར6250རག་ཐུབ་ཀྱི་ཡོད་པ་རེད། 
            ཝུའུ་དབྱིན་ཅེ་ཡིས་གཟིགས་ཞིབ་བྱེད་ཞོར་དུ་གནས་ཚུལ་འདྲི་རྟོགས་བྱས་ནས། རྣམ་གྲངས་མ་འཇོག་དང་། སྡོང་ཕྲུག་འཛུགས་གསོ།  སྡོང་བོའི་སྐྱེས་འགངས།  ལས་བཟོ་མང་ཚོགས་ཀྱི་ཡོང་འབབ་ལ་སོགས་ཐད་རྒྱུས་ལོན་ཞིབ་ཕྲ་བྱས།  ཁོས་འདི་སྐད། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕན་ཕྱུག་འགྱུར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ན། སྣོད་བཅུད་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྒོ་གཉིས་ཟུང་དུ་སྦྲེལ་ནས་ཕུགས་ཕན་གྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པ་དང་།    མང་ཚོགས་རྣམས་ནགས་འདེབས་ལྗང་སྒྱུར་གྱི་ལས་སུ་བཅུག་ནས་ཡོང་འབབ་འཕར་སྣོན་ལ་སྣེ་འཁྲིད་དེ།   སྣོད་བཅུད་ཀྱི་ཟས་ལ་རོལ་བཞིན་ཕྱུག་འགྱུར་གྱི་ལམ་དུ་འཇུག་ཐུབ་དགོས་ཟེར། 
མཐོ་སྒང་གི་གྲང་ལྷགས་ཆེ་སར་ནགས་འདེབས་པ། 
            དབྱི་ལི་ཡིས་ཁུ་པུ་ཆི་ཡི་བྱེད་སྟངས་བེད་སྤྱོད་དང་། ནག་ཆུའི་གྲང་ལྷགས་ཆེ་བའི་ས་ཁུལ་ནས་ཚན་རིག་གི་ནགས་འདེབས་ལག་རྩལ་གྱི་འགག་གནད་གལ་ཆེན་སྒྲོལ་བའི་ཚོད་ལྟའི་རྣམ་གྲངས་ཀྱི་གྲུབ་འབྲས་ཉེ་བར་བླངས་ནས།   སྣོད་བཅུད་ཁྲག་བཟོ་ཡི་རྩ་བཅོས་དབུལ་སྐྱོར་ལ་མིག་བལྟས་ཀྱིས་གྲང་ལྷགས་ཆེ་བའི་མཐོ་སྒང་ནས་ཚན་རྩལ་གྱི་སྡོང་ཕྲུག་ར་བའི་དབུལ་སྐྱོར་བྱེད་ཐབས་ཤིག་ལྷོ་ཁ་གྲོང་ཁྱེར་དུ་ལག་བསྟར་དོན་འཁྱོལ་བྱས། 
            དབྱི་ལི་བྱེ་འགོག་སྣ་འཛོམས་བཅོས་སྐྱོང་གི་དབུལ་སྐྱོར་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་ལ་ས་མུའུ་ཁྲི༡༢ཡོད་ཅིང་། དེའི་ནང་རི་ལྡེབས་བྱེ་འགྱུར་ལ་མུའུ་ཁྲི༦.༦ཡོད་པ་དབྱར་དུས་ནས་བཟུང་འདེབས་འཛུགས་ཀྱི་མགོ་བརྩམས། གྲམ་ཐང་བྱེ་འགྱུར་ས་མུའུ་ཁྲི༤.༣ཡོད་པར་ད་སྔ་ས་མུའུ་༢༠༠༠ལ་ལྕང་མ་དང་འདམ་རྩྭ་བཙུགས་ནས་སྟོན་དུས་སུ་མུ་མཐུད་ནས་ལས་རྒྱུན་བསྐྱོང་རྒྱུ། བྱེ་ས་སྒྱུར་བཀོད་ཀྱི་སྡོང་ཕྲུག་ར་བའི་རྣམ་གྲངས་ས་མུའུ་ཁྲི༡ཡོད་པ་ལས་ས་མུའུ་སྟོང་གཅིག་དང་དྲུག་རྒྱ་ལྔ་བཅུ་ལག་བསྟར་སྒྱུར་བཀོད་བྱེད་སྒང་ཡིན། བྱེ་ས་བདེ་སྙོམས་དང་། ཆུ་དང་གློག ལམ་གྱི་མ་ལག་ལས་ཚར་བ་དང་། བྱེ་སར་ཤུག་སྡོང་མུའུ་སུམ་རྒྱ་བཙུགས། གཞན་བྱེ་སྐྱེས་རྩི་ཤིང་རིགས་ཀྱི་འདེབས་འཛུགས་ཟླ་བདུན་པར་ཚར་གྲབས་ཡོད། འཆར་གཞི་ལ་ད་ལོའི་སྟོན་ཁར་ས་མུའུ་ཁྲི་གཅིག་གི་སྡོང་ཕྲུག་ར་བའི་བདེ་སྙོམས་དང་ཆུ་གློག་ལམ་གསུམ་གྱི་རྨང་གཞི་སྒྲིག་ཆས་ཆ་ཚང་སྒྲིག་བཀོད་ཚར་རྒྱུ་བྱས་ཡོད་པ་མ་ཟད།  སྡོང་ཕྲུག་དང་ནགས་ཤིང་གཅིག་གྱུར་དང་ཕྱུག་རྩྭ་འདེབས་འཛུགས་ཀྱི་སྔོན་འགྲོའི་ལས་ཀ་མགོ་བརྩམས་རྒྱུ་བྱས་ཡོད། ད་སྔ་བྱེ་ས་འགོག་བཅོས་དང་སྡོང་ར།  འབྲས་ཤིང་བཅས་ས་མུའུ་ཁྲི་གཅིག་ལ་འདེབས་འཛུགས་བྱས་ཚར་ཡོད་ཅིང་།  འདེབས་འཛུགས་ཡོངས་མཇུག་རྫོགས་རྗེས་བསྡུར་ཚད་དྲུག་དང་བཞི་ནང་བཞིན་ཡུལ་དེ་གའི་གྲོང་ཚོ་ཐུན་མོང་ལ་བགོ་བཤའ་རྒྱག་རྒྱུ་རེད། 
དབྱི་ལི་ཐོན་ཁུངས་སྡེ་ཤོག་གི་ལྗང་མདོག་གི་མཛེས་ལྗོངས།
སྣོད་བཅུད་ལས་རིགས་སློབ་གསོའི་དབུལ་སྐྱོར་དང་གནས་སྤོ་དབུལ་སྐྱོར། 
            དབྱི་ལི་ཡིས་བོད་ལྗོངས་སུ་བླ་མེད་རྒྱལ་ཁོངས་སོ་སྲུང་མཁན། བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞེས་པ་བརྗོད་སྙིང་དུ་བཟུང་བའི་ཞིང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱས་ཏེ། ས་གནས་སྲིད་གཞུང་ལ་མ་དངུལ་ཞལ་འདེབས་ཐོག་མཉམ་གཅིག་ཏུ་ས་བབ་མཐོ་ཤོས་ཀྱི་ཡུལ་མི་གནས་སྤོའི་གྲོང་ཚོ་གསར་པ་དང་། ལས་རིགས་སློབ་གསོའི་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བཙུགས་ཤིང་།  ཡུལ་མི་གནས་སྤོ་དང་སྣོད་བཅུད་ལས་རིགས་སློབ་གསོ། སྣོད་བཅུད་སླར་གསོའི་རྒྱང་འཁྲིད་ཟབ་སྦྱོང་བཅས་གོང་བུ་གཅིག་ཏུ་འགྲིལ་ནས་ས་གནས་ཀྱི་ལས་རིགས་སློབ་གསོའི་སློབ་མ་དང་ཁྱིམ་ཚང་དབུལ་བོ་རྣམས་ལ་དེ་འབྲེལ་ཟབ་སྦྱོང་སྤེལ། 
            ཟབ་སྦྱོང་གི་ནང་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིངཕེང་གིས་སྣོད་བཅུད་དཔལ་ཡོན་དང་ཐོན་ལས་དབུལ་སྐྱོར་སྐོར་གྱི་འབྲེལ་ཡོད་གཏམ་བཤད་དང་། བོད་ལྗོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་འཕེལ་རྒྱས་འཐབ་ཇུས། སྣོད་བཅུད་ཁོར་ཡུག་སླར་གསོའི་ལག་རྩལ། བྱེ་འགྱུར་འགོག་བཅོས་དང་། ནགས་ཤིང་འདེབས་འཛུགས།  དོ་དམ་ལྟ་སྐྱོང་། ལུག་གསོ་ཚགས་ཀྱི་ལག་རྩལ་སོགས་ཡོད། 
            རགས་རྩིས་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་སློབ་གསོའི་སློབ་མ་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་སྦྱོང་སློབ་མ་བཅས་མི༢༣༨༠ལ། ལོ་རེར་མི་རེར་སྒོར་ཉིས་སྟོང་གི་རོགས་དངུལ་ཐོབ་ཀྱི་ཡོད་པ་དང་། ལོ་རེར་སྒོར་ཁྲི༤༧༦རེ་ཡོད། ལོ་གསུམ་ནང་དབྱི་ལི་ཀུན་ཕན་ཐེབས་རྩས་རོགས་དངུལ་སྒོར་ཁྲི༡༤༢༨ཡི་གནང་སྦྱིན་བཏང་བ་དང་ཆབས་ཅིག་སྣོད་བཅུད་ལས་རིགས་སློབ་གསོའི་ཆེད་ལས་ལག་རྩལ་སྐོར་ནས་དེ་དག་ལ་ཟབ་སྦྱོང་བྱེད་ཀྱི་ཡོད་པ་རེད།  
ལུག་གསོ་ཚགས་ཐོན་ལས་ཀྱི་དབུལ་སྐྱོར། 
            དབྱི་ལི་ཡིས་ས་གནས་དེའི་རྒྱུད་བཟང་ར་མ་གསོ་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ།  ལྷོ་ཁ་གྲོང་ཁྱེར་དང་མཉམ་དུ་ཟོག་རར་གསོ་ཚགས་དང་གསོ་ཚགས་ཕྱེད་ཙམ་གྱི་རྣམ་པས་ར་མ་ཁྲི་གཅིག་གསོ་སྤེལ་བྱས་པ་དང་། དེ་ལས་ཐོབ་པའི་ཁེ་འབབ་ཚང་མ་ས་གནས་ཀྱི་ཁྱིམ་ཚང་དབུལ་བོར་དབང་དུ་བཅུག་པ་མ་ཟད།ཟད།  ལྷོ་ཁ་གྲོང་ཁྱེར་གྱི་གནས་སྤོ་གསོ་ཚགས་སུ་ལས་སྣོན་འཕྲུལ་འཁོར་གཉིས་ཉོ་རོགས་བྱས། དེ་དང་ཆབས་ཅིག དབྱི་ལི་ཡིས་གཟན་ཆས་སྡེབ་སྦྱོར་དང་། རྒྱུད་བཟང་ལེགས་སྤེལ། འགོག་སྨན་གསར་སྤེལ། གསོ་ཚགས་ལག་རྩལ། ཐོན་རྫས་ཕྱི་ཐུམ།  ཁྲོམ་རར་བྲིན་ཚོང་།  གཉེར་སྐྱོང་དོ་དམ་སོགས་ཐད་ནས་གཅིག་གྱུར་དོ་དམ་བྱས་པས། ལུག་གསོ་ཚགས་ཚོད་ལྟའི་དཔེ་སྟོན་བརྒྱུད། ས་གནས་དེ་གའི་རྒྱ་ཆེའི་ཁྱིམ་ཚང་དབུལ་བོ་རྣམས་གསོ་སྤེལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་སྐུལ་འཁྲིད་བྱས་པ་རེད། 
རྣམ་གྲངས་ཀྱི་འགན་འཁུར་བས་ཞིང་འབྲོག་པར་སྡོང་ཕྲུག་འཛུགས་སྟངས་འཆད་པ། 
ས་གནས་སྲིད་གཞུང་དང་མཉམ་དུ་ཁྱིམ་ཚང་དབུལ་བོ་སྒྲིག་འཛུགས་བྱས་ནས་ལས་ཀ་བའི་མཉམ་འབྲེལ་རུ་ཁག་བཙུགས། 
            གྲ་ནང་རྫོང་གིས་ད་ལོར་བོད་ཁྱིམ་དབུལ་བོའི་ལས་ཀ་བའི་མཉམ་འབྲེལ་རུ་ཁག20བཙུགས་ཏེ། དབྱི་ལི་ཡི་སྣོད་བཅུད་ཐོན་ལས་རྟེན་གཞིའི་ལས་སུ་སྐུལ་ཏེ།  དབྱི་ལི་ཡིས་ས་གནས་དེའི་སྣོད་བཅུད་སླར་གསོ་དང་། བྱེ་འགོག་ནགས་འདེབས་ལ་སོགས་ཀྱི་སྣོད་བཅུད་ཐོན་ལས་དང་འབྲེལ་བའི་རྣམ་གྲངས་ལག་བསྟར་ཁྲོད་ཞུགས་སུ་བཅུག་པ་དང་། ཡུལ་དེའི་ངལ་རྩོལ་ནུས་པ་ཡོད་པའི་ཁྱིམ་ཚང་དབུལ་བོར་ལས་ཞུགས་དབུལ་སྐྱོར་ཐུབ་པར་རོགས་བྱེདབྱེད་པ་མ་ཟད། བྱེ་འགོག་བྱེ་བཅོས་དང་སྣོད་བཅུད་སླར་གསོ་སོགས་ཐད་ལ་ཆེད་ལས་ཀྱི་ཟབ་སྦྱོང་བྱས་ནས་མི་གཅིག་གིས་ཞོར་ལས་དང་། ཁྱིམ་གང་དབུལ་སྒྲོལ་ཐུབ་པ།   རང་ཁྱིམ་དང་ཉེ་སར་ལས་ཞུགས་སྟབས་བདེར་ཐུབ་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱ་བའི་འཆར་གཞི་ཡོད་པ་རེད།