གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

《མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་ཚོགས་འདུའི་ཁྲོད་ང་ཚོས་ཅི་ཞིག་ཤེས་ཐུབ་བམ།

སྤེལ་དུས 2018-07-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན།  《མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད། 
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཀྲུའུ་ཞི་སྟེགས་བུ། 
          ཉིན་དེའི་སྔ་དྲོའི་ཆུ་ཚོད10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཐེན་ཅིན་ཁྲེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲེན་ཏུའུ་ཡིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ། ཁྱབ་བསྒྲགས་ཚོགས་འདུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་གཏམ་བཤད་མཁན་ཧུའུ་ཁའེ་ཧུང་གིས་གཙོ་སྐྱོང་གནང་བ་རེད། 
          རྒྱབ་ཤ་དཀར་པོའི་དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་1.4ཙམ་ཡོད་པ་དང་། དེ་ནི་གླེང་གཞི་དང་། གཞུང་དངོས། མཇུག་བསྡུའི་གཏམ་བཅས་ཁག་གསུམ་ལས་གྲུབ་པ་ཡིན། གཞུང་དངོས་འདི་ཁག་དྲུག་གིས་གྲུབ་ཅིང་།  དེ་དག་ནི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་བ།  ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་ལྷིང་དང་། ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ། ཚན་རྩལ་གྱི་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་འཛུགས་པ།  སྐྱེ་ཁམས་རིག་གནས་རིམ་གྱིས་གྲུབ་པ་སོགས་ཡིན།  
          ཆུ་ཚོད་གཉིས་རིང་གི་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ང་ཚོས་ཡང་སྙིང་ཅི་ཞིག་ཤེས་ཐུབ་བམ། 
མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ཡང་སྙིང་གལ་ཆེན་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ནི་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་ཡིན། 
          མཚོ་བོད་ས་མཐོ་ནི་ཀྲུང་གོའི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་།  དེར་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཡོངས་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ལྗོངས་བཞིའི་ས་ཁུལ་འགའ་རེ་ནང་དུ་ཚུད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི260ཙམ་ཡོད་ཅིང་། ས་ཁུལ་མང་ཆེ་བའི་ས་བབ་ཀྱི་མཐོ་ཚད་ནི་སྨི4000 ལས་བརྒལ་ཡོད། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་།  རྩི་ཤིང་གི་ཐོན་ཁུངས། ཆུའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་པས། སྔར་ནས་བཟུང་“འཛམ་གླིང་གི་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད།  གནམ་གཤིས་སྙོམ་སྒྲིག་དང་། ཆུ་ཁུངས་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། དེ་ནི་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཡིན་ནའང་ཕྱོགས་གཞན་ཞིག་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཀྱི་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་ཆེན་པོའི་འོགསྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན། 
མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དཀའ་ཚེགས་ཆེན་པོས་ཁེངས་ཡོད། 
          མཚོ་བོད་ས་མཐོའི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་འདི་འདྲ་ཆེ་བ་དང་།  སྐྱེ་ཁམས་མ་ལག་དེ་འདྲའི་ཉམས་ཆུང་ཡིན་པའི་རྙོག་འཛིང་ཆེ་བའི་ས་ཁོངས་སུ་སྣོད་བཅུད་བཅོས་སྒྲིག་སྤེལ་བྱ་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་མིན།   
          རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་གྱི་འཛུགས་སྐྱོང་ནི་སྔར་བཞིན་འགྲན་སློང་མང་པོ་ཞིག་ལ་ཐུག་ཡོད་དེ། གཙོ་བོ་གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཏེ་འཁྱགས་རོམ་ཞུ་བ་དང་།  འཁྱག་ས་ཞུ་བ།  གནོད་འཚེའི་ཉེན་ཁ་ཇེ་ཆེར་འགྲོ་བའི་འཇིགས་སྐུལ་སྔར་བཞིན་གནས་པ་དང་།  དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་སྲུང་སྐྱོབ་དང་གོང་འཕེལ་བར་གྱི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པའི་ཕྱོགས་སུ་མཚོན་ཡོད། དེ་བས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བའི་ལས་འགན་སྔར་བཞིན་ལྕི་མོ་ཡིན། 

མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་དོན་ངོ་མས་དཀའ་ལས་གང་དག་བརྒྱབ་པ་ཡིན་ནམ། 
          བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཕྱོགས་གསུམ་གྱི་ཐད་ནས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་སྟེ། ཐོན་སྐྱེད་གོང་འཕེལ་ཡོང་བ་དང་། འཚོ་བ་ཕྱུག་པོར་འགྱུར་བ། སྐྱེ་ཁམས་ལེགས་པོ་བཅས་ཀྱི་དཔལ་ཡོན་དར་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རྒྱུན་འཁྱོངས་དང་།  ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་འཛུགས་སྐྲུན་དང་།  སྐྱེ་ཁམས་ཁོར་ཡུག་ལེགས་སྐྱོང་ཡོང་བ་རྒྱུན་སྲུང་བྱེད་དགོས་ཞེས་བཤད།  གླེང་རིན་ཡོད་པ་ཞིག་ནི། ཉེ་བའི་ལོ་ཤས་རིང་།  བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་དམར་ཐིག་དམ་སྲུང་བྱས་ཏེ།  བོད་ལྗོངས་སུ“མཐོ་གསུམ”རྣམ་གྲངས་ལག་བསྟར་ནན་པོ་ཡོང་བ་དང་།  “ལོ་རྒྱུས་ཐོག་གི་ནན་ཤོས”ཞེས་སུ་འབོད་པའི་གཏེར་རྫས་ཐོན་ཁུངས་ཐད་ཀྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུ་གུ་གཅིག”གི་ཞིབ་བཤེར་མཆན་འགོད་ལམ་ལུགས་དང་།  ཁོར་ཡུག་སྲུང་སྐྱོང་གི“འཛིན་བྱང་གཅིག་གིས་ཐག་གཅོད་པའི”ལམ་ལུགས་ལག་བསྟར་ནན་མོ་བྱས། 2018 ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་བཏོན་དོན། ལོ་ལྔའི་རིང་།  ཕྱོགས་ཡོངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་གསོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་འགོ་བརྩམས་ཤིང་། རང་སྐྱོང་ལྗོངས་དང་།  གྲོང་ཁྱེར།  རྫོང་།  ཞང་བཅས་རིམ་པ་བཞིའི་ཆུ་དཔོན་ལམ་ལུགས་བཙུགས་ཏེ།  རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུའི་སྦགས་བཙོག་གི་འགོག་བཅོས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ཀྱི་མ་ལག་རགས་ཙམ་བཙུགས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་ནུས་ལྡན་གྱི་སྲུང་སྐྱོང་ཐོབ་ཡོད།  ས་ཁུལ་དང(གྲོང་ཁྱེར་)བདུན་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ལེགས་ཚད་ཆ་སྙོམས་ཀྱི་བརྒྱ་ཆའི་95ཡན་ལ་སླེབས་ཤིང་། སྐྱེ་ཁམས་མ་ལག་འཐུས་ཚང་ངང་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད་པས། སླད་ཕྱིན་གྱི་ལོ་ལྔའི་ནང་། སྔར་བཞིན་མཛེས་སྡུག་ལྡན་པའི་བོད་ལྗོངས་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།   
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ས་དབྱིབས་ཀྱི་ཟུར་གཅིག པར་གྱི་ཡོང་ཁུངས།  གཙང་གསུམ་འབྱུང་ཡུལ་་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས། 
          རྨ་འབྲི་རྫ་གསུམ་གྱི་ཆུ་འགོར་སྲུང་སྐྱོབ་ཡག་པོ་བྱས་ཏེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”བརྟན་འཛུགས་བྱས་ཏེ།  “དྭངས་གཙང་ཆུ་བོ་ཤར་དུ་བཞུར”བ་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་འཛོལ་ཕྲན་བུ་ཙམ་ཡང་བྱུང་མི་ཉན་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པར་ཁག་ཐེག་བྱེད་དགོས།  ཁྱབ་བསྒྲགས་ཚོགས་འདུའི་ཐོགགསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གནད་དོན་སྐོར་བཏོན་ཞིང་།  མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་བཤད་རྒྱུར། “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རེའི་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་སྟེ་འཛུགས་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཨང་དང་པོ་དེ་ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི12.31ཡོད། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་མིག་སྔའི་ཆེས་ཆེ་བའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཡིན་ཞེས་བཤད་ཆོག་སྟེ། དེ་འབྲི་ཆུའི་ཆུ་འགོ་དང་། རྨ་ཆུའི་ཆུ་འགོ། རྫ་ཆུའི་ཆུ་འགོ་བཅས་གླིང་ཁུལ་གསུམ་དུ་འབྲེལ་ཡོད། ཨ་ཆེན་གངས་རྒྱབ་ནི་འབྲི་ཆུའི་ཆུ་འགོའི་ཁྱབ་ཁོངས་སུ་ཡོད་ཅིང་། ཤང་དང་གྲོང་རྡལ12དང་གྲོང་ཚོ5རུ་ཁྱབ་ཡོད”ཅེས་བཤད།  རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ངོ་དུ་མའི་རིང་གི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱེད་པའི་གོམ་སྟབས་མྱུར་མོ་སྒོས་སྐུལ་འདེད་ཏན་ཏིག་བཏང་ཞིང་། ད་ཆ།  སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི12.31 ལྷག་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་། “འབྲུག་དགུ་ཆུ་བཅོས”ཀྱི་རྣམ་པ་གཏོར་ཏེ།  ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་ཙམ་གྱི་ཆུ་འགོའི་ཆུ་བོ་བཞུར་ཏེ་ཧྭ་ཞ་ས་གཞི་ཆེན་པོར་འབབ་ཀྱིན་ཡོད། “མཚེའུ་སྟོང་གི་མཛེས་ལྗོངས”ཡང་བསྐྱར་མངོན་པ་མ་ཟད།  བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས  120ལྷག་གནས་འདིར་འཚོ་གནས་བྱེད་ཅིང་།  དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས11ཡོད།   རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་གནས་ས་དམ་འཛིན་ལེགས་པོ་བྱེད་དགོས་པ་ཕུད། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་འཐུས་ཚང་དང་།  གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དོན་འཁྱོལ་དང་། སྐྱེ་ཁམས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་གི་ཁོར་ཡུག་སྦགས་བཙོག་དང་དེ་བཞིན་རེས་འཁོར་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་རིམ་བཞིན“མཚོ་སྔོན་གྱི་ཉམས་མྱོང”འཚོལ་ཞིབ་བྱས་ཤིང་། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དེ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་གྱི“མ་དཔེར”བསྐྲུན་པར་འབད་འབུངས་བྱེད་བཞིན་ཡོད། 
          གཞན་ཡང་། སི་ཁྲོན་ཞིང་ཆེན་དང་།  ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་གྱིས་ཀྱང་རང་རྒྱལ་གྱི་གནས་ཚུལ་དང་རང་སོ་སོའི་ཞིང་ཆེན་གྱི་གནས་ཚུལ་ཀྱི་རྨང་གཞིའི་ཐོག་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་།  སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས། ཁོར་ཡུག་གི་སྤུས་ཚད།  ལྗང་མདོག་ཐོན་ལས་འཕེལ་རྒྱས། ཚན་རྩལ་གྱི་འདེགས་སྐྱོར་མ་ལགསྐྱེ་ཁམས་རིག་གནས་གྲུབ་པ་སོགས་ཕྱོགས་ཆེན་པོ་འགའ་ནས་ལམ་བཙལ་ཏེ་མདུན་སྐྱོད་བྱེད་ཅིང་།  ས་མཐོའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བྱེད་ནུས་བརྟན་ལྷིང་དང་།  ས་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་སུ་གཏོང་བའི་ཐད་དུས་ཡུན་རིང་བོའི་འབད་བརྩོན་ལྷོད་མེད་བྱས།  
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བསྟན་དོན། “ང་ཚོས་འཛུགས་སྐྲུན་བྱ་རྒྱུའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་དེ་བས་མང་པོ་གསར་སྐྲུན་བྱས་ཏེ་མི་དམངས་ཀྱི་ཉིན་རེའི་ཁེ་ཕན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས་པར་མ་ཟད། ཡང་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ཏེ་མི་དམངས་ཀྱི་ཉིན་རེའི་ཡོང་འབབ་མཐོ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོའང་སྐོང་ཐུབ་དགོས”ཞེས་གསུངས། 
          རྒྱབ་ཤ་དཀར་པོའི་དེབ་ཀྱི་ཁྲོད།  དུས་རབས་གསར་པའི་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན”བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་།  ཀྲུང་གོའི་མི་དམངས་ལ་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱེད་ཐུབ་པར་དེ་བས་ཡིད་ཆེས་ཡོད་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད། 
          ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  རྒྱབ་ཤ་དཀར་པོའི་དེབ་ནི་ཀྲུང་གོ་དང་།  དབྱིན་ཇི།  ཧྥ་རན་སི།  ཨུ་རུ་སུ།  སི་ཕེན།  ཨ་རབ་སོགས་སྐད་རིགས་མང་པོས་འགྲེམས་སྤེལ་བྱས་ཤིང་།  མི་དམངས་དཔེ་སྐྲུན་ཁང་དང་། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་སོ་སོས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཁང་སོ་སོར་འགྲེམས་སྤེལ་བྱས་ཡོད་པ་རེད།