གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཆོས་ལུགས་སློབ་སྦྱོང་དང་། སློབ་གསོ་ལག་ལེན་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

སྤེལ་དུས 2018-07-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཆོས་ལུགས་གཞུང་དོན་ཁང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་གཏིང་ཟབ་སྒོས“ཚད་གཞི་བཞིར་བརྩི་སྲུང་བྱས་ནས་སྔོན་ཐོན་གྱི་གྲྭ་བཙུན་བྱེད་པར་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ་《སྲོལ་ཡིག》ཅེས་བརྗོད་རྒྱུ)སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དེ་ལྷ་སར་སྐོང་ཚོགས་བྱས། འབྲེལ་ཡོད་འགན་ཁུར་བློ་མཐུན་སོ་སོས“ཚད་གཞི་བཞིར་བརྩི་སྲུང་བྱས་ནས་སྔོན་ཐོན་གྱི་གྲྭ་བཙུན་བྱེད་པར་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་དང་ལག་ལེན་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་བ་དང་《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
རི་མོ་འདི་ནི་ཚོགས་འདུའི་ཡུལ་དངོས་རེད། 
           གྲོས་ཚོགས་ཀྱིས་བསྟན་དོན། ས་གནས་ཀྱི་གྲོང་ཁྱེར་ཁག་དང་སྡེ་ཁག་སོ་སོས་བྱེད་སྒོ་རྣམ་གྲངས་གཉིས་པོ་ཏན་ཏིག་ངང་སྤེལ་བའི་བསམ་གཞིག་གི་ཁ་གསལ་བ་དང་། དམིགས་ཚད་ཀྱི་ཁ་གསལ་བ། གཙོ་གནད་འབུར་ཐོན་ཡིན་པ་དང་བྱ་ཐབས་ནུས་ལྡན་བཅས་ཀྱི་ལས་ཀ་བསྒྲུབས་ཚུལ་སྙན་སེང་ཞུས་ཤིང་། དེར་གྲུབ་འབྲས་བརྗོད་ལ་གནད་དོན་ཡང་བཤད་དེ་བོད་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པོ་གོམ་སྟབས་གསར་པ་ཞིག་ཏུ་བསྐྱོད་ཡོད།  ལྗོངས་ཡོངས་ནས“ཚད་གཞི་བཞིར་བརྩི་སྲུང་བྱས་ནས་སྔོན་ཐོན་གྱི་གྲྭ་བཙུན་བྱེད་པར་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་དང་ལག་ལེན་བྱེད་སྒོ་དང་《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་ཀ་གཏིང་ཟབ་ངང་སྤེལ་བ་ནི་ལྗོངས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ནི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། གནས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོར་བསྒྲུབས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། དེ་ནི་མིག་སྔར་དང་འབྲེལ་ཏེ་དོན་སྙིང་གལ་ཆེན་ལྡན།
རི་མོ་འདི་ནི་ཚོགས་འདུའི་ཡུལ་དངོས་རེད། 
           གྲོས་ཚོགས་ཀྱིས་ནན་བཤད་གནང་དོན། རིམ་པ་ཁག་གི་ཏང་སྲིད་རྩ་འཛུགས་དང་། ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་ཁག་གིས་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་ཚད་གཞི་མཐོ་པོ་དང་། བླང་བྱ་ནན་པོ། བཀོད་སྒྲིག་ཞིབ་ཚགས་ལྟར་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོའི་བརྗོད་དོན་གཙོ་བོ་དེ་གཞུང་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུས་ལྡན་གྱི་ཐབས་ཤེས་ཀྱིས་སློབ་སྦྱོང་ཡིད་ལ་དམ་པོར་འཇགས་པར་བྱ་རྒྱུ། ཞིབ་ཚགས་ཆེ་བའི་ལས་ཀས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་དང་། གཟབ་ནན་ཏན་ཏིག་གི་ལྟ་སྐུལ་སློབ་སྟོན་གྱིས་འགན་འཁྲི་དོན་འཁྱོལ་ཡོང་བར་འལན་ལེན་བྱེད་དགོས། གཅིག་གིས་མང་པོ་ཁྲིད་པ་དང་གཡོ་བཟོས་སྒྲོག་འགྲེལ་བྱ་བ་གཏན་འགོག་བྱས་ཏེ་ཆོས་ལུགས་སློབ་སྦྱོང་དང་སློབ་གསོ་དང་ལག་ལེན་བྱེད་སྒོ་ལེགས་པོར་བསྒྲུབས་དགོས།
རི་མོ་འདི་ནི་ཚོགས་འདུའི་ཡུལ་དངོས་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། “ཚད་གཞི་བཞིར་བརྩི་སྲུང་བྱས་ནས་སྔོན་ཐོན་གྱི་གྲྭ་བཙུན་བྱེད་པར་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དེ་ཟླ5པ་ནས་བཟུང་སྔ་རྗེས་སུ་སྒྲོག་འགྲེལ་གསོ་སྐྱོང་སྦྱོང་བརྡར་བྱེད་སྒོ་ཐེངས་གཉིས་སུ་སྤེལ་ཞིང་། བསྡོམས་པས་སྒྲོག་འགྲེལ་པ་མི464ལྷག་ལ་གསོ་སྦྱོང་བྱས་པར་མ་ཟད། ལྷ་ས་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་དགོན་སྡེར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་བའི་ཐད་ཟུང་འབྲེལ་བྱ་རྒྱུ་གཙིགས་སུ་བཟུང་ནས་འབྲེལ་ཡོད་སྨྱན་སྦྱོར་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དོན་ཆ་ཚང་དགོད་པར་མཐུན་སྦྱོར་སྤེལ་བ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་གདན་དྲངས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་དང་རྒྱས་བཤད་གཏིང་ཟབ་དང་རྒྱུད་རིམ་ལྡན་པ་བྱས་ཤིང་། སྒྲོག་འགྲེལ་པའི་དཔེ་ཁུག་ཆུང་ཆུང་བཟོས་པ་དང་། ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སྐོར་གྱི་ཤེས་བྱའི་དྲི་བ་དྲིས་ལན་གྱི་རིག་ཚན་འགྲན་སྡུར་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། བྱེད་སྒོའི་ཡིད་དབང་འགུགས་ཤུགས་དང་། ཤུགས་རྐྱེན་ཐེབས་ཤུགས་སོགས་ཟམ་མི་ཆད་པར་ཆེ་རུ་བཏང་ངོ་། །