གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་ཅིན་ཕིང་གིས་འབྲུབ་འགོག་ཉེན་སྐྱོབ་གནོད་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2018-07-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ། མིག་དམར་རྒྱལ་པོ།
          སྤྱི་ཟླ་བདུན་པའི་ཚུན། རང་རྒྱལ་གྱི་ས་ཆ་མང་པོར་ཆར་པ་ཆེ་བ་ནས་དྲག་ཆར་བབས་པ་དང་། འབྲི་ཆུར་ཆུ་ལོག་ཐེངས་གཉིས་ཐོན་པ། ཅ་ལིང་ཅང་གཙང་པོའི་སྟོད་རྒྱུད་དང་ཕི་ཅང་གཙང་པོའི་སྟོད་རྒྱུད། ཐོ་ཅང་གཙང་པོའི་སྟོད་རྒྱུད་བཅས་སུ་ཆུ་ལོག་ཚབས་ཆེན་ཐོན་པ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་དུ་ཆུ་ལོག་ཆེན་པོ་ཐོན་པ། རྨ་ཆུར་ཆུ་ལོག་ཐོན་པ། ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་ཁག་གཅིག་ཏུ་ཉེན་བརྡའི་ཚད་གཞི་ཡན་གྱི་ཆུ་ལོག་ཐོན་ཡོད། སྤྱི་ཟླ་བདུན་པའི་ཚེས་༡༨ཉིན་བར་སླེབས་དུས་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་༢༧ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ནས་མི་བྱེ་བ་གཉིས་དང་ལྔ་འབུམ་སུམ་ཁྲི་དང་། ལོ་ཏོག་སྤྱི་ཆིང་༡༧༥༩གནོད་འཚེ་བཟོས་པ། གནོད་འཚེའི་རྐྱེན་པས་མི་༥༤གྲོངས་པ་དང་། མི་བརྒྱད་གར་སོང་ཆ་མེད་གྱུར་བ། ཁང་པ་ཉིས་ཁྲི་སུམ་སྟོང་ལོག་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་༥༡༦བཟོས་ཡོད།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔའི་འབྲུབ་ཆུའི་གནས་ཚུལ་ལ་མཐོང་ཆེན་པོ་གནང་བ་མ་ཟད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད།
          ཁོང་གིས། མིག་སྔར། ཆུ་ལོག་དང་ཞོད་སྐྱོན། རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེ་ཐོན་མང་བའི་དུས་ཚིགས་ཡིན་པས། འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ཀྱིས་ལྟེ་བ་བྱས་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་སྒྲིག་འཛུགས་བྱེད་པ། ཚད་གཞི་ཆེ་ཤོས་ཐོག་ནས་མི་སྣ་འཆི་རྨས་ཉུང་དུ་འགྲོ་བ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ། ཚད་གཞི་ཆེ་ཤོས་ཐོག་ནས་གནོད་འཚེའི་གྱོང་གུན་དམའ་རུ་འགྲོ་བ་བྱེད་དགོས། སྟབས་བསྟུན་ལས་རེས་ལ་ཤུགས་སྣོན་དང་། ལས་ཀའི་འགན་ཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྔོན་ཇུས་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་གནོད་འཚེ་གང་མགྱོགས་ཐག་གཅོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། གནམ་གཤིས་དང་། ཆུ་ལོག་ཞོད་སྐྱོན། ས་གཤིས་གནོད་འཚེ་བཅས་ཀྱི་ལྟ་ཞིབ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རིགས་མི་འདྲ་བའི་མི་མངོན་པའི་རྐྱེན་ངན་ཐོན་སར་དམ་པོར་དམིགས་པ། ཞིབ་བཤེར་ནན་པོ་བྱེད་པ། རིགས་མི་འདྲ་བའི་གནོད་འཚེ་དང་སླར་ཡང་གནོད་འཚེ་ཐོན་རྒྱུར་གཏན་འགོག་ནན་པོ་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྟབས་བསྟུན་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། ས་གནས་ཀྱིས་ཉེན་སྐྱོབ་གནོད་སེལ་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་པ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་འགན་སྲུང་བྱེད་དགོས་པའི་ནན་བཏོན་གནང་ཡོད།
          གནོད་འཚེ་ཕོག་པའི་ས་ཁུལ་གྱིས་སྟབས་བསྟུན་ལག་བསྟར་བྱེད་འགོ་བཙུགས་ཟིན་པ་དང་། གཅིག་གྱུར་འཆར་འགོད་ངང་ཇུས་འགོད་དང་། བྱ་ཐབས་ཞིབ་ཕྲ་བཟོ་བ། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། ནུས་ཤུགས་ཡོད་རྒུས་ཉེན་ཁ་ཆེ་སར་སྐོར་ཞིབ་མྱུར་སྲུང་དང་། ཆུས་གཏོར་སྐྱོན་བཏང་བའི་སྒྲིག་བཀོད་ཉམས་བཟོ་མྱུར་བཟོ་བྱེད་པ། མི་སྣ་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྟབས་བསྟུན་དོ་དམ་པུའུ་བཅས་ཀྱིས་ལས་དོན་ཚོགས་ཆུང་འབྲུབ་འགོག་གི་འཐབ་ས་དང་པོར་མངག་གཏོང་བྱས་ཟིན་ནས། ས་གནས་ཀྱིས་འབྲུབ་འགོག་དང་ཉེན་སྐྱོབ་གནོད་སེལ་ལས་དོན་སྤེལ་རྒྱུར་སྐུལ་འདེབས་དང་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།