དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ལོ་སྟོད་ཀྱི་དངུལ་རྩའི་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ།

སྤེལ་དུས 2018-08-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྣམ་རྒྱལ།
མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་5100ལྷག་ཙམ་ཟིན་པ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4300ལྷག་ཙམ་ཟིན་པ།
           ཉེ་ཆར། གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་བབ་བརླིང་བར་གནས་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་བཅོལ་དངུལ་དང་དངུལ་བུན་ལུགས་མཐུན་དང་ཚད་རན་པོའི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5158.23དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4389.17ཟིན་ནས་དངུལ་རྩའི་འཁོར་རྒྱུག་རྣམ་པ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
           ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5158.23ཟིན་ནས་དུས་མཚུངས་ལས་9.38%འཕར་བ་དེའི་ཁྲོད་ཁྱབ་ཆེའི་སྲིད་གཞུང་རིགས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་2875.83ཟིན་པ་དེ་དུས་མཚུངས་ལས་3.54%འཕར་ནས་བཅོལ་དངུལ་ཁག་གི་55.75%བཟུང་སྟེ་བཅོལ་དངུལ་གྱི་ཡོང་ཁུངས་གཙོ་བོར་གྱུར་པ་དང་། ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་824.54ཟིན་པ་དེ་དུས་མཚུངས་ལས་4.08%འཕར་ཡོད་པ་རེད།
           དེ་དང་དུས་མཚུངས་རང་ལྗོངས་ཀྱི་ལོ་སྟོད་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་བརྟན་པོའི་ངང་འཕར་ནས་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་4389.17ཟིན་པ་དེ་དུས་མཚུངས་ལས་24.15%འཕར་ཡོད། དངུལ་བུན་གྱི་སྡེ་ཚན་ནས་བལྟས་ན་ཁྱིམ་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་558.21ཟིན་པ་དེ་དུས་མཚུངས་ལས་24.49%འཕར་ཡོད་པ་དང་། དངུལ་རྩ་མིན་པའི་ཁེ་ལས་དང་དེ་བཞིན་ལས་ཁུངས་ཀྱི་ཚོགས་པའི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་3830.96ཟིན་པ་དེ་དུས་མཚུངས་ལས་24.10%འཕར་ཡོད། དངུལ་བུན་གྱི་དུས་ཚད་ནས་བལྟས་ན་དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་ཀྱིས་བསྡུར་ཚད་བཟུང་ཚད་ཆེ་ཙམ་ཡོད་པ་དང་དེའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་3770.92ཟིན་པ་དེ་དུས་མཚུངས་ལས་27.64%འཕར་བ་དེ་དངུལ་བུན་ལྷག་གྲངས་ཁག་གི་85.91%བཟུང་བ་རེད།
           རང་ལྗོངས་ཀྱི་ལོ་སྟོད་ཀྱི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་གཞིགས་ན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ལི་ཡུས་ཧྥུའུ་ཡིས་ལོ་སྟོད་དུ་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཁག་ལོ་འགོ་ནས་ལག་བསྟར་བྱས་ཚུན་ཕན་འབྲས་ཡག་པོ་ཐོན་པ་སྟེ། གཅིག་ནས་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་འཕར་ཚད་དེ་སྔོན་དཔག་ལས་ཡག་པ་བྱུང་ནས་ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1419.75ཟིན་པ་དེ་དུས་མཚུངས་ལས་45.21%འཕར་ཏེ་དངུལ་བུན་ཁག་གི་32.35%བཟུང་ཡོད་པ་དང་། གཉིས་ནས་དངུལ་རྩའི་སྒྲིག་གཞིས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་དང་ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1535ཟིན་ནས་དུས་མཚུངས་ལས་77%འཕར་བ་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1335.61ཟིན་པ་དེ་དུས་མཚུངས་ལས་42.21%འཕར་ཏེ་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་18.06གིས་མཐོ་བ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།