གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཞོན་ནུ་ཚོགས་པ་འདིས་བརྟག་དཔྱད་ཏན་ཏིག་གིས་དམ་བཅའ་མངོན་འགྱུར་བྱས།

སྤེལ་དུས 2018-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ཞིང་ལས་སློབ་ཆེན་ཧྥིང་ཡུན་ཧྲེའི་སྤྱི་ཚོགས་རིག་གནས་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ། དུས་ཡུན་གཟའ་འཁོར་གཅིག་ཙམ་རིང་ཡུལ་དངོས་སུ་བརྟག་དཔྱད་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
           ཞིང་ལས་སློབ་ཆེན་གྱི་ཧྥིང་ཡུན་ཧྲེ་ནི་2003ལོའི་ཟླ་12པར་བཙུགས་པ་དང་། རྒྱལ་ཡོངས་སུ་བསྟུད་མུར་ལོ་14ལ་བོད་ལྗོངས་སུ་བསྐྱོད་ནས་སྤྱི་ཚོགས་བརྟག་དཔྱད་ཞིབ་འཇུག་བྱས་པའི་སློབ་གྲྭ་ཆེན་མོ་བའི་དཔུང་ཁག་ཁོ་ན་ཡིན།
དབྱར་གསེང་བྱེད་སྒོའི་ནང་ཞུགས་པའི་རུ་མི་ཚོའི་དྲན་རྟེན་མཉམ་པར།
           པ་སྣམ་རྫོང་ནི་ཉེ་བའི་ལོ་གཉིས་རིང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བའི་མཚོན་བྱེད་རང་བཞིན་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་ས་བབ་ཆགས་ཚུལ་གྱི་ལེགས་ཆ་དང་། གཞུང་དྲང་བག་ཡངས་པའི་དམངས་སྲོལ། ཉི་ཆུ་འཛོམས་པའི་གནམ་གཤིས་གྱི་ཆ་རྐྱེན་བཟང་པས་སྐད་གྲགས་ཆེ།
རྟོག་ཞིབ་རུ་ཁག་གི་རུ་མི་ཚོས་ཇོ་མོ་བླ་རི་ཚད་ཡོད་ཀུང་སི་རུ་དྲན་རྟེན་མཉམ་པར་བསྐྱོན།
           ད་ལོའི་ཚན་ཞིབ་རུ་ཁག་གི་བརྟག་དཔྱད་ཞིབ་འཇུག་གི་སྐོར་གླེང་སྐབས། ད་ལྟའི་ཚན་རིག་རྟོག་ཞིབ་རུ་ཁག་གི་འགོ་འཛིན་པ་སུན་ཡུས་ཁུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་བརྟག་དཔྱད་ནི་པ་སྣམ་རྫོང་བོད་ལྷམ་ཐོན་ལས་འཕེལ་རྒྱས་དང་། པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས། དེ་བཞིན་བོད་སྐྱོར་དྲོད་ཁང་ཆེ་མོའི་ལག་རྩལ་འཕེལ་རྒྱས་ཀྱི་གནས་བབ། པ་སྣམ་རྫོང་ལུས་རྩལ་དང་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན། པ་སྣམ་རྫོང་གློག་རྡུལ་ཉོ་ཚོང་ལས་རིགས་འཕེལ་རྒྱས་ཀྱི་གནས་བབ་སོགས་ཕྱོགས་བཞི་ལ་དམིགས་ནས་སྤེལ་བ་དང་། ལས་རིགས་ཁག་སོ་སོ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་མིག་སྔར་པ་སྣམ་རྫོང་མི་སེར་གྱི་འཚོ་བའི་ཆུ་ཚད་དང་གནས་བབ་ལ་རྟོག་ཞིབ་བྱས།
ལག་ཤེས་བཟོ་བས་བཟོས་པའི་བོད་ལྷམ།
           རྒྱུས་ལོན་བྱུང་བར་གཞིགས་ན། ཚན་ཞིབ་རུ་ཁག་གི་སྤྱི་ཚོགས་བརྟག་དཔྱད་ཞིབ་འཇུག་བྱེད་སྒོ་ནི་ཟླ་7ཚེས་28ཉིན་དངོས་སུ་འགོ་ཚུགས་པ་དང་། ཉིན་དེར་རུ་མི་ཚོས་བོད་ལྷམ་ལག་ཤེས་བཟོ་ལས་ཐད་སྐད་གྲགས་ཆེ་བའི་མ་དབྱེར་གྲོང་ཚོར་བཅར་འདྲི་བྱས། ཁྱིམ་དུ་ཕྱིན་ནས་གཏིང་ཟབ་བཅར་གླེང་བྱས་པ་བརྒྱུད། རུ་མི་ཚོས་བོད་ལྗོངས་མི་དམངས་ཀྱི་སེམས་རྩ་འཁོལ་པོའི་འགྲུལ་མིར་དགའ་བསུ་བྱེད་པ་དང་ལས་ལ་བརྩོན་ཞིང་བབ་ཆགས་པ་ཤེས་ཚོར་བྱུང་། ཟླ་7པའི་ཚེས་30ཉིན། རུ་མི་ཚོ་ཞིབ་འཇུག་ཚོགས་ཆུང་གཉིས་སུ་ཁག་བགོས་ཏེ་པ་སྣམ་རྫོང་གྲོང་ནང་“སྟེས་འཕྲད་”ཀྱིས་བཅར་འདྲི་བྱས། རིན་ཐང་ཆེན་པོ་ལྡན་པའི་ཆ་འཕྲིན་མང་པོ་ཐོབ་པ་དང་། སོ་སོས་འགན་འཁུར་བའི་ཞིབ་འཇུག་གི་ནང་དོན་ལ་ཤེས་རྟོགས་གཏིང་ཟབ་བྱུང་།
ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་ལག་ཤེས་བཟོ་མཁས་པ་ཨ་ཁྱུང་ལ་བཅར་འདྲི་བྱེད་བཞིན་པ།
           ཟླ་7ཚེས་31ཉིན། ཚན་རིག་རྟོག་ཞིབ་རུ་ཁག་བོན་ཚང་གྲོང་ཚོར་སླེབས། སྔོ་ཚལ་འགྱིག་ཤོག་གི་དྲོད་ཁང་ཆེ་མོའི་ནང་། ལོ་ཙཱ་བའི་རོགས་སྐྱོར་འོག་ཞིང་ནང་དུ་ལས་ལ་བརྩོན་པའི་ཞིང་པ་གྲོགས་པོ་ཚོར་གླེང་མོལ་བྱས། ཟླ་8ཚེས་1-2ཉིན་བར། རུ་མི་ཚོ་སོ་སོ་ཀུན་རྭ་གྲོང་ཚོའི་ཁམས་བཟང་ཞིང་ལས་ཐོན་རྫས་ཚད་ཡོད་ཀུང་སི་དང་པ་སྣམ་རྫོང་སྲིད་གཞུང་གི་དྲིལ་བསྒྲགས་པུའུ། པ་སྣམ་རྫོང་དགའ་སྡོང་གྲོང་བརྡལ་གཡའ་སྔོན་གྲོང་ཚོའི་སྲོལ་རྒྱུན་བོད་ལྷམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་སུ་བཅར་འདྲི་བྱས།
རུ་མི་ཚོས་ཀླུང་བོད་སྔོ་ཚལ་ཐོན་ལས་གླིང་དུ་དྲན་རྟེན་མཉམ་པར་བསྐྱོན།
           ཟླ་8ཚེས་3ཉིན་གྱི་སྔ་དྲོར། རུ་མི་ཚོ་རླངས་འཁོར་བསྡད་ནས་ཀླུང་བོད་སྔོ་ཚལ་ཐོན་ལས་གླིང་(འཇའ་ཚོན་སྣ་ལྔའི་ཀུང་སུ།)དུ་སླེབས།  དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་སའི་ཉེ་སར་བཅར། བོད་སྐྱོར་ལས་དོན་སྣ་ཚོགས་པའི་རྒྱབ་སྐྱོར་འོག་ད་ལྔའི་བོད་ལྗོངས་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དངོས་སུ་ཤེས་ཚོར་བྱུང་། རྟོག་ཞིབ་ལས་འགན་བདེ་བླགས་ངང་ལེགས་གྲུབ་བྱུང་།
རུ་མི་ཚོས་ཀླུང་བོད་སྔོ་ཚལ་ཐོན་ལས་གླིང་གི་ལག་རྩལ་པ་དང་གླེང་མོལ་བྱེད་བཞིན་པ།
           རྒྱུས་ལོན་བྱུང་བར་གཞིགས་ན། དེའི་རྗེས་ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་རྟོག་ཞིབ་རུ་ཁག་གི་རུ་མི་ཚོ་བོད་རང་སྐྱོང་ལྗོངས་གཏིང་སྐྱེས་རྫོང་རི་འོག་འགག་སྒོར་བསྐྱོད་ནས་དུས་ཡུན་ཉིན་6གི་དང་བླངས་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་འཆར་ཡོད།(པར་རིས་ནི་ཀྲུང་གོའི་ཞིང་ལས་སློབ་ཆེན་སྤྱི་ཚོགས་རིག་གནས་ཚན་རིག་རྟོག་ཞིབ་རུ་ཁག་གིས་མཁོ་སྤྲོད་བྱས།)