གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས་ཏེ། དྲ་རྒྱའི་གཡོ་ཐབས7གྱིས་ཁྱོད་ཀྱི་གལ་ཆེའི་ཆ་འཕྲིན་ཐ་དག་གཡོ་ལེན་བྱེད་པའི་ཉེན་ཁ་ཤིན་ཏུ་ཆེ་བ།

སྤེལ་དུས 2018-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
             ཉེ་བའི་ལོ་ཤས་རིང་། དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན། སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བ་དེའང་གླེང་གཞི་གསར་པ་ཞིག་མིན་ལ། དེ་དང་བསྟུན། ཆ་འཕྲིན་ཕྱིར་ཤོར་མཁན་ལ་ཆུང་ས་ནས་མི་སྒེར་གྱི་གནས་ཚུལ་གསལ་པོར་རྟོགས་ཀྱི་ཡོད་ལ། ཛ་དྲག་སྐབས་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་དང་དངུལ་བུན་གྱི་གཡོ་ཐབས་བརྟོལ་པ། བཙན་དཀྲིས་བཙན་ལེན་སོགས་ཀྱི་དོན་རྐྱེན་ངན་པའང་བྱུང་ཐོག  སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་གནོད་པའི་ནག་ཉེས་སྔར་བཞིན་མང་བའི་ཚད་དུ་སླེབས་ཡོད་པས། དེ་བཞིན་གནོད་པའང་ཤིན་ཏུ་ཆེན་པོ་ཡོད་པ་རེད།
             ཉེན་རྟོག་པའི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས།   གཡོ་ཐབས་ཆེ་ཤོས7གོང་སྒྲིག་བྱས་ཏེ་དྲ་གྲོགས་རྣམས་བདེ་འཇགས་ངང་དྲ་བར་ཞུགས་རྒྱུ་དང་། རང་གི་ཆ་འཕྲིན་ཕྱིར་མི་ཤོར་པར་དོགས་ཟོན་ནན་མོ་བྱེད་དགོས་པའི་གསལ་འདེབས་བྱས་པ་ལགས།
དྲ་ལམ་དུ་ཅ་ལག་ཉོ་བར་ཡིད་ཆེས་རུང་པའི་དྲ་ཚིགས་ལ་བརྟེན་དགོས་པ།
             དྲ་ལམ་དུ་ཅ་ལག་ཉོ་བའི་གོ་རིམ་ཁྲོད།  མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་པ་ནི་འཛད་སྤྱོད་མཁན་མང་པོར་མགོ་སྐོར་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་རེད།
             ཁྲིམས་འགལ་ཉེས་ཅན་པས་ནམ་རྒྱུན་གོང་སླ་བའི་ཅ་ལག་གིས་གཞན་ལ་བསླུ་བྲིད་གཏོང་པ་དང་། ཆ་འཕྲིན་རྫུན་མའི་རིགས་དྲ་ལམ་གཏོང་པ་བཅས་བརྒྱུད་འཛད་སྤྱོད་པས་ནད་དུག་འདྲེས་པའི་རྩ་གཉིས་ཨང་གྲངས་བཤེར་པར་མགོ་སྐོར་བཏང་ནས་འཛད་སྤྱོད་པའི་མི་སྒེར་གྱི་ཆ་འཕྲིན་དང་རྒྱུ་ནོར་བརྐུ་བ་དང་། གཞན་ད་དུང་ཁ་ཤས་ཀྱིས་དྲ་ལམ་བརྒྱུད་གཞན་གྱི་ཡིག་ཚགས་ཉོས་ནས“སྒོར་ཕྱིར་སློག་པ”ལ་སོགས་ལ་ཁ་གཡར་ནས་འཛད་སྤྱོད་པའི་རུས་མིང་དང་དངུལ་བྱང་ཨང་གྲངས། ཐོབ་ཐང་ལག་ཁྱེར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་གཡོ་ལེན་བྱེད་པ། མགོ་སྐོར་མཁན་ཁ་ཤས་ཀྱིས་དངོས་མ་གཉིས་སུ་མེད་པའི་དྲ་ཚིགས་རྫུན་མ་བཟོས་ནས་རིམ་བཞིན་གཡོ་ཐབས་བཀོལ་ནས་འཛད་སྤྱོད་པའི་ཆ་འཕྲིན་གལ་ཆེན་གཡོ་ལེན་བྱེད་པ་རེད།
             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             དྲ་ཐོག་ཏུ་ཅ་ལག་མངོག་ཉོ་བྱེད་སྐབས་གང་ཐུབ་ཀྱིས་ཚད་ལྡན་གྱི་དྲ་ཚིགས་ཆེ་གྲས་སུ་ཉོ་བ་དང་འབྲེལ་དྲ་ཚུགས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་ཉེན་ཡོད་དྲ་ཚིགས་ལ་གཞོལ་ཅི་ཐུབ་བྱ་དགོས།
             ཡོང་ཁུངས་མི་གསལ་པའི་མཉེན་ཆས་གང་འདོད་དུ་སྒྲིག་འཇུག་མི་བྱེད་པ་དང་། ཁ་བརྡའི་ཁྲོད་གཞན་གྱིས་སྐུར་ཡོང་པའི་སྦྲེལ་ཐག་རང་དགར་དུ་ཁ་མི་འབྱེད་པ།
             དངུལ་ཁང་གི་རྩིས་ཐོ་དང་གསང་གྲངས་འབྲི་སྐབས་དོ་སྣང་གང་ལེགས་བྱེད་རྒྱུ་དང་། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་ནས་དགོས་མེད་ཀྱི་གྱོང་གུད་ཐེབས་སུ་མི་འཇུག་པ།
             དགོས་པ་ཡོད་སྐབས། མི་སྒེར་གྱི་རྩིས་ཐོ་དང་གསང་གྲངས་ལ་བརྟོལ་དཀའ་བའི་གསང་གྲངས་སྣོན་པ།

མི་སྒེར་གྱི་ཆ་འཕྲིན་འདུས་པའི་འཛིན་བྱང་གང་སར་མི་དབྱུག་པ།
             མྱུར་སྐྱེལ་འཛིན་ཡིག  གནམ་གྲུ་པ་སེ། མེ་འཁོར་པ་སེ། ཉེན་བཅོལ་འཛིན་ཡིག   དངུལ་ཁང་དུ་ལས་སྒོ་སྒྲུབ་པའི་འཛིན་བྱང་བཅས་ནམ་རྒྱུན་འཚོ་བའི་ཁྲོད་ཐོན་གྱི་ཡོད་ལ། མི་སྒེར་གྱི་ཆ་འཕྲིན་མང་པོའང་དེའི་ནང་དུ་འདུས་ཡོད་པ་བསྙོན་མེད་རེད། 
             མྱུར་སྐྱེལ་འཛིན་ཡིག་དཔེར་བླངས་ནས་རུས་མིང་དང་སྡོད་གནས། ལས་ཁུངས། ཐ་ན་ཅ་ལག་ཉོས་པའི་མིང་སོགས་ཀྱང་འཛིན་ཡིག་ཆུང་ཆུང་དེའི་སྟེང་མངོན་ཡོད་པ་དང་། མི་སྒེར་གྱི་ཆ་འཕྲིན་བརྒྱ་ཆའི་དགུ་བཅུ་ནི་སེམས་ངན་བཅངས་པའི་མི་དེ་རིགས་ཀྱི་ལག་ཏུ་ཐོབ་སླ་བ་མ་ཟད་བེད་སྤྱད་བཏང་ཆོག་པ་རེད།
             མ་ཟད་དངུལ་ཁང་དུ་ལས་སྒོ་སྒྲུབ་པའི་འབྲེལ་བའི་འཛིན་ཡིག་དང་ཅ་ལག་ཉོས་པའི་པ་སེ་སྟེང་བཅས་ཐ་ན་དངུལ་ཁང་གི་བྱང་བུའི་ཨང་གྲངས། ཉོ་ཚོང་དངུལ་གྲངས་སོགས་མི་སྒེར་གྱི་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཆ་འཕྲིན་ནི་གལ་ཏེ་ཁྲིམས་འགལ་བས་བེད་སྤྱད་བཏང་པ་ཡིན་ན་དེ་བས་ཀྱང་གྱོང་གུན་ཐེབས་སླ་བ་རེད།
             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             སྒེར་གྱི་ཆ་འཕྲིན་འདུས་པའི་དངུལ་འཛིན་ལ་ཉར་ཚགས་དོ་དམ་དང་ཐག་གཅོད་ནན་མོ་བྱས་ཏེ།ཁྲིམས་འགལ་བའི་ལག་ཏུ་ཐེབས་པར་སྔོན་འགོག་བྱེད་དགོས།
             སྤྱོད་སྒོ་མེད་པའི་འཛིན་ཡིག་ཐད་ཀར་མེད་པར་བཟོ་བ་དང་། ཡང་ན་རུས་མིང་དང་ཁ་པར། སྡོད་གནས་སོགས་ཡོད་པའི་མི་སྒེར་ཆ་འཕྲིན་བསྲུབས་རྗེས་དབྱུག་དགོས
             ཕན་པ་ཡོད་པའི་འཛིན་ཡིག་ལ་ཉར་ཚགས་དོ་ནན་བྱ་དགོས་པ་ལས་གང་བྱུང་དུ་མི་དབྱུག་པ་སེམས་ལ་དམ་པོར་འཇགས་དགོས།
དྲ་ཐོག་གཏོང་སྤྲོད་བདེ་འཇགས་ལ་དོ་སྣང་བྱེད་དགོས།
             མིག་སྔར། དྲ་ཐོག་ནས་གཏོང་སྤྲོད་དང་དྲ་ལམ་དངུལ་ཁང་བཅས་བེད་སྤྱོད་གཏོང་ཡུལ་གཙོ་བོར་གྱུར་ཡོད་ཅིང་། དེ་བཞིན་མི་མངོན་པའི་བདེ་འཇགས་ཐད་ཀྱི་གནད་དོན་ཡང་མང་པོ་མངོན་ཀྱི་ཡོད་པ་རེད།
             དྲ་ཐོག་གི་དྲ་ཚིགས་རྫུན་མ་དག་ཏུ་ཁྲིམས་འགལ་ཉེས་ཅན་པས་དྲ་བའི་ལྟག་རྒྱབ་ནས་དངུལ་བྱང་གི་ཨང་ཐོ་དང་གསང་གྲངས་ལྐོག་ལེན་བྱེད་ཀྱི་ཡོད་ཅིང་། འཛད་སྤྱོད་པས་གནོད་སྐྱོན་ཅན་གྱི་མཉེན་ཆས་ཕབ་ལེན་བྱས་རྗེས། ཁ་པར་དངུལ་ཁུག་ནང་གི་སྒོར་སྐད་ཅིག་ཉིད་ལ་མེད་པར་གྱུར་ལ། མུའུ་མ་དྲ་དུག་ཁ་པར་གྱི་ལྟག་རྒྱབ་ཏུ་སྐུང་པའམ་མཉེན་ཆས་གཞན་པར་བརྫུས་ནས་དངུལ་ཁང་གི་ཨང་ཐོ་དང་གསང་གྲངས་ལྐོག་ལེན་བྱེད་པའམ་ཐ་ན་གཏོང་སྤྲོད་ཆ་འཕྲིན་ཡང་བརྐུས་ནས་དངུལ་བྱང་ནང་གི་རྒྱུ་ནོར་ཐམས་ཅད་སྐད་ཅིག་ཉིད་ལ་མེད་པར་གཏོང་ངེས།
             གཞན་ཡང་། སྤྱི་བའི་ཁོར་ཡུག་ཏུWiFiབདེ་འཇགས་སྲུང་སྐྱོབ་ནུས་པ་ཅུང་ཉམས་ཞན་ཡིན་ཏེ།རྐུན་ཉེས་པའི་སྒྲིག་ཆས་སྟབས་བདེ་རེར་བསྟུནWiFiསྤྱོད་མཁན་གང་རུང་གི་ཐོ་འགོད་མིང་དང་གསང་གྲངས་བརྐུ་ཐུབ་ལ།  ཐ་ན་དྲ་བའི་དངུལ་ཁང་དང་གཏོང་སྤྲོད་ཨང་ཐོ།  གསང་གྲངས་སོགས་ཆ་འཕྲིན་ཡོད་ཚད་བརྐུ་ཐུབ་པ།

             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             དྲ་ཐོག་གཏོང་སྤྲོད་བྱེད་དུས། གང་ནུས་སྒོས་བཞུར་ཚད་སྤྱད་དེ་གཏོང་སྤྲོད་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ།
             གཞན་ཡང་། ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་མ་ལག་ཕབ་ལེན་བྱེད་པར་ཚད་ལྡན་གྱི་ཉེར་སྤྱོད་ཚོང་ཁང་དུ་ཕྱིན་དགོས་པ།
ཉིས་ལག་བརྒྱུད་པའི་ཁ་པར་ལས་ཆ་འཕྲིན་ཕྱི་ལ་ཤོར་བར་གཟབ་གཟབ་བྱེད་དགོས།
             ཡོངས་བསྒྲགས་བྱས་པའི་ཡིག་ཚགས་ལས་མངོན་པ་ལྟར་ན།རང་རྒྱལ་དུ་ལོ་རེར་ཁ་པར་དུང་ཕྱུར་ལས་བརྒལ་པ་་བརླགས་ཚར་གི་ཡོད་ལ།  ཉིས་ལག་བརྒྱུད་པའི་ཁ་པར་ནི་སྒེར་གྱི་ཆ་འཕྲིན་ཕྱི་ལ་ཤོར་བའི་ཉེས་ཁུངས་གཙོ་བོ་རེད།
             བརྟག་དཔྱད་ལ་གཞིགས་ན།  སྒོར་བཅུ་ཕྲག་ཁ་ཤས་བརྒྱ་ཕྲག་ཁ་ཤས་བྱིན་ཚེ། ཁ་པར་དུ་ལྷགས་པའི་གཞི་གྲངས་སྟབས་བདེ་ངང་ལག་སོན་བྱུང་ཐུབ་པ་དང་། ཉིས་ལག་ཁ་པར་བརྒྱུད་ཚོང་བྱེད་མཁན་ཚོང་བ་དག་གིས་སྐབས་གླགས་འདིར་བསྟུན།མི་སྒེར་གྱི་ཆ་འཕྲིན་ལོག་ཚོང་རྒྱག་པ་དང་།སྒོར་ཟུར་འགའི་གོང་ཚད་ཀྱིས་ཁ་པར་ནང་གི་ཁ་པར་ཨང་གྲངས་དང་འབྲེལ་འདྲིས་མིང་ཐོ། གཏོང་སྤྲོད་བྱང་བུའི་ཨང་ཐོ་སོགས་ཆ་འཕྲིན་བཙོང་གི་ཡོད་ཅིང་། སྒེར་གྱི་ཆ་འཕྲིན་ལྐོག་ལེན་བྱས་པ་ཡིན་ཚེ། རྒྱུ་ནོར་དང་མི་སྒེར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཤིན་ཏུ་ཁག་པོ་རེད།

             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             ཐག་གཅོད་བྱས་མེད་པའི་སྒེར་གྱི་ཆ་འཕྲིན་ཅན་གྱི་ཁ་པར་རང་དགར་མི་བསྐྱུར་བ་དང་ཡང་ན་ཕྱིར་འཚོང་མི་་བྱེད་པ།
             ཁ་པར་རྙིང་བ་ཐག་གཅོད་སྐབས་། ཡང་དང་བསྐྱར་དུ་ནང་གསོག་གི་ཡིག་ཚགས་མེད་པར་བཟོ་བ་དང་། ཕྱོགས་གསུམ་པ་ཤད་བྱད་བཀོལ་ནས་གསང་སེལ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་མི་སྒེར་གྱི་འཕྲིན་གཙང་དག་བྱས་ནས་སྒེར་གྱི་གསང་བ་ཕྱིར་ཤོར་བ་འགོག་དགོས།
གང་བྱུང་དུ་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་མི་འཇོག་པ།
             གསོ་སྐྱོང་སྦྱོང་བརྡར་སྡེ་ཚན། བར་སྦྱོར་ལས་ཁུངས། མཛེས་སྤྲས་ཀུང་སི་སོགས་སུ་ལས་སྒོ་གཉེར་སྐབས་མི་སྒེར་གྱི་མིང་ཐོ་དང་འབྲེལ་གཏུག་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་འཇོག་དགོས་ཤིང་། ཅུང་དོ་སྣང་མ་བྱས་པ་ཡིན་་ན་གཞན་གྱིས་ཁྲིམས་འགལ་སྒོས་ལྐོག་འཚོང་བྱེད་ངེས།
             དྲ་བའི་ནང་ཞུགས་སྐབས་རྒྱུན་དུ་བརྟག་དཔྱད་འདྲི་ཤོག་སྣ་ཚོགས་འབྲི་བ་དང་། རོལ་རྩེད་རྩེད་མོ་ཆུང་ཆུང་ལ་ཚོད་ལྟ་བྱེད་པ། ཅ་ལག་ཉོས་ནས་བྱ་དགའ་ལེན་པ། ཡང་ན་རིན་མེད་སྦྲག་བསྐུར་དཔྱད་ཡིག་རེ་ཞུ། ཚོགས་མིའི་བྱང་བུ་རེ་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྤྱིར་བཏང་འབྲེལ་བ་བྱེད་སྟངས་དང་ཁྱིམ་ཚང་གི་སྡོད་གནས་སོགས་སྒེར་གྱི་ཆ་འཕྲིན་གསལ་པོར་འབྲི་དགོས་པ་རེད།
             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             ཁེ་ཆུང་ལ་མི་རྔམ་པར་དྲ་ཐོག་དང་སྲང་ལམ་ནས་རང་སྒེར་གྱི་ལུས་ཐོབ་ངོ་མ་དང་གག་ཁྱེར་ཁ་པར་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་འབྲི་དགོས་པའི་བྱ་དགའ་ལེན་པ་དང་། འགྲན་ཞུགས། མངགས་ཚོང་སོགས་ཀྱི་བྱེད་སྒོར་མི་ཞུགས་པ།
             ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་གང་འདོད་དུ་རང་ཉིད་ཀྱི་འབྲེལ་གཏུག་བྱེད་སྟངས་ཆ་འཕྲིན་མི་འཇོག་པ་དང་། དགོས་མེད་ཁ་པར་ཅི་རིགས་ཡོང་ནས་རང་གི་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཐེབས་པར་དོགས་ཟོན་བྱ་དགོས།
             ལས་ཀ་འཚོལ་བའི་སྐབས་སུ་ཡིན་པའི་དབང་དུ་བཏང་ན་ཡང་། མི་སྒེར་གྱི་གནས་ཚུལ་ཐད་ཀྱང་དགོས་ངེས་ཀྱི་ཆ་འཕྲིན་ཁ་སྐོང་བྱ་དགོས་པའི་དུས་མཚུངས་སུ་ད་དུང་ལས་འཚོལ་ལས་སྟེགས་དང་ཁེ་ལས་ཚད་ལྡན་ཡིན་མིན་ལ་དོ་སྣང་བྱ་དགོས་སོ།

སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་བེད་སྤྱོད་གཏོང་དུས་སྒེར་གྱི་གསང་བར་དོ་སྣང་བྱེད་དགོས།
             དེང་སྐབས། སྐད་འཕྲིན་དང་། QQསོགས་བེད་སྤྱོད་གཏོང་སྐབས། ཁ་ཤས་ཀྱིས་མཉམ་མ་བཞག་པར་རང་དང་གཞན་གྱི་རུས་མིང་དང་ལས་གནས། ལས་ཁུངས་སོགས་ཀྱི་ཆ་འཕྲིན་གསལ་པོར་བཀོད་ཡོད་ལ།
             ཡང་ཁ་ཤས་ཀྱིས་ནམ་རྒྱུན་སྐད་འཕྲིན་ཚོམས་སུ་རང་གི་མེ་འཁོར་པ་སེ་དང་གནམ་གྲུའི་པ་སེ།  ལྗོངས་རྒྱུའི་ས་གནས་སོགས་ཀྱི་ཆ་འཕྲིན་འགོད་པ།
             གཞན་ཁྱིམ་བདག་ཁ་ཤས་ཀྱིས་དྲ་ལམ་དུ་བྱིས་པའི་པར་དང་ཡི་གེ་སོགས་བཀོད་པ་དང་།  མཉམ་མ་བཞག་པར་བྱིས་པའི་གདོང་བྱད་དང་རུས་མིང་སོགས་ཕྱི་ལ་ཤོར་ནས་ཁྲིམས་འགལ་ཉེས་ཅན་པས་ཆ་འཕྲིན་འདི་དག་སྤྱད་ནས་གཡོ་ལེན་དང་བཀག་སྡོམ་བྱེད་པ་རེད།

             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             རབ་ཡིན་ནQQསྐད་འཕྲིན་གྲོགས་ཚོམས་སོགས་སུ་བརྙན་ལམ་དང་འདྲ་པར། ཡི་གེའི་སོགས་རྣམ་པའི་ཐོག་ནས་རང་གི་ཁྱིམ་ཚང་གི་སྡོད་གནས་དང་ལས་ཁུངས་ཀྱི་སྡོད་གནས། བུ་ཕྲུག་གི་གནས་ཚུལ་སོགས་མི་འགོད་པ།
             ཐོབ་ཐང་གསལ་པོ་མེད་པའི་གྲོགས་པོ་ནང་འཇུག་མི་བྱེད་པ་དང་ཆ་རྒྱུས་མེད་པའི་ཚོགས་པའི་ནང་དུ་ཁ་བརྡ་མི་བྱེད་པ།
             མི་ཆ་མེད་ལ་ཁ་བརྡ་བྱེད་སྐབས། ལྷག་པར་དུ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་ལས་གང་བྱུང་དུ་འདོན་སྤྲོད་བྱ་མི་རུང་།
ཐོབ་ཐང་ལག་ཁྱེར་སོགས་འཛིན་ཡིག་བསྐྱར་དཔར་བྱེད་དུས་ངེས་པར་དུ་སྤྱོད་སྒོ་གསལ་པོ་འབྲི་དགོས།
             སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ནི་སྤྱི་དམངས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་འཚོ་བ་སོགས་ཀྱི་ཁེ་དབང་ལས་དོན་ཐད་ཡོངས་ཁྱབ་ཏུ་བཀོལ་བཞིན་ཡོད་པ་མ་ཟད། ཐོབ་ཐང་ལག་ཁྱེར་བོར་བརླག་སོང་ཚེ་མི་སྒེར་གྱི་ལས་དོན་དང་འཚོ་བར་འགོག་རྐྱེན་མང་པོ་བཟོ་གི་ཡོད་ཅིང་། ཐོབ་ཐང་ལག་ཁྱེར་སོགས་འཛིན་ཡིག་གི་བསྐྱར་པར་ཡིག་རིགས་ཁོ་ན་མི་བསམ་ངན་ཅན་གྱིས་བེད་སྤྱོད་བཏང་ཚེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་བཟོས་ཡོད་པ་རེད།
             2016ལོར་ས་ཆ་ག་གེ་མོའི་སྤྱི་བདེ་ཅུས་ལ་སྐྱེས་མ་ཞིག་གི་གྱོད་དོན་སྙན་ཞུ་འབྱོར་ཞིང་། རང་གི་སྡོད་ཁང་རྒྱུས་མངའ་ཕྲན་ཙམ་ཡང་མེད་པའི་གནས་ཚུལ་འོག་ཏུ་གཞན་ལ་འཚོང་འདུག་ཟེར། ཉེན་རྟོག་པའི་ཕྱོགས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། སྐྱེས་མ་དེས་ཐོབ་ཐང་ལག་འཁྱེར་བསྐྱར་དཔར་མ་མཚམས་སྦྱོར་ཁང་ལ་སྤྲད་རྗེས་བར་ཚོང་བྱེད་མཁན་གྱིས་ཁོ་མོའི་བསྐྱར་དཔར་ཡིག་ཆ་ངོ་མར་རྫུན་བཟོ་བྱས་ནས་ཁང་པར་བསླུ་ཚོང་བརྒྱབ་པ་རེད།
             2011ལོར།ཀྲེ་ཅང་གི་སྐུ་ཞབས་ཀྲོའུ་ལགས་ཀྱིས་རང་ཉིད་ཀྱི་དངུལ་བྱང་གིས་ཅི་ཡིན་འདི་ཡིན་ཆ་མ་འཚལ་པར་གཞན་ལ་སྒོར་ཁྲི5ཙམ་གྱི་བུ་ལོན་ཆད་འདུག དོན་ངོ་མར་སློབ་གྲོགས་རྙིང་པས་ཁོའི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་མ་ཁྱེད་ནས་དངུལ་ཁང་མང་པོ་ནས་ཡིད་རྟོན་བྱང་བུ6བཟོས་འདུག་ཅིང་། ལོ་གསུམ་གྱི་དུས་ཚོད་ནང་མ་དངུལ་དང་སྐྱེད་ཀ་སྒོར་ཁྲི5ཙམ་གཏོང་སྤྲོད་བྱས་པ་རེད།
             ཉེན་རྟོག་པའི་ཕྱོགས་ཀྱི་གསལ་འདེབས།
             ཐོབ་ཐང་ལག་ཁྱེར་སོགས་འཛིན་ཡིག་བསྐྱར་དཔར་བྱེད་དུས་ངེས་པར་དུ་སྤྱོད་སྒོ་གསལ་པོ་བྲིས་ནས་མི་གཞན་གྱིས་བེད་སྤྱད་གཏོང་པར་སྔོན་འགོག་བྱ་དགོས།
             ཐོབ་ཐང་ལག་ཁྱེར་ལ་ཆ་མཚོན་ན།ཡིད་རྟོན་བྱང་བུ་རེ་ཞུ་དང་དངུལ་བུན་སྒྲུབ་པ་གང་ཡིན་རུང་།ཐོབ་ཐང་ལག་བསྐྱར་དཔར་མ་བེད་སྤྱོད་གཏོང་དགོས་ཚེ། ངེས་པར་དུ་ཟུར་དུ་གསལ་མཆན་འགོད་དགོས་ཤིང་། སྨྱུ་གུ་སྔོན་པོ་དང་ནག་པོ་བཀོལ་ཏེ་ཡིག་བྲིས་ཁ་ཤས་ཐོབ་ཐང་ལག་ཁྱེར་ངོས་ཀྱི་མིང་དང་སྣོལ་བའམ་འཕྲད་པར་བྱ་དགོས་པ་དང་། ཐིག་ཕྲེང་རེ་རེའི་རྒྱབ་ལ་ངེས་པར་དུ་འཕྲེད་ཐིག་བརྒྱབ་ནས་ཡི་གེ་གཞན་སྣོན་མི་ཐེབས་པ་སྔོན་འགོག་བྱ་དགོས།
             ཐོབ་ཐང་ལག་ཁྱེར་བསྐྱར་དཔར་ལ་གསལ་མཆན་འབྲི་སྟངས་ནི།“ངེད་ཀྱི་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་མ་ནིXX གསོག་དངུལ་ཁང་ཁོ་ནས་མཁོ་འདོན་བྱས་པ་ལས…… གཞན་གྱིས་བེད་སྤྱོད་བཏང་ན་རྩིས་འགྲོ་མེད”ཅེས་འབྲི་དགོས།

མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་ཚེ་ཇི་ལྟར་ཁེ་དབང་སྲུང་སྐྱོབ་བྱ་དགོས།
             རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་གསལ་འདེབས་ལྟར། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་རྗེས། གཤམ་གསལ་གྱི་བྱེད་སྟངས་ཁག་གསུམ་བརྒྱུད་དེ་ཁེ་དབང་སྲུང་སྐྱོབ་བྱས་ཆོག
             གཅིག ཆ་འཕྲིན་ཕྱིར་ཤོར་པའི་མི་སྒེར་སུ་ཡིན་རུང་འཕྲལ་མར་དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་་འབྲེལ་ཡོད་ཆ་འཕྲིན་གསུབ་དགོས་པའམ་ཡང་ན་དགོས་ངེས་ཀྱི་ཐབས་གཞན་སྤྱད་དེ་བཀག་འགོག་བྱ་དགོས་པའི་རེ་བ་བཏོན་ཆོག།
             གཉིས། མི་སྒེར་གྱིས་སྤྱི་བདེའི་སྡེ་ཁག་དང་དྲ་སྦྲེལ་དོ་དམ་སྡེ་ཚན། བཟོ་ཚོང་སྡེ་ཚན། རྫས་སྤྱོད་མཐུན་ཚོགས། ལས་རིགས་དོ་དམ་སྡེ་ཁག་དང་འབྲེལ་ཡོད་ཀྱི་ལས་ཁུངས་ལ་ཞུ་གཏུག་ཐེར་འདོན་བྱས་ཆོག
             ཀྲུང་གོའི་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ལྟེ་གནས་ཀྱི་ཐེར་འདོན་གོང་ཞུའི་སྐུད་ལམ་ནི“12377ཡིན་ལ་དྲ་གནས་ནིwww.12377.cnཡིན།
             གསུམ། འཛད་སྤྱོད་པས་ད་དུང་ཁྲིམས་ལུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་བྱེད་དགོས་སྟེ། དེ་ནི་དབང་ཆར་གནོད་འཚེ་གཏོང་མཁན་གྱིས་དགོངས་དག་ཐུགས་བདེན་ཞུ་བ་དང་ཤུགས་རྐྱེན་གཙང་སེལ་བྱེད་དུ་འཇུག་པ།  མིང་གྲགས་བསྐྱར་གསོ་བྱེད་པ། གྱོང་གུན་སྐྱིན་ཚབ་འཇལ་དགོས་པ་ལྟ་བུའོ།