གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྣོད་བཅུད་སྔོན་སྤེལ་ཏེ། སྲོལ་རྒྱུན་གྱི་དར་ལྕོག་ལ་བརྟེན་ནས་ཚེ་སྲོག་གི་འབྱུང་གཞི་སྲུང་དགོས།

སྤེལ་དུས 2018-08-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་སྐར་མདའ་གྲོང་ཚོའི་རྫ་ཆུའི་མཁའ་མཐར་སྲོལ་རྒྱུན་གྱི་དར་ལྕོག་རླུང་གིས་བསྐྱོད་ཅིང་། རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་སྡོད་ཁུལ་ཞབས་ཞུ་བ་རྣམས་ཀྱི་བཞིན་ལ་དགའ་བའི་འཛུམ་མདངས་རྒྱས།
སྲོལ་རྒྱུན་གྱི་དར་ལྕོག
           རྫ་ཆུ་ནི་འབའ་ཆུའི་ཆུ་ལག་ཡིན་ཞིང་། ཆུ་མིག180ཡོད་པ་དང་། ཆུ་ཆེ་ས35ཡོད། ཡུལ་ཤུལ་གྲོང་ཁྱེར་གྱི་ནང་དུ་ལེ་དབར4.83ཙམ་འབབ་ཀྱི་ཡོད་ལ།  ཡུལ་ཤུལ་གྲོང་ཁྱེར་གྱི་ཆུ་ཁུངས་གལ་ཆེན་དུ་གཏོགས་པས་སྐྱེ་དགུའི་མ་ཡུམ་ཆུ་བོ་རུ་འབོད། ལོ་དུ་མའི་རིང་ལ། རྫ་ཆུ་སྲུང་སྐྱོབ་ནི་རྨ་འབྲི་རྫ་གསུམ་འགོ་ཁུངས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་དང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་གལ་ཆེན་ཞིག་ཏུ་གྱུར།  དེ་ཡང་སྲོལ་རྒྱུན་གྱི་དར་ལྕོག་ཡང་བསྐྱར་འཛུགས་པའི་སྲོལ་དེ་ནི་ཁོང་ཚོས་རྫ་ཆུ་སྲུང་སྐྱོབ་ལ་ཐོབ་པའི་གྲུབ་འབྲས་ཅིག་རེད། 
           རྨ་འབྲི་རྫ་གསུམ་འགོ་ཁུངས་སྣོད་བཅུད་སྲུང་སྐྱོང་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་དོན་གྲུབ་ཆོས་འཕེལ་ལགས་ཀྱིས་འདི་སྐད།  ཉེ་བའི་ལོ་བཅུ་ཕྲག་གི་ཚུན་ལ། ཁྲོམ་ར་ཅན་དང་བཟོ་ལས་ཅན་གྱི་འཕེལ་རྒྱས་དབང་གི་བོད་ཀྱི་ས་ཁུལ་ཁག་གིས་འཐེན་པའི་དར་ལྕོག་མང་ཤོས་ནི་བཟོ་ལས་ཀྱི་དར་ལྕོག་རེད། བཟོ་ལས་དར་ལྕོག་གི་རྒྱུ་ཆ་ནི་རྫས་འགྱུར་ཚི་སྣ་ཡིན་པ་དང་། ཚི་སྣའི་རྒྱུ་དེ་སར་ལྷུང་རྗེས་ལམ་སེང་རུལ་དཀའ་བས། ས་བཅུད་དང་ས་ངོས་ཀྱི་རྩི་ཤིང་ལ་གནོད་པ་བསྐྱལ་ཡོང་བ་དང་། དེའི་སྟེང་ཆར་ཆུ་བབས་རྗེས་བཟོ་ལས་ཀྱི་ཚོན་རྩི་དེ་རིགས་ཆུ་བོར་བབས་ན་ཆུ་བོ་ལ་ཡང་འབག་བཙོག་བཟོ་གི་ཡོད། གཞན་ཕྱུགས་ཟོག་མང་པོས་ས་ངོས་ཀྱི་བཟོ་ལས་དར་སྣེ་རྩྭ་དང་མཉམ་དུ་ཟོས་འགྲོ་བས་དེ་ཧ་ཅང་ཞུ་དཀའ་ལ། མཐའ་མར་ཤི་འགྲོ་བ་སོགས་ཉེ་འཁོར་གྱི་སྡོད་མིའི་དཔལ་འབྱོར་ལ་གོད་ཆག་སློང་གི་ཡོད་པ་རེད།  སྐར་མདའ་གྲོང་ཚོའི་སྡོད་ཁུལ་ཞབས་ཞུ་ས་ཚིགས་སུ་ལོ་དུ་མར་བཅའ་སྡོད་བྱས་པའི་ལས་བྱེད་པ་རྣམས་ཀྱིས།  བཟོ་ལས་དར་ལྕོག་གིས་སྣོད་བཅུད་ཁོར་ཡུག་དང་དཔལ་འབྱོར་ལ་མི་འདོད་གྱོང་གུད་བཟོ་བཞིན་ཡོད་པ་ཤེས་ནས་སྲོལ་རྒྱུན་གྱི་དར་ལྕོག་གིས་བཟོ་ལས་དར་ལྕོག་གི་ཚབ་བྱ་རྒྱུ་ཐག་བཅད་པ་རེད། 
སྲོལ་རྒྱུན་དར་ལྕོག་གི་ཚོན་མདོག་ཡལ་རྗེས་ཡང་བསྐྱར་ཚོན་བྱུག་ཆོག་པས་ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱེད་ཆོག 
           དོན་འགྲུབ་ཆོས་འཕེལ་གྱིས། བོད་རིགས་ས་ཁུལ་གྱི་དར་ལྕོག་དཔར་སྲོལ་ཆ་ནས་བཤད་ན།  གནའ་ནས་བཟུང་ལག་བཟོས་དཔར་སྲོལ་ལ་བརྟེན་གྱི་ཡོད།  སྲོལ་རྒྱུན་དར་ལྕོག་གི་རྒྱུ་ཆ་རས་ཡིན་ཞིང་། དེར་དགོས་ཀྱི་ཐག་པ་ཡང་ལུག་བལ་འཁེལ་ནས་བཟོས་པ་ཡིན།  ཚོན་རྩི་ནི་ཆུ་དང་འོ་མ། ཀ་ར། ཚིལ་བཅས་རང་བྱུང་གི་གཏེར་ཚོན་སྡེབ་ནས་བྱུག་པ་ཡིན་པས།  རྫས་འགྱུར་གྱི་རིགས་ཏིལ་ཙམ་ཡང་མི་འདྲེས་ལ། རང་བྱུང་ཁོར་ཡུག་ལ་གནོད་འཚེ་མེད།  དར་ལྕོག་བཟོ་བའི་གོ་རིམ་ཧ་ཅང་སླ་མོ་ཞིག་ཡིན། ཐོག་མར་ཚོན་རྩི་དཔར་ཤིང་དུ་བཏིངས་རྗེས། རས་རྐྱང་དཀར་བོ་ཐོག་སྦྱར་ནས་ངོས་སྙོམས་པོར་བཏང་མཐར།  རས་རྐྱང་ཕྱིར་བླངས་ནས་ཉི་མར་ལྡེ་བས་ཆོག་ཟེར།
སྐར་མདའ་གྲོང་ཚོའི་གྲོང་མིས་སྲོལ་རྒྱུན་གྱི་དར་ལྕོག་དཔར་བཞིན་པ།
           བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་གོམས་གཤིས་ཁྲོད་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རང་ཤུགས་སུ་གྲུབ་ཡོད་པའི་ཁར།  སྡོད་ཁུལ་ཞབས་ཞུ་བས་ཡར་སྐུལ་དང་སྣེ་འཁྲིད་བརྒྱུད།  གྲོང་མི་མང་ཤོས་ཀྱིས་སྲོལ་རྒྱུན་དར་ལྕོག་གི་བཀོལ་སྟངས་འདི་ལ་ཧ་གོ་བའི་ཚུལ་གྱིས་དང་ལེན་བྱེད་ཀྱིན་ཡོད། སྲོལ་རྒྱུན་དར་ལྕོག་ལ་སྤྱོད་བྱའི་རྒྱུ་ཆ་རྣམས་ནི་དྲི་མ་དང་བྲལ་ཞིང་རུལ་རྡུལ་དུ་འགྱུར་སླ་བས།  ཕྱིར་རང་བྱུང་དུ་ལོག་ཀྱང་ཁོར་ཡུག་ལ་གནོད་པ་ཅི་ཡང་བསྐྱེད་མི་སྲིད་པ་མ་ཟད།  ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱས་ཆོག་པས་བེད་སྤྱོད་དུས་ཡུན་ཧ་ཅང་རིང་བ་དང་། དེ་བཞིན་དུ་བཀོལ་སྤྱོད་ཀྱི་གྲངས་ཚད་ཕྱོགས་ནས་ཀྱང་ཚོད་འཛིན་བྱེད་ཐུབ། གལ་ཏེ་སྲོལ་རྒྱུན་དར་ལྕོག་གི་བེད་སྤྱོད་མངའ་ཁོངས་ཆེ་རུ་བསྐྱེད་ཐུབ་ཚེ།  ཆེད་ལས་ཀྱི་ཐོན་སྐྱེད་བྱས་ཆོག་ལ།  མི་དམངས་མང་ཚོགས་ལ་ཡང་ཞོར་ནས་ཁེ་ཕན་བསྐྲུན་ཐུབ་ཅེས་དོན་འགྲུབ་ཆོས་འཕེལ་གྱིས་སྲོལ་རྒྱུན་དར་ལྕོག་བཀོལ་སྤྱོད་ལ་སྤྲོ་སྣང་གིས་ཁེངས་ཡོད།
           《མཚོ་བོད་མཐོ་སྒང་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གནས་ཚུལ》ཞེས་རྒྱབ་ཤ་དཀར་པོའི་དེབ་ནང་དུ།  མཚོ་བོད་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་བོ་གལ་ཆེན་དུ་མའི་འགོ་ཁུངས་ཡིན་ཞིང་། ཀྲུང་གོའི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་ཆེས་གཟབ་ནན་ཡིན་པའི་མངའ་ཁོངས་གྲས་ཀྱི་གཅིག་ཡིན།  རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་ཆུའི་ཁོར་ཡུག་སྲུང་སྐྱོབ་ལ་བར་མ་ཆད་པར་ཤུགས་བརྒྱབ་ཏེ། ཆུའི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་ལ་སྐུལ་འདེད་དང་།  མཚོ་བོད་མཐོ་སྒང་གི་ཆུའི་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱས།  ང་རང་གཙང་བོའི་འགོ་ཁུངས་ན། ཁྱེད་རང་གཙང་བོའི་འདབས་རོལ་ན།  མཛའ་བརྩེའི་དར་སྐུད་རིང་མོ་དེ།  གཙང་བོའི་ཕྱོགས་ལ་གཏད་ནས་ཡོད་ཅེས་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྟེན་ཏེ་ཕ་ཡུལ་ལ་སྲུང་སྐྱོབ་བྱེད་པ་ཡིན་ཞེས་བཀོད་ཡོད་པ་རེད།