གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཅང་སུའུ་ཡིས་ལྷ་སའི་རྫོང་དང་ཆུས་བཞིའི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱས་པའི་སྐོར་གྱི་དངོས་བྲིས།

སྤེལ་དུས 2018-08-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
བོད་སྐྱོར་མ་དངུལ་སྒོར་ཁྲི་1200བཏང་ནསའཛུགས་སྐྲུན་བྱ་རྒྱུའི་ནན་ཅིང་ཚོད་ལྟའི་བུ་བཅོལ་ཁང་གི་འཆར་འགོད་རི་མོ།
ལྟེ་བའི་དྲན་སྐུལ།
             དམངས་ཕན་གྱི་རྣམ་གྲངས་རེ་རེ་དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་རེ་རེ་བསྒྲུབས་པ་ལས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ཚོགས་པས་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་པ་མཚོན་པ་དང་། ལས་ཀའི་གཙོ་གནད་དང་། རྣམ་གྲངས་ཀྱི་མ་དངུལ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་ཁོངས་སུ་གཟིགས་སྐྱོང་དང་གཅིག་སྡུད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཡིས་ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་དང་། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་། སྟག་རྩེ་ཆུས་བཅས་ལ་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་11.84བཏང་ནས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་121ལག་བསྟར་བྱས་པ་དང་རྣམ་གྲངས་81འཛུགས་སྐྲུན་བྱས་ཟིན་ཞིང་། རོགས་སྐྱོར་བྱ་ཡུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་ཁྲི་1.23ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
སྟག་རྩེ་ཆུས།  ཡོང་འབབ་དེ་བས་མང་བ་ཡོང་བ་བྱས་པ།
▲སྟག་རྩེའི་བཟོ་ལས་གླིང་ཅི་ཧྲུན་སྐྱེ་དངོས་ནས་ཀྱི་ཚུའུ་ཐོན་སྐྱེད་རྟེན་གཞི་ཡིན་པ།
             གླིང་གི་དཔལ་འབྱོར་ནི་ཅང་སུའུ་ཡི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཞིག་ཡིན་ལ། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་འཐབ་ས་གཙོ་བོ་དེ་ཡང་རེད། སྟག་རྩེ་ཆུས་ཀྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་གླིང་འཛུགས་སྐྲུན་དང་དོ་དམ་བྱེད་པའི་སྔོན་ཐོན་གྱི་ཉམས་མྱོང་ནང་འདྲེན་བྱ་རྒྱུར་མཐོང་ཆེན་བྱས་ནས་སྟག་རྩེའི་མཚོན་རྟགས་ལྡན་པའི་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཏེ། རོགས་སྐྱོར་བྱ་ཡུལ་དེ་ཐོན་ལས་འཕེལ་རྒྱས་དང་། དཔལ་འབྱོར་འཕར་བ། དབུལ་སྒྲོལ་འགག་སྒྲོལ་བཅས་ཀྱི་འཐབ་ས་གཙོ་བོ་ཞིག་ཏུ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད།
             ཅང་སུའུ་ཡི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ཙང་ཡོན་ནས་ཆང་ལས་རིགས་རྣམ་གྲངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་ནས་མི་རེར་ཆ་སྙོམས་ཟླ་རེར་གླ་ཆ་སྒོར་6000ཡན་ཟིན་ཡོད་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར་1བཏང་བའི་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་རྣམ་གྲངས་སྐྲུན་བཞིན་ཡོད་པ་དང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ཟིན་རྒྱུ་རེད། སྟག་རྩེའི་དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དེར་རིམ་རྩིས་ལྟར་ན་བོད་སྐྱོར་མ་དངུལ་སྒོར་ཁྲི་5380བཏང་བ་དང་། སྡོང་ཕྲུག་འདེབས་གསོ་དང་། སོས་ཉར་གྲང་ཉར་གྱི་སྒྲིག་ཆས། ནུས་ཆེ་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་སོགས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱས་ནས། མི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་པ་སོགས་ཀྱི་ཐོན་ལས་རྣམ་གྲངས་ནང་འདྲེན་བྱེད་རོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་གཏོད་རྒྱུར་སྐུལ་འདེད་བཏང་བ། “སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཁེ་ཕན་མཉམ་འབྲེལ་བྱ་ཐབས་ཁྱབ་གདལ་བཏང་ནས་ཉེ་འཁོར་གྱི་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

ལྷུན་གྲུབ་རྫོང་། གྲོང་གསེབ་དབུལ་པོས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་པ།
▲ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་ཡིན་པ།
▲《ཀྲུང་གོའི་རྒྱལ་ཁབ་ས་ཁམས》ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་མཇིང་ནག་གི་ལྟ་ཞིབ་དང་པར་ལེན་རྟེན་གཞིའི་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་པ།
             2017ལོའི་ཟླ་8ཚེས་9ཉིན། ལྷུན་གྲུབ་རྫོང་གི་པད་ཁའི་མེ་ཏོག་ལ་བལྟ་བའི་དུས་ཆེན་སྐབས་དང་པོ་དང་ས་གཙང་ལྗང་མདོག་རྐང་ཐང་མའི་འདུ་ཚོགས་ཆེན་པོ་འཚོགས་པ་དང་། མུ་ཁྱུད་དུ་ཆགས་པའི་རི་ཚོགས་ཀྱི་ཁྲོད་དུ་མུའུ་ཁྲིའི་གསེར་མདོག་ཅན་གྱི་པད་ཁའི་མེ་ཏོག་གིས་རྐང་ཐང་མར་འགྲོ་རྒྱུར་དགའ་མཁན་མང་པོའི་ཡིད་དབང་བཀུག་སྟེ་ཚང་མས་ལྷུན་གྲུབ་རྫོང་ནི་མེ་ཏོག་ལྡུམ་ར་ཞིག་ལྟར་མཛེས་སྡུག་ལྡན་པ་ཞིག་འདུག་ཅེས་བསྔགས་བརྗོད་བྱས།
             ལྷུན་གྲུབ་རྫོང་འདི་ཉིད་ལྷ་སའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གཏོད་ཆེད་སུའུ་ཀྲོའུ་ཡི་བོད་སྐྱོར་ལས་བྱེད་པ་མི་རབས་མང་པོ་ཞིག་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད།2016ལོའི་ལོ་མཇུག་བར་སུའུ་ཀྲོའུ་ཡིས་ཁག་མི་འདྲ་བའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་7.25བཏང་ནས་སྒོར་ཁྲི་50ཡན་གྱི་རྣམ་གྲངས་110ལག་བསྟར་བྱས་པ་རེད།
             ལྷུན་གྲུབ་རྫོང་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། དེ་ནི་ལྷ་སའི་ཡུལ་སྐོར་གྱི་བྱང་སྐོར་ལམ་ཐིག་གི་མཚམས་ཚིགས་གལ་ཆེན་གྱི་གྲས་ཤིག་རེད། ཅང་སུའུ་ཡིས་བོད་སྐྱོར་གྱི་གཙོ་གནད་དེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར་གསོ་སྦྱོང་། གནད་སྨིན་དབུལ་སྐྱོར། གནད་སྨིན་དབུལ་སྒྲོལ་སོགས་ལ་བཞག་ནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་པ་དང་། ཡུལ་སྐོར་གྱི་ཆ་རྐྱེན་ཕུན་སུམ་ཚོགས་སུ་བཏང་ནས་ལྷུན་གྲུབ་རྫོང་གི་ཡུལ་སྐོར་ལ་འཕེལ་རྒྱས་གསར་པ་ཡོང་ཐབས་བྱས་ཏེ་གྲོང་གསེབ་དབུལ་པོའི་མང་ཚོགས་ཚང་མས་སྣོད་བཅུད་དང་ཡུལ་སྐོར་ལས་ཡོང་འབབ་གསོག་ཐུབ་པ་བྱས་པ་རེད། སྟག་ལུང་གྲོང་ཚོ་དང་། ཐང་མགོ་གྲོང་ཚོ། བཅོམ་མདོ་གྲོང་ཚོ་སོགས་ཁྱད་ལྡན་གྲོང་ཚོ་འཛུགས་སྐྲུན་བྱས་ནས་འབྲེལ་ཡོད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་རྟ་སྒ་ཆ་སྒྲིག་བྱས་ཏེ་ཞིང་འབྲོག་པའི་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་། དམངས་སྲོལ་འཁྲབ་སྟོན་སོགས་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་བ་རེད། ཅང་སུའུ་ཡི་བོད་སྐྱོར་རུ་ཁག་གིས་ད་དུང་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྭ་སྒྲེང་ཡུག་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་རེད།
མལ་གྲོ་གུང་དཀར་རྫོང་།  སློབ་གསོ་དང་སྨན་བཅོས་ཐད་ནས་དབུལ་སྐྱོར་བྱས་པ།
▲མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཤགས་བཅོས་བྱེད་བཞིན་པ།
             དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་རིང་། ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་གནད་སྨིན་དམ་བཟུང་བྱས་ཏེ་སློབ་གསོའི་སྤུས་ཚད་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུར་གཞོལ་ཡོད།
             མང་ཚོགས་ཀྱི་རེ་སྒུག་བྱ་ཡུལ་དེ་ལས་ཀའི་ཁ་ཕྱོགས་སུ་བརྩིས་ཤིང་། ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྨན་བཅོས་བོད་སྐྱོར་ལ་དམིགས་ནས་སྨན་བཅོས་སྒྲིག་ཆས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་སྨན་བཅོས་བོད་སྐྱོར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་རེད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་སྔོན་དུ“ཀ་པ་རིམ་པ་གཉིས་པའི་སྨན་ཁང”གཏོད་འགོ་བཙུགས་པས་ཞབས་ཞུའི་སྤུས་ཚད་དང་སྨན་བཅོས་ཆུ་ཚད་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་གི་མདུན་གྲལ་དུ་སླེབས་ཡོད། མལ་གྲོ་གུང་དཀར་རྫོང་གི་སྨན་བཅོས་སྐྱོབ་རོགས་མ་ལག་དང་སྨན་བཅོས་སྤུས་ཚད་མཐོ་རུ་ཕྱིན་པ་དེས་མང་ཚོགས་དབུལ་པོར་སྨན་བཅོས་འགན་ལེན་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ནས། མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོ་ཆགས་རྒྱུ་བཀག་འགོག་ཐུབ་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རྩེ་གཅིག་ཏུ་གཞོལ་བའི་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་རེད།
             དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྟོབས་ཀྱི་དབུལ་སྐྱོར་བྱེད་དགོས་ཤིང་། ནན་ཅིང་གྲོང་ཁྱེར་གྱིས་མལ་གྲོ་གུང་དཀར་རྫོང་གི་ལས་དོན་ཚོགས་ཆུང་ལ་རོགས་སྐྱོར་བྱས་ཏེ་ཚན་རིག་དང་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གསོའི་བོད་སྐྱོར་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རབས་ནས་མི་རབས་བར་དབུལ་པོ་ཡིན་པའི་རྩ་བ་དྲུངས་ནས་འབྱིན་ཏེ་ས་ཁུལ་དབུལ་པོ་སློབ་གསོས་སྐུལ་ཁྲིད་དང་ཤེས་བྱས་དབུལ་སྒྲོལ་བྱེད་པའི་ཁྱད་ལྡན་ལམ་བུའི་ཐོག་བསྐྱོད་པ་རེད།
             2016ལོ་ནས་2018ལོ་བར་ཁྱོན་བོད་སྐྱོར་མ་དངུལ་སྒོར་ཁྲི་1850བཏང་ནས་ནན་ཅིང་ཚོད་ལྟའི་བུ་བཅོལ་ཁང་དང་། རྨམ་པ་ཤང་སྤོ་བ་ནང་གྲོང་ཚོའི་བུ་བཅོལ་ཁང་། གྲོང་གསེབ་ཀྱི་དགེ་རྒན་འཕེལ་རྒྱས་ལྟེ་གནས་བཅས་རྣམ་གྲངས་གསུམ་ལག་བསྟར་བྱས་ཏེ་རྫོང་གྲོང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་། འབྱོར་འབྲིང་བདེ་སྡོད་དུད་ཚང་1000གི་སློབ་ལོ་ལོན་པའི་བྱིས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་སློབ་ཞུགས་ཀྱི་དགོས་མཁོ་བསྐངས་པ་རེད།
ཆུ་ཤུར་རྫོང་། “མཚར་སྡུག་བཀྲ་བའི་ཏང་འཛུགས་སྐྱོང”གིས་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་པ།
▲ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ས་གཙང་ཐོན་ལས་གླིང་དུ་ལས་བཟོ་ཚོས་མེ་ཏོག་ཡུས་ཅིང་ཤང་གི་སོན་བསྡུ་བཞིན་པ།
             ཆུ་ཤུར་རྫོང་གི་དུས་བཞི་བཀྲ་ཤིས་གྲོང་ཚོར་བསྐྱོད་སྐབས་དེ་སྔའི་ཡངས་པའི་ཐང་སྟོང་དུ་ད་ཆ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཐོག་ཁང་ཆུང་ཆུང་རྣམས་གྲལ་སྟར་འགྲིག་ཅིང་། དེར་སྡོད་མི་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པས། ཏང་དང་སྲིད་གཞུང་གི་བཀའ་དྲིན་སྙིང་ཁར་འཆང་བཞིན་མཆིས།
             བདེ་སྐྱིད་ལྡན་པའི་འཚོ་བ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་ཁ་འབྲལ་ཐབས་མེད་ལ། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་འཇུངས་པ་མེད་པའི་རོགས་སྐྱོར་གནང་བ་དང་ཡང་ཁ་འབྲལ་ཐབས་མེད། ཆུ་ཤུར་རྫོང་གི་ཐའེ་ཀྲོའུ་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཏང་འཛུགས་སྐྱོང་ལས་དོན་གིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་ལྟེ་བའི་ནུས་པ་འདོན་རྒྱུར་མཐོང་ཆེན་གྱིས་དུས་བཞི་བཀྲ་ཤིས་གྲོང་ཚོས་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། མི་སེམས་གཅིག་སྒྲིལ་གྱི“མཚར་སྡུག་རྣམ་པར་བཀྲ་བའི་དུས་བཞི་བཀྲ་ཤིས་གྲོང་ཚོའི”ཏང་འཛུགས་སྐྱོང་ལས་སྟེགས་གཏོད་རྒྱུར་རམ་འདེགས་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱིས་ཏང་རྩ་འཛུགས་ལ་བརྟེན་པའི་ཧུར་སེམས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་བ། “ཏང་ཀྲི་པུའུ་དང་། ཁེ་ལས། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱོད་པ་བཅས་བྱས་ནས་དུད་ཚང་དབུལ་པོར“སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཁྱད་བསད་བྱེད་དུ་བཅུག་ཡོད།
             དུས་བཞི་བཀྲ་ཤིས་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་གྲོང་ཚོ་གསར་པ་བསྐྲུན་རྒྱུར་གཞོགས་འདེགས་བྱ་ཆེད། ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡི་ཏང་དང་མང་ཚོགས་ཚོགས་ཆུང་གི་ཀྲི་པུའུ་དང་ཆུ་ཤུར་རྫོང་ལས་དོན་ཚོགས་ཆུང་ཀྲི་པུའུ་ཡིས“དུས་བཞི་བཀྲ་ཤིས”གྲོང་ཚོའི་ཏང་ཀྲི་པུའུ་དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ་འཐབ་ས་དང་། དཔུང་ཁག མི་སེམས། ཐོན་ལས། བརྟན་ལྷིང་། ཤེས་དཔལ། མཆོང་སྐྱོད་བཅས་བདུན་གྱི་ཐད་ནས་གསར་དུ་བཙུགས་པའི་དུས་བཞི་བཀྲ་ཤིས་གྲོང་ཚོར་ཁྱོན་ཡོངས་ནས་རོགས་སྐྱོར་བྱས་ཏེ་གནས་སྤོས་མང་ཚོགས“སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱས་པ་མ་ཟད། ལྗོངས་ཡོངས་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་གྲོང་ཚོ་གསར་པ་འཛུགས་སྐྲུན་དང་། གནས་སྤོ་གཞིས་ཆགས། བདེ་སྡོད་ལས་བརྩོན་བཅས་མགྱོགས་ཤོས་ཐུབ་པས། གནས་སྤོས་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བཟང་པོར་བསྔགས་བརྗོད་མཐའ་གཅིག་ཏུ་བྱས་ཡོད། ཅང་སུའུ་ཡིས་བོད་སྐྱོར་ཆ་སྒྲིག་མཉམ་སྐྲུན་བྱས་ནས“མཚར་སྡུག་རྣམ་པར་བཀྲ་བའི་དུས་བཞི་བཀྲ་ཤིས་གྲོང་ཚོའི”ཏང་འཛུགས་སྐྱོང་གི་དབུལ་སྐྱོར་སྤུས་རྟགས་ཀྱི་བྱེད་སྟངས་བཏོད་དེ། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བར་མིག་དཔེ་སྟོན་ཡོད།