དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

སྤེལ་དུས 2018-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
—— 2017ལོའི་ཆུ་གསུམ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།
འདི་ནི་ཆུ་གསུམ་རྫོང་གི་གྲོང་སྡོད་ལས་བྱེད་པས་ཞིང་འབྲོག་མང་ཚོགས་ལ་དབུལ་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།
          2015ལོའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1942ནས་2017ལོའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000བར་འཕར་བ་སོགས་ཆུ་གསུམ་རྫོང་ཤག་བྱང་ཤང་ཤག་བྱང་གྲོང་ཚོའི་བསོད་ནམས་གཡུ་སྒྲོན་ལ་ད་དུང་མང་པོ་བརྗོད་རྒྱུ་ཡོད།
          “ང་མི་གཅིག་གིས་ཕྲུ་གུ་གཉིས་གསོ་སྐབས་འཚོ་བའི་ཐད་དཀའ་ངལ་ཤིན་ཏུ་ཆེ། 2016ལོར། ཤང་གི་ལས་བྱེད་པས་རང་ཉིད་ལ་ཇ་ཁང་བཙུགས་རོགས་བྱས་པ་མ་ཟད། ན་ནིང་ཡང་དངུལ་བུན་གཡར་ནས་ཇ་ཁང་རྒྱ་ཆེ་རུ་གཏོང་རོགས་བྱས་བྱུང་། ད་ཆ་ཇ་ཁང་དེ་ང་ཚོའི་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་ལ་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་དབུལ་ཞྭ་རྦད་དེ་ཕུད་པའི་བསོད་ནམས་གཡུ་སྒྲོན་གྱིས་ཤང་གི་ལས་བྱེད་པའི་བཀའ་དྲིན་སེམས་ལ་བཅངས་བཞིན་མ་འོངས་པའི་འཚོ་བར་རེ་བས་ཁེངས།
          བསོད་ནམས་གཡུ་སྒྲོན་གྱི་གཏམ་རྒྱུད་ནི་ཆུ་གསུམ་རྫོང་གི་དབུལ་སྒྲོལ་གཏམ་རྒྱུད་ཀྱི་གྲས་ཤིག་རེད། 2017ལོར། རྫོང་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པས་དུད་ཚང་1047གྱི་མི་3138གྱི་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་དང་དབུལ་པོ་ཐོན་ཚད་0.31%བར་དམའ་རུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།
          ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་ལ་འདེགས་སྐྱོར་བྱས་པ།
          དབུལ་སྒྲོལ་བྱེད་པར་གཙོ་བོ་ཐོན་ལས་དབུལ་སྐྱོར་ལ་བརྟེན་དགོས་པ་དང་ཐོན་ལས་ཀྱི་རང་བརྟེན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་བ་བཅོས་ཐབས་ཤིག་རེད།
          ཆུ་གསུམ་རྫོང་གི་རྫོང་དཔོན་གཞོན་པ་དངོས་གྲུབ་ཀྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ་བསྐྲུན་པ། འབབ་འཕར་འགན་ལེན་བྱེད་པ་བཅས་ཀྱི་གཙོ་གནད་ལ་བརྩིས་ནས་ཞིང་ལས་འཕྲོད་སར་ཞིང་ལས་དང་། འབྲོག་ལས་འཕྲོད་སར་འབྲོག་ལས། བཟོ་ལས་འཕྲོད་སར་བཟོ་ལས། ཚོང་ལས་འཕྲོད་སར་ཚོང་ལས། ཡུལ་སྐོར་འཕྲོད་སར་ཡུལ་སྐོར་བཅས་བྱས་ནས་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་ནས་ཁ་བྲལ་མི་དགོས་པ། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་གཏེར་ལས་དང་། ནུས་རྒྱུ། རང་བྱུང་འཐུང་ཆུ། ཡུལ་སྐོར་ཞབས་ཞུ་བཅས་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ཡོད”ཅེས་བཤད།
          2017ལོར། ཆུ་གསུམ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.9བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་20གཏན་འཁེལ་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བརྒྱུད་རིམ་ཁྲོད་ཁེ་སྤོགས་བགོ་བ་དང་། གླ་པ་རྒྱུག་པ། ས་ཞིང་བོགས་གཏོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ཆུ་གསུམ་རྫོང་དུ་གཏེར་ལས་དང་འོད་ཤུགས་སོགས་གཞུང་ཁོངས་ཁེ་ལས་ཆེ་གྲས་4དང་། ཆེད་ལས་མཉམ་ལས་ཁང་19 ཞིང་འབྲོག་པའི་ཨར་རྒྱག་རུ་ཁག་13བཅས་ཡོད་པ་ལས་མང་ཚོགས་2000ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ངལ་ནུས་ཡོང་འབབ་ཀྱང་སྒོར་ཁྲི་427བྱུང་ནས་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2100ཟིན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
          གནས་སྤོས་ལས་ཞུཌ་བྱས་ནས་དམངས་སེམས་ལྷོད་དུ་བཏང་བ།
          ས་བབ་མཐོ་བ་དང་། གནམ་གཤིས་ཞན་པ། སྡོད་གནས་ཆ་རྐྱེན་ཞན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་བཅས་ཀྱི་ས་ཁོངས་རང་བཞིན་གྱི་མང་ཚོགས་དབུལ་པོའི་གནས་ཚུལ་ལ་དམིགས་ནས་ཆུ་གསུམ་རྫོང་གིས་སྔོན་དུ་འཆར་འགོད་དང་། རིམ་པ་བཞིན་སྐུལ་གཏོང་། འབབ་འཕར་མཉམ་བགྲོད་བཅས་ཀྱི་སྤྱིའི་ཇུས་གཞི་གཞིར་བཟུང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་འཆར་འགོད། གྲོང་གསེབ་གསར་པ་འཛུགས་སྐྲུན་འཆར་འགོད། ལྟེ་བའི་གྲོང་ཚོ་འཛུགས་སྐྲུན་འཆར་འགོད། ཐོན་ལས་འཕེལ་རྒྱས་འཆར་འགོད་བཅས་ལྔ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཅིག་སྡུད་བཀོད་སྒྲིག་གཙོ་བོར་བྱེད་པ་དང་ཁ་ཐོར་བཀོད་སྒྲིག་ཞོར་དུ་བྱས་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་930བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་47གྱི་མི་155ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2017ལོའི་ལོ་མཇུག་བར་དུད་ཚང་21གི་མི་76སྡོད་ཁང་གསར་པར་སྤོས་པ་དང་དུད་ཚང་26གྱི་མི་79འདི་ལོའི་ནང་ཚུན་དུ་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ་རེད།
          2017ལོར། ཆུ་གསུམ་རྫོང་དུ་མང་ཚོགས་དབུལ་པོ་682ངལ་ནུས་ཕྱིར་གཏོང་བྱས་ནས་ཡོང་འབབ་སྒོར་ཁྲི་217བྱུང་བ་རེད། ལོ་ཧྲིལ་པོར“ལས་རིགས་གཉིས”ཀྱི་འདུ་འགོད་ཀྱི་ཆེད་དོན་གྲོན་དངུལ་སྒོར་ཁྲི་99བཏང་སྟེ་མང་ཚོགས་དབུལ་པོ་207ལ་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཐེངས་7བྱས་པ་དང་མི་123ལས་ཞུགས་གཞན་སྒྱུར་བྱུང་བ་དང་མི་རེར་ཟླ་རེར་ཆ་སྙོམས་་ཡོང་འབབ་སྒོར་2500བྱུང་བ་དང་དུས་མཚུངས་ཆུ་གསུམ་རྫོང་གིས་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་གཏེར་ལས་དང་བོད་ལྗོངས་གཏེར་ལས་སོགས་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ་མང་ཚོགས་དབུལ་པོ་40ལ་ལས་ཞུགས་ལས་གནས་མང་དུ་བཏང་བ་དང་ལོ་རེའི་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3བྱུང་བ་རེད།
          དམངས་འཚོ་མཐའ་སྐྱོང་བྱ་རྒྱུ་འགན་ལེན་བྱས་པ།
          མང་ཚོགས་དབུལ་པོར་སྤྱི་ཚོགས་འགན་ལེན་མཐའ་སྐྱོང་བྱེད་པ་དང་། ཁོང་ཚོའི་སེམས་ཁྲལ་སེལ་བ། བློ་བདེ་བག་ཕེབས་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་བཅས་བྱ་ཆེད། 2017ལོར། ཆུ་གསུམ་རྫོང་གིས་སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐད་མུ་མཐུད་་ཤུགས་སྣོན་བརྒྱབ་ནས་དམངས་འཚོ་འགན་ལེན་གྱི་ལས་དོན་སྔར་བས་ལེགས་པོ་བསྒྲུབས་པ་རེད།
          ཆུ་གསུམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྲེ་ཕིང་གིས་གསར་འགོད་པར་ན་ནིང་རྫོང་དེས་མང་ཚོགས་དབུལ་པོ་1269ལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་235.59སྤྲད་པ་དང་སྤྱི་ཚོགས་འགན་ལེན་གྱི་མཐའ་སྐྱོང་མ་དངུལ་སྒོར་ཁྲི་100ལས་བརྒལ་ནས་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི“དོན་དངོས་བཅུ”དང་། ལྷོ་ཁ་གྲོང་ཁྱེར་གྱི“དམངས་སེམས་འདུ་འགོད་བཅུ”ཆུ་གསུམ་རྫོང་གི་དམངས་འཚོའི“དོན་དངོས་བཅུ”ཚང་མ་རེ་རེ་བཞིན་སྤེལ་ཡོད་ཅེས་བཤད།