གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་ཚད་གཞིར་མི་ལོངས་པའི་པེ་པའེ་ཕའོ་འགོག་ཁབ་ཐག་གཅོད་ལས་དོན་མུ་མཐུད་དུ་ལེགས་པར་སྒྲུབ་རྒྱུའི་བླང་བྱ་བཏོན།

སྤེལ་དུས 2018-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་ལ་པེ་ཅིང་ནས་ཟླ8པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། ཁུངས་སྣེར་གཞིགས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོགས་ཆུང་གིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིར་བརྟག་དཔྱད་ཁྲོད། ཀུང་སི་དེས་ཐོན་སྐྱེད་བྱས་པའི་ནུས་བྲིན་ཚད་གཞིར་མི་ལོངས་པའི་པེ་པའེ་ཕའོ་འགོག་སྨན་དང་འབྲེལ་བ་ཡོད་པའི་ཐོན་རིམ་ཨང་གྲངས་201605014-01དང201605014-02གཉིས་ཀྱི་ཐོན་རྫས་ཁྱོན་རྐང་ཁྲི49.98རྩད་ཆོད་མཐའ་གསལ་བྱུང་།
          བརྟག་དཔྱད་བྱས་པ་ལྟར་ན། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཐོན་སྐྱེད་བྱས་པའི་ཐོན་རིམ་གྱི་ཨང་གྲངས201605014-01གི་པེ་པའེ་ཕའོ་འགོག་སྨན་ཁྱོན་བསྡོམས་རྐང252600ཡོད་ལ། དེ་དག་ཡོད་ཚད་ཧྲན་ཏུང་ཞིང་ཆེན་ལ་ཕྱིར་འཚོང་བྱས་འདུག་ཅིང་། དེ་ལས་རྐང247359བེད་སྤྱོད་བྱས་ཟིན་པ་དང་། རྐང5241ཟད་སྐྱོན་དང་བཀག་སྡོམ་ཉར་ཚགས་བྱས་འདུག ཐོན་རིམ་གྱི་ཨང་གྲངས201605014-02ཀྱི་པེ་པའེ་ཕའོ་ཁྱོན་བསྡོམས་རྐང་247200ཡོད་ལ། དེའི་ནང་ཧྲན་ཏུང་ལ་རྐང223800ཕྱིར་འཚོང་གནང་པ་དང་། རྐང10000ལྷག་བཀག་སྡོམ་ཉར་ཚགས་བྱས་འདུག་པ། རྐང23400ཨན་ཧུའེ་དུ་ཕྱིར་འཚོང་གནང་པ་དང་། རྐང3277ལ་ཟད་སྐྱོན་དང་བཀག་སྡོམ་ཉར་ཚགས་བྱས་ཡོད་འདུག
          ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཐོན་སྐྱེད་བྱས་པའི་ཐོན་རིམ་གྱི་ཨང་གྲངས201605014-01གི་ཚད་གཞིར་མི་ལོངས་པའི་འགོག་ཁབ་བརྒྱབ་མྱོང་བའི་བྱིས་པར་ད་ལོའི་ཟླ2པའི་ཚེས6ཉིན་གྱི་འགོག་ཁབ་བསྐྱར་རྒྱག་ལས་དོན་གྱི་བརྡ་ཐོ་ལྟར་བསྐྱར་དུ་བརྒྱབ་ཡོད་ཅིང་། མིག་སྔའི་བར་དུ་ཁྱོན་བསྡོམས་བསྐྱར་རྒྱག་གནང་པའི་བྱིས་པའི་སྤྱི་གྲངས76.2%ཟིན་པ་དང་། ད་དུང་བསྐྱར་རྒྱག་བྱས་མེད་པར་རྗེས་མཐུད་ནས་བསྐྱར་དུ་རྒྱག་ཐེངས་ནི་བྱིས་པར་སྨན་ཁབ་བརྒྱབ་པའི་གནས་ཚུལ་དངོས་ལ་གཞིགས་ནས་བར་ཆོད་ཀྱི་དུས་ཚོད་གཏན་འཁེལ་གནང་རྒྱུ་རེད།
          ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཐོན་སྐྱེད་བྱས་པའི་ཐོན་རིམ་ཨང་གྲངས201605014-02ཀྱི་ཚད་གཞིར་མི་ལོངས་པའི་པེ་པའེ་ཕའོ་འགོག་ཁབ་བརྒྱབ་པའི་བྱིས་པའི་བསྐྱར་རྒྱག་ལས་དོན་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་སྨན་རྫས་དོ་དམ་ཅུས་ཀྱིས་བཀོད་སྒྲིག་དང་སྒྲིག་གཤོམ་གནང་ཟིན་འདུག
          ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་པེ་པའེ་ཕའོ་འགོག་ཁབ་ཀྱི་ནུས་བྲིན་ཉེན་ཁར་ཁྱོན་ཡོངས་ནས་དཔྱད་དཔོག་བྱེད་ཆེད། ཀྲུང་གོ་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་གཏན་འཁེལ་ཞིབ་འཇུག་ཁང་གིས་ཁེ་ལས་དེའི་གོ་ཆོད་དུས་ཡུན་ནང་གི་ཐོན་རིམ་གྱི་པེ་པའེ་ཕའོ་འགོག་ཁབ་ལ་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་བྱེད་ཐབས་སྤྱད་ནས་གདོད་འགོག་ལ་བཤེར་འཇལ་བྱས་ཤིང་དེ་ལས་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་མེད་པ་རེད།
          མིག་སྔར་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཐོན་སྐྱེད་བྱས་པའི་ཚད་གཞིར་མི་ལོངས་པའི་པེ་པའེ་ཕའོ་འགོག་ཁབ་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན་ལ་བརྟག་དཔྱད་དོན་འཁྱོལ་བྱེད་སྒང་ཡིན་ལ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་མི་སྣར་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་གཅོད་པའི་དུས་མཚུངས་སུ་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་པའི་ས་གནས་སྲིད་གཞུང་དང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་ཉམས་འགན་འཛོལ་དང་ལས་ཀར་ནན་ཏན་མིན་པར་འགན་འཁྲི་བདའ་འདེད་ནན་པོ་བྱ་རྒྱུ་དང་། ཞིབ་བཤེར་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད།