གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཕྲང་ལམ་དོག་པའི་རང་བྱུང་འོབས་ཆེན་ཡང་། འཁོན་ཐོགས་མེད་པའི་བདེ་བགྲོད་ལམ་བུར་གྱུར།

སྤེལ་དུས 2018-08-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་རིང་གི་གཞིས་རྩེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
འདི་ནི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁུལ་བར་གྱི་ཆེད་སྤྱོད་གཞུང་ལམ་ཡིན་པ།
          ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ལོ་40ནི་ཡུད་ཙམ་ཞིག་ཡིན་མོད། གཞིས་རྩེ་གྲོང་ཁྱེར་གྱི་ངོས་ནས་བརྗོད་ན་ལོ་40ཡི་ནང་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། གུ་དོག་པའི་རྐང་ལམ་ཕྲ་མོ་དང་། ཐག་སྐས། འབྲེང་ཟམ། ལྕུག་ཟམ་ཡོད་ཚད་ལོ་རྒྱུས་སུ་གྱུར་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་དེ་དག་གི་ཚབ་བྱས་ཡོད། གཞུང་ལམ་གྱི་ལམ་དྲ་ཉིན་བཞིན་རྣམ་པ་གསར་པ་ཐོན་པ། བོད་རྙིང་པར་གཞིས་རྩེའི་ས་ཁོངས་སུ་རྟ་དྲེལ་གྱི་ལམ་བུ་ཙམ་ལས་གཞུང་ལམ་གཏན་ནས་མེད།
          1955ལོར་ལྷ་ས(ཡངས་པ་ཅན)ནས་གཞིས་རྩེ་བར་དང་། དེ་ནས་རྒྱལ་རྩེ་བར་གྱི་ལྷ་གཞིས་གཞུང་ལམ་སྐྲུན་འགོ་ཚུགས་ཤིང་། གཞིས་རྩེར་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་གཞིས་རྩེའི་གཞུང་ལམ་གྱི་ཁྲི་ལོ་གསར་པ་ཕྱེ་བ་རེད།
          2017ལོར་གཞིས་རྩེ་གྲོང་ཁྱེར་གྱི་རིམ་མཐོའི་གཞུང་ལམ་དང་པོ་སྟེ། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་བར་གྱི་ཆེད་སྤྱོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་41ཟིན་པ་དེ་ཐོག་ནས། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་འཕེལ་རྒྱས་དེ་འགོ་འཛུགས་ས་གསར་པར་སླེབས་པ་མཚོན་གྱི་ཡོད།
          གཞུང་ལམ་མེད་པ་ནས་ཡོད་པའི་བར་དང་། འགྲོ་བསྐྱོད་ཐུབ་ཙམ་ནས་བདེ་བགྲོད་ཐུབ་པའི་བར། སྟབས་བདེའི་གཞུང་ལམ་དེ་རིམ་ལྡན་གཞུང་ལམ་དུ་རིམ་པས་འཕེལ་རྒྱས་བྱུང་ཡོད། ལྷག་པར་དུ“ལོ་ལྔ་ཚན་བཅུ་པའི”འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། ཁྱོན་གཞུང་ལམ་རྣམ་གྲངས་1571ལག་བསྟར་བྱས་པར། འཛུགས་སྐྲུན་གཞི་ཁྱོན་སྤྱི་ལེ་24586ཟིན་ནས། མ་དངུལ་བསྡོམས་སྒོར་དུང་ཕྱུར་478.6བཏང་བ་དང་། གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་1.7ལས་ཚད་བརྒལ་བྱུང་ནས། ཤང་གྲོང་97%དང་སྒྲིག་ཚུད་གྲོང་ཚོ་68%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་རེད།
          ད་ཆ་གཞིས་རྩེ་གྲོང་ཁྱེར་དུ་བསམ་གྲུབ་རྩེ་ཆུས་ལྟེ་བར་བྱས་པ་དང་། རྒྱལ་ལམ་318དང་219ཡིས་གཙོ་ཐིག་ཏུ་བྱས་པ། ཞིང་ཆེན་ལམ་གྱིས་གཙོ་བོར་བྱས་པ། རྫོང་དང་ཤང་གི་གཞུང་ལམ་དང་། ཆེད་སྤྱོད་གཞུང་ལམ། མཐའ་སྲུང་གཞུང་ལམ་བཅས་ཀྱིས་རྨང་གཞི་བྱས་པའི་ནང་ངོས་སུ་ལྷ་ས་དང་། ལྷོ་ཁ། མངའ་རིས་བཅས་ཀྱི་རྫོང་དང་ཆུས་18ལ་འབྲེལ་མཐུད་ཐུབ་པ་དང་། ཕྱི་ཕྱོགས་སུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་ནེ་པ་ལ་ལ་འབྲེལ་མཐུད་ཐུབ་པའི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
          མིག་སྔར་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་དང་། གཞིས་རྩེ་ནས་གྲོ་མོ་བར། གཞིས་རྩེ་ནས་སྐྱིད་གྲོང་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
          འཕེལ་རྒྱས་ཀྱི“བར་སྣང་འབྲེལ་ཟམ”བཙུགས་པ།
          2009ལོའི་ཟླ་4ཚེས་29ཉིན། གཞིས་རྩེ་གནམ་ཐང་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གྲྭ་འགོ་འཛུགས་པའི་མཛད་སྒོ་འཚོགས་པ་དང་། གཞིས་རྩེ་གནམ་ཐང་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གྲྭ་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་700ལྷག་ཙམ་བཏང་ནས་བོད་དུ་འཛུགས་སྐྲུན་བྱེད་པའི“ལོ་ལྔ་ཚན་བཅུ་གཅིག་པའི”གཙོ་གནད་རྣམ་གྲངས་180ཡི་གྲས་ཤིག་ཡིན་པ་དང་། ལས་གྲྭའི་མ་འཇོག་བསྡོམས་སྒོར་དུང་ཕྱུར་4.84ཟིན་པ་རེད།
          2010ལོའི་ཟླ་10ཚེས་30ཉིན་གྱི་ཞོགས་པའི་ཆུ་ཚོད་9དང་སྐར་མ་50ཡི་ཐོག ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་A319འཕུར་ཐེངས་དང་པོར་ས་བབ་མཐོ་ཚད་སྨི་3782ཡོད་པའི་བོད་ལྗོངས་གཞིས་རྩེའི་ཞི་བདེ་གནམ་ཐང་དུ་་བརྟན་པོའི་ངང་བབས་པ་དང་། བོད་ཀྱི་དམངས་སྤྱོད་གནམ་ཐང་ཨང་ལྔ་པ་དངོས་སུ་འཁོར་རྒྱུག་བྱས་པ་རེད།
          2018ལོའི་ཟླ་6ཚེས་8ཉིན། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས། བོད་ལ་རོགས་སྐྱོར་བྱས་ནས་གནམ་ཐང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་གཞིས་རྩེའི་དིང་རི་གནམ་ཐང་གི་ས་མཐོའི་ཉིང་ལག་མཁའ་ལམ་གྱི་གནམ་ཐང་འཛུགས་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས་ཤིང་། དེ་ཐོག་ནས་གཞིས་རྩེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་པ་མཚོན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་དིང་རིའི་ཉིང་ལག་མཁའ་ལམ་གྱི་གནམ་ཐང་བཀོལ་སྤྱོད་ཆོག་པའི་ཞིབ་འཇུག་སྙན་ཞུ་འབུལ་རྒྱུ་དང་། ཐོག་མའི་ཇུས་འགོད་ཀྱི་ཞིབ་མཆན་བཀའ་ལན་ཐོབ་པ་བྱ་རྒྱུ་དང་། འབྲེལ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་2021ལོར་བསྐྲུན་ཚར་ནས་འཁོར་རྒྱུག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
          “མཁའ་ལམ”བར་མེད་ངང་སྣུར་སྲིང་བྱེད་པ།
          2018ལོའི་ཟླ་7ཚེས་1ཉིན་ནས་བཟུང་། “ཐང་བོད་དང་བོད་ནེའི་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་མེ་འཁོར་གྱི་ཟི་ལིང་ནས་གཞིས་རྩེ་བར་གྱི་ཆེད་གཏོང་མེ་འཁོར་Z6811ཐེངས་གཉིས་བཏང་བས' ཡུལ་སྐོར་བ་ལྷ་སར་བར་བརྒྱུད་དང་མེ་འཁོར་བརྗེ་བའི་དུས་ཚོད་ཐུང་དུ་སོང་ཞིང་། མེ་འཁོར་ལམ་ཐག་དེ་སྔ་ལས་ཆུ་ཚོད་2ཐུང་དུ་ཕྱིན་པ་རེད།
          གཞིས་རྩེ་གྲོང་ཁྱེར་དང་ནེ་པ་ལ་དང་། འབྲུག་པ། རྒྱ་གར་བཅས་རྒྱལ་ཁབ་གསུམ་ས་སྦྲེལ་ཡིན་པ་དང་། གྲོང་ཁྱེར་ཡོངས་སུ་མཐའ་མཚམས་རྫོང་9ཡོད་པས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ནང་ནས་ཆེ་ཤོས་དང་མཐའ་མཚམས་ལམ་ཐིག་རིང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། བོད་ཀྱི་འགག་སྒོ་5ལས་འགག་སྒོ་4གཞིས་རྩེར་ཡོད་པ་རེད།
          ལྷ་གཞིས་ལྕགས་ལམ་ནི་ཤར་དུ་མཚོ་བོད་ལྕགས་ལམ་དང་སྐྲུན་བཞིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འབྲེལ་མཐུད་བྱས་པ་དང་། ནུབ་ཏུ་གཉའ་ལམ་དང་གྲོ་མོའི་འགག་སྒོའི་འཆར་འགོད་བྱེད་བཞིན་པའི་ལྕགས་ལམ་ལམ་ཐིག་དང་འབྲེལ་མཐུད་བྱས་ཡོད་པས། བོད་ཀྱི་ལྕགས་ལམ་དྲ་བའི་ཤར་ནུབ་འབྲེལ་མཐུད་ཀྱི་མ་ལམ་གལ་ཆེན་ཞིག་རེད། ལམ་བར་དུ་བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་བརྒྱུད་ཅིང་། ནུབ་ཏུ་ལྟག་ལོག་བརྒྱབ་སྟེ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དང་ལྡོག་ནས་བསྐྱོད་ཅིང་། སྤྱི་ལེ་90ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཁུལ་བརྒྱུད་བོད་ལྗོངས་སྙེ་མོ་དང་རིན་སྤུངས་རྫོང་བརྒྱུད་རྗེས་བོད་ཀྱི་ལྷོ་ནུབ་གྲོང་ཁྱེར་གཙོ་བོ་གཞིས་རྩེར་འབྱོར་གྱི་ཡོད། ལམ་ཐིག་ཧྲིལ་པོར་ལྷ་སའི་ལྷོ་ངོས་དང་། ཆུ་ཤུར། གཞིས་རྩེ་སོགས་བབས་ཚུགས་14ཡོད་ཅིང་། འཁོར་རྒྱུག་གི་མྱུར་ཚད་མཐོ་ཤོས་ལ་སྤྱི་ལེ་120ཟིན་པ་དང་ལོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་830ཡན་ཟིན་གྱི་ཡོད་པ་རེད།
          ལྷ་ས་དང་གཞིས་རྩེའི་ས་ཆ་གཉིས་ཀྱི་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པས། ལྕགས་ལམ་དེར་ཡང“བར་སྣང་དང་ཐག་ཉེ་ཤོས་ཀྱི་ལྕགས་ལམ”ཞེས་ཀྱང་བརྗོད་ཀྱི་ཡོད།
          2010ལོའི་ཟླ་9ཚེས་26ཉིན། སྤྱིའི་རིང་ཚད་ལ་སྤྱི་ལེ་253ཡོད་པ་དང་། མ་འཇོག་བསྡོམས་སྒོར་དུང་ཕྱུར་108ཟིན་པའི་ལྷ་གཞིས་ལྕགས་ལམ་སྐྲུན་འགོ་བཙུགས་པ་དང་། 2014ལོའི་ཟླ་8ཚེས་16ཉིན་གྱི་ཞོགས་པའི་ཆུ་ཚོད་9པར་ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་དངོས་སུ་འཁོར་རྒྱུག་བྱས་པ་རེད།
          གཞིས་རྩེའི་འགྲིམ་འགྲུལ་མི་སྣས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། རི་གཤགས་ལམ་གཏོད་དང་ཆུ་ལ་ཟམ་པ་རྒྱག་པའི་ཆེས་སྤྱིར་བཏང་མིན་པའི་སྙིང་རུས་ལ་བརྟེན་ནས། དུས་རབས་གསར་པའི་གཞིས་རྩེའི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།