གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲལ་འཇལ་མཁན་ལ་སྟབས་བདེ་བསྐྲུན་པ།

སྤེལ་དུས 2018-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
བོད་ལྗོངས་ཀྱི་ཁྲལ་བསྡུ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག
     —— དུས་རབས་གསར་པ་དང་། བྱ་སྤྱོད་གསར་པ། ལེའུ་གསར་པ།
            ཟླ་7ཚེས་4ཉིན་གྱི་དགོང་མོ། ནག་ཆུ་གྲོང་ཁྱེར་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན། ཁྲལ་དོན་སྣེ་ཤན་པ་དང་། དྲིལ་བསྒྲགས། ཁྲལ་གཉེར་ཁུལ། མྱོང་རོལ་ཁུལ། སྒུག་ས། གཞུང་ལས་ཁུལ་བཅས་མེད་པ་བཟོ་དགོས་རིགས་མེད་པ་བཟོས་པ་དང་གསར་དུ་སྦྱར་དགོས་རིགས་རྣམས་གསར་དུ་སྦྱར་ནས་ལས་དོན་ཁག་གོ་རིམ་ལྡན་པ་དང་སྒྲིག་ལམ་ལྡན་ཞིང་ཆུ་ཚོད་གཉིས་ཀྱང་མི་འགོར་བར་བཅོས་སྒྲིག་ལས་དོན་ཚང་མ་ཚར་བ་རེད།
            ཟླ་7ཚེས་5ཉིན་གྱི་ཞོགས་པ་ཚོམས་ཆེན་ནང་མིས་ཁེངས་ཤིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་གཉེར་ཞབས་ཞུ་ཁང་གི་འགན་འཁུར་བ་ཅང་ཝུའེ་ཧྥེ་ཡིས་ལུས་ཐོག་ཏུ་ཁྲལ་དོན་སྣེ་ཤན་པའི་ཞགས་རྒྱན་བཏགས་ནས་ཚོམས་ཆེན་གྱི་ཁྲལ་དོན་སྣེ་ཤན་པའི་སྟེགས་བུའི་འཁྲིས་སུ་ལངས་ཏེ་ཁྲལ་འཇལ་མཁན་ལ་སེམས་རྩ་འཁོལ་པོས་ལས་སྒོའི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་འདུག
            ཉིན་དེར་རྒྱལ་ཡོངས་སུ་གྲོང་ཁྱེར་རིམ་པའི་ཁྲལ་དོན་ལས་ཁུངས་གསར་པ་535སྒོ་བྱང་བཀལ་ནས་བཙུགས་པ་དང་རང་ལྗོངས་སུ་གྲོང་ཁྱེར་རིམ་པའི་ཁྲལ་དོན་ལས་ཁུངས་གསར་པ་8སྒོ་བྱང་བཀལ་ནས་བཙུགས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་བཙུགས་པའི་ཉིན་དང་པོར་དེ་སྔ་ཁྲལ་དོན་ཡན་ལག་ཅུས་ཀྱི་ཁོངས་སུ་གཏོགས་པའི་ཁྲལ་གཉེར་ཞབས་ཞུ་ཁང་གིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལས་སྒོ་109ལེགས་སྒྲུབ་ཐུབ་པ་བྱུང་པས་ཅང་ཝུའེ་ཡི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
            འདི་ལོ་ཚུན་བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རྒྱལ་ཁྲལ་དང་ས་གནས་ཁྲལ་བསྡུ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད། རྩ་དོན་བཅས་ལ་གཞིགས་ཏེ། ལས་ཁུངས་སྒྱུར་བཅོས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཁོངས་གཏོགས་དེ་ཡོངས་ཀྱི་མིག་སྔའི་བསམ་བློ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ཅུས་འགོ་ཁྲིད་ཀྱི་ཆེད་དོན་ཚོགས་འདུ། ཁོངས་གཏོགས་ཧྲིལ་པོའི་བརྙན་ལམ་ཚོགས་འདུ། འགན་འཁུར་བའི་བློ་མཐུན་གཙོ་བོ་དང་སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པའི་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཐོག་ནས་རྒྱལ་ཁྲལ་དང་ས་གནས་ཁྲལ་དོན་གྱི་ཁྲལ་བསྡུ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་དང་། བླང་བྱ་གསར་ཤོས། ལས་ཀའི་བཀོད་སྒྲིག་བཅས་ཁོང་དུ་ནན་པོ་ཆུད་པ་བྱས་པ་དང་ཆབས་ཅིག་ཁོངས་གཏོགས་ཀྱི་གོང་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་སྒྱུར་བཅོས་ཡང་དག་པའི་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།
            ཞིབ་ཕྲའི་ལས་དོན་ཁྲོད་ལེབ་མོ་ཅན་གྱི་སྤྱི་འདོམས་ལས་དོན་གྱི་བསམ་ཕྱོགས་མངོན་པར་བྱས་པར་བརྟེན་ལས་ཁུངས་སྒྱུར་བཅོས་དང་། ཡོང་འབབ་སྒྲིག་འཛུགས། ཁྲལ་བསྡུ་ཞབས་ཞུ། ཡིག་བསྐུར་ངོ་བཅར་དང་མང་ཚོགས་ཀྱི་བསམ་འཆར། བདེ་འཇགས་གསང་སྲུང་། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་། ཏང་འཛུགས་ལས་དོན་སོགས་ཕྱོགས་མང་པོ་འབྲེལ་མཐུད་མངོན་འགྱུར་བྱུང་བ་དང་ལུགས་མཐུན་བཀོད་སྒྲིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་སྐབས་ཁུག་ཆ་མི་ལུས་པ་བྱས་པ་རེད།
            ཁྲལ་བསྡུའི་ཞབས་ཞུར་དམ་འཛིན་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། གཞི་རིམ་རྫོང་ཅུས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་ཚད་ལྡན་ཅན་དུ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་གྱི་བཀྲག་མདངས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཁྲལ་གཉེར་ཐད་མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པ་དང“ཚོམས་ཆེན་གཅིག་ནས་ཚང་མ་གཉེར་ཐུབ་པ”“ཐེབ་བཀྱག་བློ་འདྲིའི”བཀོད་སྒྲིག་དང་རིན་ཐང་འཕར་མའི་དཔྱ་ཁྲལ་སྒྱུར་བཅོས་བྱེད་ཐབས་གཏིང་ཟབ་ཏུ་བཏང་བར་བརྟེན་ཁྲལ་འཇལ་བའི་ཐོབ་ཚོར་ཆེ་རུ་ཕྱིན་ཡོད།
            བོད་ལྗོངས་ཁྲལ་དོན་ཅུས་ཀྱི་འགན་འཁུར་བ་དང་པོ་ལིའུ་ཧུའུ་ཡིས་གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཁྲལ་བསྡུ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སེམས་ནུས་ཡོད་རྒུས་སྒྲིག་འཛུཌ་ལག་བསྟར། གཙོ་རྒོལ་པ་ཡག་པོ་ཞིག་བྱེད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཏན་ཏིག་དང་ཞིབ་ཚགས་པ་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་ཁྲལ་དོན་ལས་ཁུངས་སྒྱུར་བཅོས་ཀྱི་བོད་ཀྱི་བརྗིད་ཆེའི་ལེའུ་ཧུར་ཐག་བརྩམ་རྒྱུ་ཡིན་ཞེས་བཤད་པ་རེད།