གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་སྤྱིའི་ཉམས་སྟབས་འཛོམས་པའི་བོད་ལྗོངས་འགྲེམས་ཚོགས།

སྤེལ་དུས 2018-09-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འདི་ནི་ང་ཚོ་ཐེངས་དང་པོར་བོད་ལྗོངས་སུ་སླེབས་པ་དང་། བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན། གནས་འདིའི་ཡུལ་ལྗོངས་མཛེས་ལ། མི་གཤིས་ཧ་ཅང་བཟང་། བོད་ལྗོངས་འགྲེམས་ཚོགས་ཐོག་ང་ཚོའི་ཐོན་རྫས་ཉོ་མཁན་མང་པོ་ཡོད་པས་ཚོང་ཧ་ཅང་བཟང་།” ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་(གཤམ་དུ་བསྡུས་མིང་ལ་“བོད་ལྗོངས་འགྲེམས་ཚོགས་”)མཇུག་བསྒྲིལ་ནའང་། བོད་ལྗོངས་འགྲེམས་ཚོགས་ཀྱིས་རྒྱ་གར་གྱི་འགྲེམས་ཞུགས་ཚོང་བ་Vikas Groverལ་བག་ཆགས་ཟབ་མོ་བཞག་ཡོད།
བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པའི་ཕྱི་རྒྱལ་གྱི་འགྲེམས་སྟོན་ཚོང་བས་རང་ཉིད་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
རྒྱ་གར་གྱི་འགྲེམས་ཞུགས་ཚོང་བ་Vikas Groverདང་ཁོའི་ཆུང་མ།
         “ང་ཚོས་ཤེས་གསལ་ལྟར་ན། བོད་མི་རྣམས་སྣ་ཐ་ལ་ཧ་ཅང་དགའ། ད་ཐེངས་འགྲེམས་ཞུགས་སྐབས་སྣ་ཐ་ཁོ་ན་མ་གཏོགས་ཁྱེར་ཡོང་མེད། སྒོ་ཕྱེ་བའི་ཉིན་དང་པོ་ནས་བྲིན་རྒྱུག་པས་དེ་ལས་སྣ་ཐ་རིགས་གཅིག་བཙོང་ཚར་སོང་།” ཐོན་རྫས་ལ་ཚང་མས་དགའ་བསུ་ཆེན་པོ་ཐོབ་པ་ཕུད། Vikas Groverགྱིས་ད་དུང་གསར་འགོད་པར་བརྗོད་རྒྱུར། ས་འདིའི་མི་རྣམས་ཀྱིས་སྣ་ཐའི་ཕྱི་ཐུམ་ལ་ཆ་རྒྱུས་ཡོད་པ་དང་། ཁོ་ཚོའི་ཨ་ཕ་དང་ཨ་མྱེ་ཨ་མེས་ཀྱིས་མཆོད་མྱོང་ཞེས་ང་ལ་བརྗོད་དུས་ང་རང་དགའ་བོ་བྱུང་།  Vikas Groverབརྗོད་རྒྱུར། “སྔོན་མར་ང་ཚོའི་ཚོང་ཟོག་དེ་པེ་ཅིང་དུ་ལས་ཚབ་ཡོད། འོན་ཀྱང་ཕྱིར་ཚོང་ཚད་ཆེན་པོ་མིན། བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་པས་ང་ཚོའི་ཚོང་ཟོག་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ལྷག་པར་དུ་བོད་ལྗོངས་ས་ཁུལ་དུ་འཚོང་བར་རོགས་རམ་བྱེད་ཐུབ། བོད་ལྗོངས་འགྲེམས་ཚོགས་སྐབས་རྗེས་མར་ང་རང་ཞུགས་རྒྱུ་ཡིན།”
ཐེ་ལན་གྱི་འགྲེམས་ཞུགས་ཚོང་བས་འགྲེམས་སྟོན་བྱས་པའི་སྨན་རྩྭའི་འཕུར་མཉེད་སྣུམ་སོགས་ཐོན་རྫས།
         བོད་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་བོད་ཀྱི་མི་གཤིས་ཤིན་ཏུ་ཡག བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་བྲིན་པོ་རྒྱུག  Vikas Groverནི་བོད་ལྗོངས་འགྲེམས་ཚོགས་ཀྱིས་“ཐོག་མའི་བག་ཆགས་ཟབ་མོ་བཞག་པའི་”གྲས་ཀྱི་གཅིག་རེད། ཐེ་ལན་གྱི་འགྲེམས་ཞུགས་ཚོང་བ་Suriyalaksh Thepthaiཡིས་གསར་འགོད་པར་བརྗོད་རྒྱུར། སྔོན་མ་པེ་ཅིང་དང་ཧྲང་ཧའེ་སོགས་ཀྲུང་གོའི་གྲོང་ཁྱེར་ལ་སོང་མྱོང་ཡང་། ལྷ་སར་ཐེངས་དང་པོ་སླེབས་པ་ཡིན། “གནས་འདིའི་རི་ཆུ་ནི་ཐེ་ལན་གྱི་ཆིང་མའེ་དང་འདྲ་བས་ང་རང་ཧ་ཅང་དགའ་བོ་བྱུང་།” Suriyalaksh Thepthaiགྱིས་གཅིག་ནས་གསར་འགོད་པ་དང་ཁ་བརྡ་བྱེད་ཞོར་མདུན་གྱི་ཚོང་ལས་ལ་བྲེལ། ཁ་བརྡ་བྱེད་སྐབས། ཁོས་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཕྱེ་ནས་རླུང་གཡབ་གཅིག་གི་རིན་དངུལ་བླངས།
བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་2པའི་ཕྱི་རྒྱལ་གྱི་འགྲེམས་སྟོན་ཁུལ་ཡོངས་ལ་མྱུལ་མི་དགོས་པར། ནེ་པ་ལ་དང་ཧིན་རྡུ། ཐེ་ལན། མཱ་ལེ་ཞེ་ཡ། ཕ་ཁི་སི་ཐན་སོགས་ཀྱི་འགྲེམས་ཁུལ་གང་རུང་གཅིག་ཏུ་ཏོག་ཙམ་བསྡད་ཚེ། ཚོང་བྲིན་རྒྱུག་པའི་རྣམ་པ་ཚོར་ཐུབ།
ཕ་ཁི་སི་ཐན་གྱི་འགྲེམས་ཞུགས་ཚོང་བ།
ཕ་ཁི་སི་ཐན་གྱི་འགྲེམས་ཞུགས་ཚོང་བ་Muhammad Adnan
         ཕ་ཁི་སི་ཐན་གྱི་འགྲེམས་ཁུལ་དུ། ཐེངས་མང་པོར་ཀྲུང་གོའི་འགྲེམ་ཚོང་དུ་ཞུགས་མྱོང་པའི་Muhammad Adnanགྱིས་སྔར་བཞིན་བོད་ལྗོངས་འགྲེམས་ཚོགས་ནི་རང་གི་ཐོན་རྫས་ཕྱིར་ཚོང་བའི་ལས་སྟེགས་ཧ་ཅང་ཡག་པོ་ཞིག་ཏུ་བསམ་ཡོད། ཁོས་གསར་འགོད་པར་བརྗོད་རྒྱུར། “ང་རང་ཀྲུང་གོའི་གྲོང་ཁྱེར་མང་པོར་སོང་མྱོང་། ད་ཐེངས་བོད་ལ་ཡོང་དུས་སྔོན་ལ་པེ་ཅིན་ལ་འཕུར་བ་དང་དེ་ནས་ལྷ་སར་འཕུར་ཡོང་བ་ཡིན། ང་ལ་ལྷ་སས་བག་ཆགས་ཡག་པོ་བཞག་བྱུང་། གནས་འདིའི་ཡུལ་ལྗོངས་ཧ་ཅང་མཛེས་ལ། མི་རྣམས་ཀྱི་གདོང་དུ་ནམ་ཡང་འཛུམ་མདངས་ཀྱིས་ཁེངས། གལ་ཏེ་གོ་སྐབས་ཡོད་ན་ང་ད་དུང་མུ་མཐུད་དུ་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན། ཡང་བསྐྱར་བོད་དུ་སླེབས་རྒྱུ་ཡིན།” ཐེངས་འདིར་ཨ་ཧྥུ་ཧན་གྱི་གཡང་ཊིའི་ཐོན་རྫས་དང་དཀར་ཆས། ཇ་དཀར་སོགས་དང་། ད་དུང་བྱུ་རུ་སོགས་ཀྱི་རྒྱན་ཆ་ཁྱེར་ཡོང་། ཉིན་ཁ་ཤས་ལ་འགྲེམས་ཚོང་བྱས་པ་བརྒྱུད་རང་ཉིད་ཀྱི་རྒྱན་ཆ་ལ་ཚང་མས་དགའ་བསུ་ཐོབ་ཅེས་བཤད།
         རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་ཚོང་ཟོག་འགྲེམས་ཚོགས་ནི་བོད་ལྗོངས་འགྲེམས་ཚོགས་རིམ་བྱུང་ལས་གཞི་ཁྱོན་ཆེས་ཆེ་བ་ཡིན། བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་ཨང་2པའི་ཕྱི་རྒྱལ་འགྲེམས་ཁུལ་དུ་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཁེ་ལས་ལ་འགྲེམས་སྟེགས་96མཁོ་སྤྲོད་བྱས་ཡོད། ནེ་པ་ལ་དང་ཧིན་རྡུ། ཐེ་ལན། མཱ་ལེ་ཞེ་ཡ། ཕ་ཁི་སི་ཐཱན་སོགས་རྒྱལ་ཁབ་ལྔའི་ཚོང་བ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་འཛམ་གླིང་ཚོང་དོན་ལྟེ་གནས་བཅས་ནས་སླེབས་པའི་ཕྱི་རྒྱལ་གྱི་ཚོང་བ་196གདན་ཞུས་འགྲེམས་ཚོང་དུ་ཞུགས། སྔོན་རྩིས་ཚོང་ཚད་སྒོར་ཁྲི་2400ཡིན་པ་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་ཟོག་འགྲེམས་ཚོང་བསྡོམས་འབོར་གྱི་60%ཟིན།