ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཆེད་ལས་ཞིང་འབྲོག་པ་གསར་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ།

སྤེལ་དུས 2018-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
ཚན་རྩལ་དར་སྤེལ་བཏང་། ཐོན་འཕར་འབབ་འཕར་བྱུང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།“ཚན་རིག་ལག་རྩལ་ལ་བརྟེན་ན་གཞི་ནས་བཞོན་མ་གསོ་ཚགས་ཡག་པོ་བྱེད་ཐུབ”ཅེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་ཆེད་ལས་ཞིང་འབྲོག་པ་གསར་པ་རྡོ་རྗེས་བློ་རྩ་བརྟན་པོའི་སྒོ་ནས་བཤད།
          སྔོན་མ་ནས་བཟུང་ཚ་རགས་གྲོང་ཚོས་མ་གཞི་བཞོན་མ་གསོ་མོད། འོན་ཀྱང་ཚང་མ་ཁ་ཐོར་གྱི་གསོ་ཚགས་ཡིན་པ་གང་ཞིག་གཞི་ཁྱོན་ཆེན་པོ་དེ་ཙམ་མེད་ལ་ཚན་རྩལ་འདུས་ཚད་ཀྱང་མཐོ་པོ་མེད་པས། བཞོན་མ་རེ་རེ་ནས་འོ་མ་ཐོན་ཚད་ཉུང་ལ་རིན་ཐང་ཡང་དམའ་བར་བརྟེན་རྟག་ཏུ་ཐོན་འཕར་ལས་འབབ་འཕར་ཡོང་གི་མེད། གནས་ཚུལ་དེར་དམིགས་ཏེ་རྡོ་རྗེས་རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་སྒྲིག་འཛུགས་བྱས་པའི་ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྦྱོང་འཛིན་གྲྭ་ནས་སྦྱངས་པའི་ཤེས་བྱར་བརྟེན་ནས། གྲོང་མི་རྣམས་སྒྲིག་འཛུགས་བྱས་ཏེ་སྟག་རྩེ་ཆུས་དང་ཁྲེང་ཀོན་ཆུས་སོགས་བཞོན་མ་གསོ་ཚགས་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བཏང་སྟེ་བཞོན་མ་གསོ་ཚགས་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་སྤྱད་པ་བརྒྱུད། ཁོང་གནས་སའི་ཚ་རགས་གྲོང་ཚོའི་གྲོང་མི་རྣམས་ལ་མི་རེར་བྱུང་བའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2000ལོའི་སྒོར་བཞི་སྟོང་ཡས་མས་ནས་ཉེ་བའི་ལོ་གཉིས་རིང་གི་སྒོར་ཁྲི་གཅིག་ལྷག་ཙམ་བར་འཕར་ཡོད།
          བོད་ལྗོངས་སུ་ཞིང་འབྲོག་པ་རྣམས་ཡོངས་ཁྱབ་ཀྱི་རིག་གནས་ཤེས་བྱའི་ཆུ་ཚད་དམའ་ལ་ངལ་རྩོལ་རྩལ་ནུས་ཀྱང་ཆུང་བའི་དབང་གིས་ལས་ཞུགས་རིམ་པ་དམའ་བ་དང་། བརྟན་ལྷིང་རང་བཞིན་ཞན་པ། དུས་ཚིགས་རང་བཞིན་དང་། རྨོངས་ཚོད་རང་བཞིན། གང་དགའ་ཅི་འདོད་རང་བཞིན་ཆེ་བ་བཅས་བྱུང་བ་དང་ལྷག་པར་དུ་རྒན་རྒོན་དང་བུ་ཕྲུག་ཡོད་པའི་ཞིང་འབྲོག་པ་མང་ཚོགས་ཀྱི་ངོས་ནས་བརྗོད་ན། རང་ཡུལ་བཞག་ནས་ཕྱོགས་ལ་ལས་སྒྲུབ་ལས་གཏོད་བྱེད་པར་བསྐྱོད་པར་རྟག་ཏུ་དཀའ་ངལ་དང་འགོག་རྐྱེན་མང་པོ་ཞིག་འཕྲད་ཀྱི་ཡོད། དེ་ལས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཆ་རྐྱེན་དེ་བས་མང་བ་བཏོད་དེ། ཞིང་འབྲོག་པ་རྣམས་རང་ཡུལ་དུ་འཕེལ་རྒྱས་གཏོང་བའི་ཁྲོད་ཐག་གང་ཉེ་དང་། སྟབས་གང་བདེ། ཡུལ་དེ་རང་དུ་ལས་ཞུགས་ཐུབ་པ་བཅས་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱེད་དགོས་ཀྱི་ཡོད།
          ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་ལས་དོན་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་ཐབས་ཤེས་སུ་བརྩིས་ཏེ། ཐིང་ཀྲང་གིས་ཙུའུ་ཀྲང་དང་། ལས་འགན་ཁག་བགོས་ཐིང་ཀྲང་གིས་ཙུའུ་ཀྲང་གཞོན་པ། ཚན་སློབ་ཁྲུའུ་སོགས་འབྲེལ་ཡོད་ལས་སྒོའི་སྡེ་ཚན་གྱི་འགན་ཁུར་བས་ཁོངས་མི་བཅས་བྱེད་པའི་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་མལ་གྲོ་གུང་དཀར་སོགས་རྫོང(ཆུས)46བདམས་ཏེ་ཚོད་ལྟའི་ལས་དོན་སྤེལ་ནས་ཆེད་ལས་ཞིང་འབྲོག་པ་གསར་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། 
          དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཞིང་འབྲོག་པའི་དགོས་མཁོར་གཞི་ཚུགས་ཏེ། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལས་དོན་ནན་ཏན་ངང་སྤེལ་ཞིང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ་དང་ཆེད་ལས་རྩལ་ནུས་ཆེ་བ་མ་ཟད། རྒྱ་བོད་གཉིས་ཀར་བྱང་ཆུབ་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་བདམས་ནས་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱེད་མཁན་དགེ་རྒན་གྱི་དཔུང་ཁག་ཅིག་འགྲུབ་ཡོད། མིག་སྔར་དཔུང་ཁག་དེའི་ནང་ཞུགས་མཁན་དགེ་རྒན་282ཡོད་པའི་ནང་འདེབས་འཛུགས་ལས་རིགས་པ་132དང་། གསོ་ཚགས་ལས་རིགས་པ་106 དེང་རབས་ཞིང་པ་20བཅས་ཡོད་པ་རེད།
          ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱེད་དགོས་ལ་རྒྱུན་གནས་ཐུབ་པའང་བྱེད་དགོས། དེས་ན་བོད་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་དང་ཞབས་ཞུ་སྣུར་སྲིང་བྱས་པ་བརྒྱུད། ཆེད་ལས་ཞིང་འབྲོག་པ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཆེད་ལས་ཞིང་འབྲོག་པ་གསར་པ་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཆེད་ལས་ཞིང་འབྲོག་པ་གསར་པ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོང་ཚོ་ཞིང་འབྲོག་ཁུལ་དུ་ཡུན་གནས་ཐུབ་པ་དང་འཕེལ་རྒྱས་ཡོང་བར་བྱས་པ་རེད།
          ད་ཕན་ལོ་ཤས་རིང་། བོད་ལྗོངས་ཀྱི་ཚོད་ལྟའི་རྫོང(ཆུས)ཁག་གིས་ཆེད་ལས་ཞིང་འབྲོག་པ་གསར་པའི་ཐོན་སྐྱེད་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཙོ་གནད་ཐོག་དམིགས་ཏེ་རོགས་སྐྱོར་སྲིད་ཇུས་འཚོལ་ཞིབ་ཀྱིས་བཟོས་ཤིང་། གཙོ་བོ་གསོ་སྦྱོང་དང་། ཅ་དངོས་ཁ་གསབ། ཁ་གསབ་རྣམ་གྲངས་བཀོད་སྒྲིག་སོགས་སྔོན་ལ་བྱེད་པའི་བྱེད་ཐབས་ཐོག་ནས་རོགས་སྐྱོར་བྱས་ཡོད། རྫོང་ཁག་གཅིག་གིས་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་སྐབས་ཆེད་ལས་ཞིང་འབྲོག་པ་གསར་པར་སྔོན་ལ་བུན་དངུལ་བཏང་བ་མ་ཟད། ཡིད་རྟོན་གྱི་ཚད་གཞི་ངེས་ཅན་ལྡན་པའི་སྲིད་ཇུས་ཀྱང་ལག་བསྟར་བྱས་པ་དང་། ཐོན་སྐྱེད་ལག་རྩལ་བྱང་ཆུབ་པ་དང་ཕྱོགས་བསྡུས་དཔྱད་གདེང་ལེགས་པའི་ཆེད་ལས་ཞིང་འབྲོག་པ་གསར་པར་གྲོང་ཁྱེར་དང་ས་ཁུལ་མི་སྤྱི་ཅུས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་བྱས་པ་མ་ཟད་ཞིང་འབྲོག་མང་ཚོགས་ལ་ས་གནས་དེ་རང་དུ་ཐོན་སྐྱེད་ལག་རྩལ་གྱི་མཛུབ་ཁྲིད་ཀྱང་བྱས་ཡོད།
          རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཚན་སློབ་ཁྲུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་ཀྱིས་གསོ་སྐྱོང་ཚོད་ལྟའི་རྫོང(ཆུས)46བཙུགས་པ་དང་ཆེད་ལས་ཞིང་འབྲོག་པ་གསར་པ་ཁྲི་1ལྷག་ཙམ་གསོ་སྐྱོང་བྱས་པ་མ་ཟད་གཏན་འཁེལ་ཡང་བྱས་ཡོད། གོམ་སྟབས་རྗེས་མར་གསོ་སྐྱོང་ཚོད་ལྟའི་རྫོང(ཆུས)གི་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་ནས་2020ལོར་སླེབས་སྐབས་རྫོང(ཆུས)74ལ་ཁྱབ་པར་བྱ་རྒྱུ་རེད། ཆེད་ལས་ཞིང་འབྲོག་པ་གསར་པ་རྒྱུན་གནས་ཐུབ་པར་བྱ་ཆེད། ཐོན་ལས་རོགས་སྐྱོར་དང་། ཚན་རྩལ་རོགས་སྐྱོར། ཞིང་ལས་སྲིད་ཇུས། འགན་བཅོལ། དངུལ་རྩའི་རོགས་སྐྱོར་སྲིད་ཇུས་སོགས་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱ་རྒྱུ་དང་སྦྲེལ་མཐུད་ཐུབ་རྒྱུར་འཚོལ་ཞིབ་ཧུར་ཐག་གིས་ཆེད་ལས་ཞིང་འབྲོག་པ་གསར་པར་སློབ་གསོ་གསོ་སྦྱོང་དང་། དཔྱད་ཞིབ་གཏན་འཁེལ་དང་སྟབས་བསྟུན་དོ་དམ། སྲིད་ཇུས་ཀྱི་འདེགས་སྐྱོར་སོགས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་རྟེན་གཞི་ཁག་གཅིག་འཛུགས་པ་དང་གཏན་འཁེལ་བྱ་རྒྱུ། རྟེན་གཞིར་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ལེ་ལག་ཚང་བའི་སྲིད་ཇུས་བཟོ་ཐུབ་པའི་བརྩོན་ལེན་ཡང་བྱ་རྒྱུ་རེད། ཆེད་ལས་ཞིང་འབྲོག་པ་གསར་པས་ཞིང་འབྲོག་པའི་ཐོན་འཕར་དང་འབབ་འཕར་ལ་སྐུལ་ཁྲིད་དང་། ཞིང་འབྲོག་ལས་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་གཏོང་། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།