གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་གོང་དཀར་རྫོང་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་རྒྱལ་ཁའི་ངང་མཇུག་འགྲིལ། གྲུབ་འབྲས་གཡུར་དུ་ཟ་བ་བླངས།

སྤེལ་དུས 2018-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
མཇུག་འགྲིལ་མཛད་སྒོའི་ཡུལ་དངོས།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་གོང་དཀར་རྫོང་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་རྒྱལ་ཁའི་ངང་མཇུག་འགྲིལ། ཐེངས་འདིའི་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་ལ་ངོ་མཚར་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས།
མཇུག་འགྲིལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
           སྐབས་འདིའི་ཡུལ་སྐོར་དུས་ཆེན་ཐོག “2018ལོའི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་འཇའ་ཚོན་སྣ་བདུན་པང་གདན་འཛམ་གླིང་གི་ཟིན་ཐོ་བདེན་དཔང་ར་སྤྲོད་”བྱེད་སྒོ་ནི་དོ་སྣང་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར། ནས་ཀྱི་ཐོན་ལས་བཞུགས་མོལ་ཚོགས་འདུ་དང་མངོན་མིན་རིག་གནས་ཤུལ་བཞག་གྲུབ་འབྲས་འཁྲབ་སྟོན། པར་རིས་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན། ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ། རིག་གནས་ཡུལ་སྐོར་སྣང་བརྙན་ཕོ་ཉ་གདམ་གསེས། ཡར་འབྲོག་གཡུ་མཚོའི་“སྐར་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་— མཚོ་གཙང་སྲུང་སྐྱོང་”ཁོར་ཡུག་སྲུང་སྐྱོང་སྒེར་འཁོར་ཡུལ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། གོང་དཀར་རྫོང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྟུག་པོ་མངོན་པ་དང་། གོང་དཀར་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་མངོན་ཡོད། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་འགྲེམས་ཚོང་ཕུན་སུམ་ཚོགས་པོས། གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར། སྟོབས་ཤུགས་ཆེར་སྐྱེད་ཀྱིས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ངར་ཤུགས་གང་ལེགས་ཀྱིས་མཚོན་ཡོད། 
མཇུག་འགྲིལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
           གུང་དཀར་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་ཞབས་བྲོ། ཤང་གྲོང་གི་ལས་ཞོར་རིག་རྩལ་རུ་ཁག་གི་《བྱང་ཐང་གི་བརྩེ་བ་》དང་ལས་འཁྱུར་ངལ་གསོ་ཏང་ཀྲི་པུའུ་ཡིས་འཁྲབ་སྟོན་བྱས་པའི་《ཞོགས་པའི་མཁའ་རླུང་གཙང་མ་》སོགས་རིམ་པར་འཁྲབ་སྟོན་བྱས་པས། 2018ལོའི་གོང་དཀར་རྫོང་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་ལ་རྟེན་འབྲེལ་རྫོགས་ལྡན་གྱི་དུས་ཆེན་གྱི་ཉམས་སྣང་སྩལ།