གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི“རིག་ནུས་ཁྲིམས་ཁང”གིས་ཞིང་འབྲོག་པ་ཚོར་བཅའ་ཁྲིམས་ཀྱི་ཞབས་ཞུ་སྟབས་བདེ་མཁོ་འདོན་གནང་པ།

སྤེལ་དུས 2018-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
1.jpg
          གློག་རྡུལ་ཡིག་ཚགས་གྱོད་གཞི་དང་ལྷན་དུ་དུས་མཉམ་དུ་གྲུབ་པ་དང་།ཁྲིམས་རའི་འདྲི་གཅོད་ཀྱི་སྐད་ཆ་དབྱེ་འབྱེད།ཁྲིམས་གཅོད་ཡིག་རིགས་བོད་རྒྱ་སྐད་གཉིས་རང་བཞིན་དུ་གྲུབ་པ།གཞི་གྲངས་ཆེན་པོའི་ཉེས་གསོག་གི་ཆེད་དོན་སྙན་ཞུ་གྲུབ་པ།འཁོར་ཐོག་ཏུ་སྐོར་སྐྱོད་ཚན་རྩལ་ཁྲིམས་ར་ཡོད་པ་བཅས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི“རིག་ནུས་ཁྲིམས་ཁང”བསྐྲུན་པའི་གྲུབ་འབྲས་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྟབས་བདེའི་ཁྲིམས་ལུགས་ཞབས་ཞུ་མཁོ་འདོན་གནང་ཡོད་པ་རེད།
          བོད་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་ཁར་ལམ་ཐག་རིང་པོ་ཡོད་པས་གྱོད་གཞི་སྒྲུབ་གཉེར་གྱི་མ་རྩ་མཐོན་པོ་ཆགས་ཡོད་རེད།“ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གྱིས་མི་དམངས་མང་ཚོགས་ཀྱིས་གཏུག་བཤེར་གོ་རིམ་ཁྲོད་ཀྱི་དུས་ཚོད་དང་དཔལ་འབྱོར་གྱི་མ་རྩ་ཇེ་དམའ་རུ་བཏང་ཡོད་པ་དང་།ལས་དོན་མི་སྣས་གྱོད་སྒྲུབ་ཀྱི་མ་རྩ་ཡང་གྲོན་ཆུང་དུ་བཏང་ཡོད”ཅེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་གྱི་ལས་རོགས་ཝང་ཡུང་ཀང་གིས་དེ་སྐད་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན།བོད་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ད་དུང་གཞི་རིམ་ཁྲིམས་ཁང་ལ་སྐོར་སྐྱོད་ཚན་རྩལ་ཁྲིམས་རའི་རླངས་འཁོར་བཀོད་སྒྲིག་བྱས་ཡོད་ཅིང་།གཏུག་བཤེར་ཞབས་ཞུ་ནི་ཞིང་ལས་ས་ཁུལ་དང་རྩྭ་ཐང་གི་འབྲོག་སྡེ་བཅས་ལ་འབྱོར་ནས་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་ཚེ་དུས་ཐོག་ཏུ་ཞིབ་གཅོད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་གཏུག་བཤེར་ལ་སྟབས་བདེ་བསྐྲུན་ཡོད།
          བོད་དུ་གཞི་རིམ་ཁྲིམས་ཁང་གིས་དང་ལེན་བྱས་པའི་གྱོད་དོན80%ནི་ཞིང་འབྲོག་མང་ཚོགས་ཀྱི་གྱོད་དོན་ དང་འབྲེལ་ཡོད་པ་རེད།ཞིང་འབྲོག་མང་ཚོགས་རང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་གཏུག་བཤེར་གྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱ་ཆེད།བོད་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་བོད་ཡིག་གི་འདྲི་གཅོད་རམ་འདེགས་ལོ་ཙཱའི་མ་ལག་གསར་སྤེལ་གནང་ཐོག ཁྲིམས་གཅོད་ཡིག་རིགས་དང་མི་དམངས་འཐུས་ཚོགས་ཀྱི་སྙན་ཞུ།མི་དོན་བསྐོ་གཞག་བྱེད་པ་སོགས་ཀྱི་གཞུང་ཡིག་ཡིག་སྒྱུར་བྱེད་རྒྱུ་མངོན་འགྱུར་བྱུང་པ་དང་། ཡིག་སྒྱུར་གནད་ལ་འཁེལ་ཚད70%ཡས་མས་ཟིན་ཡོད།“ལས་རིམ་རྗེས་མར་ང་ཚོས་ད་དུང་མ་ལག་རིམ་སྤོར་དང་ཡིག་སྒྱུར་གནད་ལ་འཁེལ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལག་རྩལ་ཆ་འཕྲིན་ཁྲུའུ་ཡི་ལས་བྱེད་པ་ཞུས་ཡུས་ཡིས་དེ་སྐད་བཤད་བྱུང་།
          གསར་འགོད་པས་ཤེས་རྟོགས་བྱུང་པ་ལྟར་ན།ལོ་ངོ་དུ་མའི་རིང་གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བརྒྱུད།2018ལོའི་ཟླ10 པའི་ཟླ་མཇུག་བར་།བོད་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ལྗོངས་སུ་ཁྱོན་བསྡོམས་ཚན་རྩལ་ཁྲིམས་ར157 འཛུགས་བསྐྲུན་གནང་ཞིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ས་ཁུལ(གྲོང་ཁྱེར)7 ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་། རྫོང(ཆུས) 74 ཁྲིམས་ཁང་དང་དེ་བཞིན་ཤང་གྲོང་ཁག་ཅིག་གི་ཁྲིམས་རར་བརྙན་ལམ་ཚོགས་འདུ་འཚོགས་རྒྱུ་དང་། ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱེད་པ་སོགས་ལྟེ་བའི་ལས་སྒོ་ཁྱབ་ཐུབ་པ་བྱུང་ཡོད།