ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ས་བབ་ཧ་ཅང་མཐོ་ས་ནས་སྣོད་བཅུད་བཟང་སར་གནས་སྤོ་དང་ཐོན་ལས་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2018-10-10 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། པད་ཚེས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ས་བབ་ཧ་ཅང་མཐོ་ས་ནས་སྣོད་བཅུད་བཟང་སར་གནས་སྤོ་དང་ཐོན་ལས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ཅང་ཕིང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྒྲོམ་སྟེགས་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་ཁེ་ལས་ཀྱི་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུལ་སྐོར་ལ་མཁྱེན་རྟོགས་གནང་བཞིན་པ།
            རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་རྫོགས་རྗེས་ཀྱི་ཉིན་དང་པོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་ལ་ཕེབས་ནས་ས་བབ་ཧ་ཅང་མཐོ་ས་ནས་སྣོད་བཅུད་བཟང་སར་གནས་སྤོ་དང་ཐོན་ལས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ།
            མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། གཞི་ཁྱོན་འོས་འཚམ་གཅིག་སྡུད་ཀྱི་རྩ་དོན་ལ་གཞིགས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་བཏང་ནས་ཡུལ་བབ་དང་བསྟུན་པའི་ངང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པ། དབུལ་སྒྲོལ་གྱི་ལམ་བུའི་ཐོག་དུད་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པ་བྱེད་པ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
            ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བཅས་ལྷན་དུ་ཕེབས་ཡོད་པ་རེད།
            ཝུའུ་དབྱིང་ཅེས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནས་སྣོད་བཅུད་བཟང་བའི་འཕྲེང་འགོ་ཤང་འཕྲེང་འགོ་གྲོང་ཚོའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དང་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནས་སྣོད་བཅུད་བཟང་བའི་དགོན་སྟོད་གྲོང་རྡལ་སྲིན་བུ་རིའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ་དེ་གའི་འཆར་འགོད་ལ་གཟིགས་པ་དང་འབྲེལ་སྡོད་ཁང་ནང་ཕེབས་ནས་བཀོད་སྒྲིག་བྱ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་ཁག་གི་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་གསེབ་ཀྱི་ལས་བྱེད་པ་དང་མཉམ་དུ་དབུལ་སྒྲོལ་སྐོར་དང་ཕྱུག་པོ་ཆགས་ཐབས་སྐོར་གླེང་གནང་བ་རེད། ཝུའུ་དབྱིང་ཅེས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནས་སྣོད་བཅུད་བཟང་བའི་འཕྲེང་འགོ་ཤང་འཕྲེང་འགོ་གྲོང་ཚོའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དེ་2017ལོའི་ཟླ་བཅུ་གཅིག་པར་ལས་འགོ་བཙུགས་ནས་འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་བཟོ་ཡོད་པ་དང་ལོ་འདི་གར་གནས་སྡོད་བྱ་རྒྱུ་ཡིན་པ་དང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནས་སྣོད་བཅུད་བཟང་བའི་དགོན་སྟོད་གྲོང་རྡལ་གྱི་སྲིན་བུ་རིའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་ལ་སྒྲིག་བཀོད་ཞིང་ལས་དང་། སྒྲིག་བཀོད་འབྲོག་ལས། སྣོད་བཅུད་འབྲས་ཤིང་ནགས་ལས། སོས་དལ་སྤྲོ་གསེང་ཡུལ་སྐོར་བཅས་གཞི་གཅིག་ཅན་འཕེལ་རྒྱས་བཏང་ནས་ཐོན་ལས་ལ་སྤྱོད་པའི་ས་ཆ་མུའུ་ཁྲི་2.1དང་སྣོད་བཅུད་ལ་སྤྱོད་པའི་ས་ཆ་མུའུ་ཁྲི་3.6ཟིན་རྒྱུའི་འཆར་གཞི་ཡོད་པ་དང་ད་ཆ་ཇུས་འགོད་རགས་ཙམ་ལེགས་གྲུབ་ཟིན་ནས་ཟླ་10པའི་ཟླ་དཀྱིལ་ནས་འགོ་བརྩམ་རྒྱུ་ཡིན་ལུགས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དོ་དོ་ནན་ནན་དང་། ལྷག་བསམ་ཆེ་བ། ནུས་ཤུགས་ཡོད་རྒུ་བཅས་ཀྱིས་ཡག་པོ་བསྒྲུབས་པ་མ་ཟད། “ལྗོངས་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ས་ཞིང་སོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་བྱས་ནས་ལྗོངས་ཡོངས་ཀྱི་ས་བབ་ཧ་ཅང་མཐོ་བ་ནས་སྣོད་བཅུད་བཟང་སར་གནས་སྤོས་ལས་དོན་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་གཞི་ཁྱོན་འོས་འཚམ་གཅིག་སྡུད་ཀྱི་རྩ་དོན་ལ་གཞིགས་ཏེ། དབུལ་སྐྱོར་གནས་སྤོ་དེ་གྲོང་ཁྱེར་དང་གྲོང་རྡལ་ལ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ས་བབ་ཧ་ཅང་མཐོ་བ་ནས་སྣོད་བཅུད་བཟང་སར་གནས་སྤོས་ལས་དོན་དེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སོགས་དང་ཟུང་འབྲེལ་བྱས་ནས་གནས་སྤོ་བྱེད་མཁན་མང་ཚོགས་ལ་སེམས་ཁུར་ཏན་ཏིག་བྱེད་པ་དང་། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁོང་ཚོར་དཀའ་སྤྱད་ཀྱི་གྲ་སྒྲིག་ཡག་པོ་དགོས་པ་དང་དཀའ་ངལ་དངོས་ཁྱད་བསད་བྱ་རྒྱུར་རོགས་རམ་བྱེད་པའི་ཐོག་ནས་ས་གནས་ཀྱི་སྤྱི་ཚོགས་ནང་མཉམ་འདྲེས་སྔར་བས་ཡག་པོ་ཐུབ་པ་དང་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཕུགས་འདུན་འགྲུབ་པར་བྱས་ཏེ་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཀྱི་འདོད་བློར་བརྩི་བཀུར་གང་ལེགས་ཞུ་བ་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཏེ་ཁང་པའི་བཀོད་པ་ལུགས་མཐུན་ངང་ཇུས་འགོད་ཀྱིས་གནས་སྤོའི་ཁང་པ་སྤྱོད་གོ་ཆོད་པ་དང་། ཁུངས་ཐུབ་པ། འདང་ངེས་ཡོད་པ་བཅས་ཡོང་བ་བྱས་ཏེ་གནས་སྤོ་བྱེད་མཁན་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།
            ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་དོན་གཙོ་བོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དུད་ཚང་དབུལ་པོ་ལས་ཞུགས་ཐུབ་པ་བྱས་ཏེ་ཁོང་ཚོར་ཡོང་འབབ་དངོས་དངོས་རྗེན་རྗེན་གྱིས་འཕར་བ་བྱས་ཡོད། ཝུའུ་དབྱིང་ཅེས་ཅང་ཕིང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྒྲོམ་སྐྱོར་མཐོ་བའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་དང་སྐྱིད་གཤོངས་གྲོང་རྡལ་བྲག་ཆེན་གྲོང་ཚོའི་སོས་དལ་ལྟ་སྐོར་འཐུ་བསྡུའི་ཐོན་ལས་གླིང་གི་དྲོད་ཁང་ནང་ཕེབས་ནས་དེ་གའི་ལས་བཟོ་དང་གླེང་མོལ་གནང་སྟེ་ཐོན་ལས་དབུལ་སྐྱོར་ལས་དོན་བསྒྲུབས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་མ་དངུལ་སྔར་བས་མང་བ་གཞི་རིམ་ལ་གཏོང་བ་དང་། ཞིང་འབྲོག་ཁུལ་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་སྨིན་དབུལ་སྐྱོར་ཁྲོད་ཐོན་ལས་ཀྱིས་འདེགས་སྐྱོར་སྣེ་ཁྲིད་ཡག་པོ་བྱས་ནས། ཐོན་ལས་རྒྱུན་མཐུད་དང་ཁྱབ་གདལ་ཡོང་བ་འགན་ལེན་དང་མང་ཚོགས་ཕ་ཡུལ་དང་རང་ས་ནས་ཁ་འབྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཏེ་མང་ཚོགས་དབུལ་སྒྲོལ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་སྔར་བས་མང་བ་བོད་ལ་ཡོང་ནས་མ་འཇོག་བྱེད་པ་དང་བྱ་གཞག་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱ་རྒྱུའི་ལྕག་སྐུལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
            ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་དགོས་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་འབད་པ་ལྷོད་མེད་ལའང་དེ་བས་བརྟེན་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་བསམ་བློའི་སློབ་གསོ་གཏོང་རྒྱུ་ཨང་དང་པོར་བཞག་སྟེ་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་འབྲེལ་བྱེད་པ་མ་ཟད། རོགས་སྐྱོར་བྱེད་སྟངས་ལེགས་སུ་བཏང་སྟེ་ཚན་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནང་གནས་ཀྱི་སྒུལ་ཤུགས་སྔར་བས་འཕེལ་བར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས། མང་ཚོགས་ཚོས་མཐའ་འཁོར་གྱི་ཁོར་ཡུག་ལ་གཅེས་སྤྲས་དང་དགའ་གཅེས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་དང་སྐུལ་སློང་བྱས་ནས་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་བཟོ་བའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་གྲོང་གསེབ་སྔོ་ལྗང་དང་མཛེས་སྡུག་ལྡན་པར་འགྱུར་བ་བྱས་ཏེ་མང་ཚོགས་རྣམས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            ཝུའུ་དབྱིང་ཅེས་གོང་དཀར་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་འབྲེལ་ཡོད་ཀྱི་གཉིས་གཏོད་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁེ་ལས་ཀྱི་ཐོན་ཟོག་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གང་ལེགས་སྤྱད་དེ་ཁེ་ལས་ཐོན་འཕར་ནུས་ཆེ་ཡོང་བ་དེ་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དེ་བས་མང་བ་ལས་གཏོད་དང་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་ནས་མི་ཚེའི་རིན་ཐང་དང་ཕུགས་བསམ་འགྲུབ་པ་དང་མང་ཚོགས་སྔར་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            ད་དུང་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་མཁའ་འགྲུལ་ཁུལ་གསར་གྱི་བྱེ་འགྱུར་བཅོས་སྒྲིག་དང་རྩི་ཤིང་བསྐྱར་གསོའི་རྣམ་གྲངས་དང་དེ་བཞིན་ཤིང་སོན་ནགས་ཤིང་སྐྱེ་འཕེལ་ལྟེ་གནས་ལ་ཕེབས་ནས་དེ་གའི་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་དང་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དང་བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་རང་རྟོགས་ངང་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཆགས་པ་དང་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ལ་འཁྱོལ་བ་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་བཟོ་བའི་ལས་དོན་ཏན་ཏིག་ངང་སྤེལ་ཏེ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པའི་ཁར་ལུགས་མཐུན་ངང་ཤིང་སྣ་འདེམས་གསོ་བྱས་ནས་སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ལེགས་སུ་བཏང་སྟེ་བོད་ཀྱི་རི་སྔར་བས་སྔོ་བ་དང་། ཆུ་སྔར་བས་དྭངས་བ། མཁའ་རླུང་སྔར་བས་སོས་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།