མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་གྲོང་རོང་དུ་འཁྱིལ་ཆུ་ཆགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་6000ལྷག་ཕྱིར་འཐེན་བྱས་པ།

སྤེལ་དུས 2018-10-19 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན། ཡར་ཀླུང་གཙང་པོའི་བོད་ལྗོངས་ཉིང་ཁྲིའི་སྨན་གླིང་རྫོང་རྒྱ་ལ་གྲོང་ཚོའི་འཁྱིལ་ཆུའི་གནོད་འགོག་གེགས་སེལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ངོ་སྤྲོད་བྱས་དོན། འཁྱིལ་ཆུའི་ཉེན་ཁའི་གནས་ཚུལ་ཐོན་རྗེས། མིག་སྔའི་བར་སྨིན་གླིང་རྫོང་དང་། མེ་ཏོག་རྫོང་གིས་ཁྱོན་བསྡོམས་མང་ཚོགས་6000ལྷག་གནོད་འཚེ་ཕོག་ཡུལ་ནས་ཕྱིར་འཐེན་བྱས་ཡོད་པ་དང་། མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།  
          ངོ་སྤྲོད་བྱས་པར་གཞིགས་ན། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་5ཡས་མས་སུ། རྒྱ་ལ་གྲོང་ཚོའི་སྨད་རྒྱུད་ནས་སྤྱི་ལེ་7མཚམས་ཀྱི་མི་མེད་ས་ཁུལ་དུ། ཡར་ཀླུང་གཙང་པོའི་གཡོན་འགྲམ་གྱི་རི་ཉིལ་ནས། ཡར་ཀླུང་གཙང་པོ་འགག་སྟེ། ཆུ་ཁ་རྒྱས་པ་དང་། འཁྱིལ་ཆུ་ཐོན་པ་རེད། རི་ཉིལ་བའི་ཁ་ཞེང་ལ་སྨི་150ཡོད་པ་དང་། རིང་ཚད་ལ་སྨི་300ཡོད་ཅིང་། མཐོ་ཚད་སྨི་120དང་།   བོངས་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་0.054ཡོད། འཁྱིལ་ཆུར་ཆུ་ཚོད་1ལ་ཆུ་སྨི་གྲུ་བཞི་ལྷམ་པ་800ཙམ་གསོག་པ་དང་། མིག་སྔར་ཆུ་གསོག་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་3ཟིན་ཡོད། མིག་སྔའི་བར། གནོད་འཚེ་ཕོག་པའི་མི་6000ལྷག་ཡོད་པ་དང་། མི་10000ལ་ཤུགས་རྐྱེན་ཐེབས་ཡོད།