ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་ག་ནི་དཀར་མཛེས་རྫོང་གི་མིང་བྱང་ཡིན།

སྤེལ་དུས 2018-11-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཉེ་སྔོན། སྨྱུག་ཐོག་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་གར་སོང་། འདམ་རའི་ཡུལ་ལྗོངས་ངོ་མཚར་ཞིག་མིག་མདུན་དུ་མངོན། རླུང་གིས་བརྡས་པའི་ཤིང་སྡོང་གི་གཟུགས་བརྙན་ཆུ་ནང་དུ་ཤར་བ་དང་། ཆུ་ངོས་སུ་སྐབས་འགར་བྱའི་གཟུགས་བརྙན་འཆར། དྭངས་ཤིང་གཙང་བའི་ཆུ་རྫིང་ནང་དུ་ཉ་རྣམས་ཕར་རྐྱལ་ཚུར་རྐྱལ་བྱེད། ངང་བ་རྣམས་རྩེད་འཇོར་ལ་རོལ། ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བའི་རྫིང་བུ་དེ་ནི་སྔོན་ཆད་འདམ་སྨྱུག་རྫིང་བུ་ཞིག་ཡིན་པ་སུས་ཀྱང་བློ་ངོར་འཆར་དཀའ།
ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་ག
           སྟོན་མཇུག་ལ་སླེབས་ཀྱང་འདམ་རའི་སྤྱི་གླིང་གིས་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད།   ས་གནས་དེ་གའི་གྲོང་མིའི་འཕྲིན་གྲོགས་ཚོགས་པའི་ནང་མཛེས་ལྗོངས་ཀྱི་འདྲ་པར་གྱིས་ཁེངས་ཤིང་།   སྤྱི་གླིང་དེ་དྲ་ཐོག་ཏུ་སྐད་གྲགས་ཤིན་ཏུ་ཆེ།
           “དཀར་མཛེས་རྫོང་གིས་སྣོད་བཅུད་འདུ་ཤེས་དེ་མཛུབ་ཁྲིད་དུ་བཟུང་ནས།   ཡར་ཀླུང་གཙང་པོའི་ཁུག་པའི་སྣོད་བཅུད་འདམ་ར་ལྟེ་བར་འཛིན་པ་དང་།   སྤྲོ་གསེང་ལྟ་སྐོར་ཚན་རིག་ཤེས་བྱ་ཁྱབ་གདལ་དང་རིག་གནས་སྣང་ཚུལ་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི་སྐྱེ་ཁམས་སླར་གསོ་དང་ཐོན་ཁུངས་སྲུང་སྐྱོང་།   ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་སློབ་གསོ།   ཡུལ་སྐོར་ལྟ་སྐོར་སོགས་བྱེད་ནུས་མང་བའི་གྲོང་ཁྱེར་གྱི་འདམ་རའི་སྤྱི་གླིང་བཙུགས་ཡོད།”   དཀར་མཛེས་རྫོང་ཁོར་ཡུག་དང་ནགས་ཚལ་སྲུང་སྐྱོང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།   ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་གའི་སའི་རྒྱ་ཁྱོན་ལ་མུའུ་12768ཡོད།   ཉེ་བའི་ལོ་ཤས་རིང་།   དཀར་མཛེས་རྫོང་ཡར་ཀླུང་གཙང་པོའི་ཁུག་པར་(དེ་སྔའི་ཆུ་རྫིང་གི་མཐའ་འཁོར)ཡར་ཀླུང་འདམ་ར་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས།   རྣམ་གྲངས་ལ་ཆུ་སྦགས་བཙོག་བཅོས་སྐྱོང་དང་ཤིང་འཛུགས་ནགས་བཟོ།   འདམ་ར་སླར་གསོ།   ཆུ་འགོའི་ས་ཁུལ་སྲུང་སྐྱོང་།   ཆུ་ཕྲན་འབབ་རྒྱུད་ལེགས་སྐྱོང་སོགས་ཀྱི་ནང་དོན་འདུས།   འགོ་ཁུངས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྐྱེ་ཁམས་གཏོར་བརླག་གཏན་འགོག   འདམ་རའི་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་བཀག་འགོག་ནུས་ཆོད་བྱས།   རིམ་བཞིན་འདམ་རའི་སྣོད་བཅུད་མ་ལག་གི་རང་ངོས་སྙོམ་སྒྲིག་བྱེད་ནུས་ཆེ་རུ་བཏང་།   བཅོས་སྐྱོང་གི་ལས་ཀ་རིམ་པ་ལག་བསྟར་བྱས་པས།   ཡར་ཀླུང་འདམ་རའི་ཁྱབ་ཁོངས་ཀྱི་ཆུ་ཇེ་གཙང་དང་སྐྱེ་ཁམས་ཞིག་གསོ།   ཆུ་ལམ་གཙང་བཤེར།   ས་ཆུ་ཤོར་བ་ཚོད་འཛིན།   ཞིང་གྲོང་གི་སྦགས་བཙོག་བཟོ་བ་ཚོད་འཛིན་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།   ན་ནིང་།   དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི་1000བཏང་ནས་འབྲུག་མོ་མཚེའུ་བཟོས།   ད་ལྟ་ས་མུའུ་800སྔོ་ཁེབས་སླར་གསོ་ཟིན།   མིའི་ཐབས་ལ་བརྟེན་ནས་ས་མུའུ་1146ལ་རྩྭ་བཏབ།   མཚེའུ་མུའུ་656རྒྱ་བསྐྱེད།   སྐྱེ་ཁམས་ཆུ་རགས་སྨི་850བཟོས།   སྲུང་སྐྱོང་འགྲོ་ལམ་སྤྱི་ལེ་6བསྐྲུན།   གཞན་མཆོད་རྟེན་དཀར་པོ་གཅིག   རྡོ་ཟམ་གཞུ་དབྱིབས་ཅན་གཅིག   གནམ་དཔྱང་འགྲོ་ལམ་གཅིག་བཅས་བཟོས།   ཟམ་མི་ཆད་པར་སྒྱུར་བཀོད་རིམ་སྤོར་བྱས་པས་འདམ་རའི་སྤྱི་གླིང་ནི་ད་ལྟ་དཀར་མཛེས་རྫོང་གི་མིང་བྱང་ཞིག་ཏུ་གྱུར་ཡོད།
ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་ག
           སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་བའི་ཐོན་རྫས་དང་ཀུན་ལ་ཧ་ཅང་ཕན་པའི་དམངས་འཚོའི་བདེ་རྩ་ཡིན།   འདམ་རར་“ས་གོ་ལའི་མཁལ་མར་”གྲགས་པས་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཡོད་པ་ཙམ་གྱིས་མི་ཆོག་པར།   དེ་བས་ཀྱང་སྐྱེ་དངོས་སྣ་མང་རང་བཞིན་ཡིན་དགོས།   སྨྱུག་ཐོག་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར་གཞིགས་ན།   དཀར་མཛེས་ཀྱི་མི་རྣམས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ཇི་བཞིན་འདམ་ར་བདག་སྐྱོང་བྱེད་བཞིན་ཡོད།   འདམ་རའི་སྣོད་བཅུད་ལ་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་དང་།   སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་ཆེད།   《འདམ་རའི་སྤྱི་གླིང་དོ་དམ་བྱེད་ཐབས་》བཏོན་ཡོད་པ་དང་།   སྤྱི་ཕན་རང་བཞིན་གྱི་ལས་གནས་8བཀོད་སྒྲིག་བྱས་ཏེ་ཆེད་དུ་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་ལས་ཀ་བྱེད་བཞིན་ཡོད།
ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡར་ཀླུང་གླིང་ག
           དཀར་མཛེས་རྫོང་ཁོར་ཡུག་དང་ནགས་ཚལ་སྲུང་སྐྱོང་ཅུས་ཀྱི་འགན་ཁུར་བས་བརྗོད་རྒྱུར།   “ཡར་ཀླུང་འདམ་རའི་སྤྱི་གླིང་གིས་སྲུང་སྐྱོང་གཙོ་བོ་དང་ཚན་རིག་གིས་ཉམས་གསོ།   བེད་སྤྱོད་ལུགས་མཐུན།   རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྩ་དོན་བརྩི་སྲུང་གིས་སྐྱོན་བྲལ་དང་བརྟན་ལྷིང་སྒོས་འདམ་རའི་སྣོད་བཅུད་མ་ལག་བཙུགས་ནས།   འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས།”   “འདམ་རའི་སྤྱི་གླིང་དང་དེའི་མཐའ་འཁོར་གྱི་རང་བྱུང་ཐོན་ཁུངས་བཟང་བོ་དང་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བགྱིས་ནས།   འདམ་རའི་སྐྱེ་ཁམས་ཀྱི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་འདོན་སྤེལ་བྱེད་པ་དང་།   རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་བཏང་ནས།   སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་དགོས།”
འདམ་རའི་སྤྱི་གླིང་གི་ཟུར་གཅིག
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།   གྲོང་ཁྱེར་དང་འདམ་ར་གཉིས་འཆམ་མཐུན་མཉམ་གནས་བྱ་ཆེད།   འདམ་རའི་སྣོད་བཅུད་དེ་ཉིད་རི་ཆུ་ནགས་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་ལྗོངས་སུ་བསྐྲུན་ནས།   “མཚེའུ་ནང་དུ་མཚོ་གླིང་དང་།   མཚོ་གླིང་སྟེང་ནགས་ཚལ་ཡོད་པ།   ནགས་ཚལ་དུ་བྱ་དང་ཆུ་ནང་ཉ་ཡོད་པ།   ལྡིང་ཀའི་ཟམ་པ་འཁྲུག་པོར་བསྣོལ་པ།   མི་ཚོགས་ཀྱིས་ཁེངས་པའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་དང་།   གྲོང་མི་དང་ཡུལ་སྐོར་བར་“རི་ཆུ་མཐོང་བས་ཕ་ཡུལ་དབང་མེད་དྲན་”པའི་བསམ་ཚོད་ཡོད་དགོས།   ལྗང་མདོག་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་འདམ་རའི་སྣ་མང་ཕུན་སུམ་ཚོགས་པའི་སྣོད་བཅུད་ཡུལ་སྐོར་སྤུས་རྟགས་བཟོས་ནས།   སྐྱེ་ཁམས་འཛུགས་སྐྲུན་གྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་པའི་ལས་ཕྱོད་མཐོར་འདེགས་གཏོང་དགོས།