ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“མཐའ་འཁྱོངས་བདུན”ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          2017ལོའི་ཟླ་10ཚེས་1ཉིན། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དབུལ་པོའི་ཞྭ་མོ་དངོས་སུ་ཕུད་དེ་དབུལ་པོའི་རྫོང(ཆུས)གི་གྲལ་སྟར་ནས་ཕྱིར་འཐེན་བྱས་པ་རེད། ཆུས་དེའི་དུད་ཚང་1392ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་་པོ་4854ཡི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་7802.26ཟིན་པ་དང་། ཕྱོགས་བསྡུས་དབུལ་པོ་ཆགས་ཚད་0.17%ཟིན་པ།ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དཔྱད་འདེམས་བྱེད་ནོར་ཤོར་བ་དང་ཕྱིར་འཐེན་བྱེད་ནོར་ཤོར་བའི་གནས་ཚུལ་ཐོན་མེད་པ་མ་ཟད། མང་ཚོགས་བློ་ཡིད་ཚིམ་་ཚད་90%ཡན་ཟིན་པ་རེད།
          གནད་སྨིན་ཇུས་འདོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རོགས་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱ་ཐབས་དུད་ཚང་དུ་འཁྱོལ་རྒྱུ་གནད་སྨིན། གྲོང་ཚོར་གཞིགས་ནས་མི་གཏོང་རྒྱུ་གནད་སྨིན། དབུལ་སྒྲོལ་གྱི་ཕན་འབྲས་གནད་སྨིན་བཅས་ཏེ“གནད་སྨིན་དྲུག”སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། གྲོང་ཚོ་དང་། དུད་ཚང་། མི་བཅས་སོ་སོའི་གནས་ཚུལ་མི་འདྲ་བར་དམིགས་ཏེ་བྱ་ཐབས་བཟོས་ནས་དབུལ་སྐྱོར་གནད་ལ་ཏན་ཏིག་འཁེལ་བ་བྱས་ཡོད།
          མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྲིད་གཞུང་གི་མ་འཇོག་གི་བྱེད་པོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། དབུལ་སྒྲོལ་འགག་་སྒྲོལ་ཐད་ཀྱི་དངུལ་རྩའི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག སྤྱི་ཚོགས་ཀྱི་མ་དངུལ་དབུལ་སྒྲོལ་འགག་སྒྲོལ་ལ་ཧུར་ཐག་གཏོང་བ་བཅས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་ཐབས་ལམ་མང་བ་དང་རྣམ་པ་མང་བའི་གཏོང་ཆ་ཞིག་ཏུ་འགྱུར་བར་བྱས་པ་རེད།
          ཐོན་ལས་ཀྱིས་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཕྱོགས་གཅིག་ནས“མྱུར་སྒྲུབ”རྣམ་གྲངས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཕུགས་ཕན་རྣམ་གྲངས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་མཐའ་འཁྱོངས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་དང་ལས་ཞུགས་ཀྱི་ཕན་འབྲས་ཆེ་རུ་བཏང་བས་མང་ཚོགས་དབུལ་པོར་ལས་ཞུགས་ཡུན་རིང་དང་་བརྟན་པོ་བྱུང་ཡོད་ལ་འབབ་འཕར་ཡང་བྱུང་ཡོད།
          གསར་གཏོད་བྱེད་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དངུལ་ཁང་གི་ཉེན་ཁའི་གཏའ་འཇོག་དངུལ་བུན་ལམ་སྲོལ་དང་། དབུལ་སྐྱོར་ཐོན་ལས་ཀྱི་དངུལ་བུན་དང་མང་ཚོགས་དབུལ་པོའི་ལས་ཞུགས་ཁེ་སྤོགས་གཉིས་ཕན་ཚུན་འབྲེལ་མཐུད་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི“དུད་ཚང་གཅིག་ནས་མི་གཅིག་ལས་ཞུགས”ཀྱི་ལས་ཀའི་ལམ་སྲོལ་བཅས་ཐོག་མར་བཙུགས་པ་མ་ཟད། ད་དུང“སྒོར་གཅིག་ཤར་བགྲོད”ཀྱི་གྲོང་ཚོར་སླེབས་པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཐོག་མར་ཤར་གཏོང་ཐུབ་པར་བྱས་ནས་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
          སྤྱི་ཚོགས་སྐུལ་སློང་མཐའ་འཁྱོངས་བྱས་ཤིང་། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་ཀྱིས་དབུལ་སྐྱོར་ཆེན་པོའི་རྣམ་པ་ཞིག་ཆགས་པར་བྱས་ནས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་་གཅིག་ཏུ་བསྒྲིལ་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་ཡོད།
          བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་བླང་བྱ་དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་དོན་འཁྱོལ་བྱས་པའི་ཁར། ལྟ་ཞིབ་སྐོར་ཞིབ་དང་། ཆེད་དོན་ཞིབ་བཤེར་ནན་ཤོས་ལག་ལེན་བསྟར་ཏེ་དབུལ་སྒྲོལ་གྱི་བརྒྱུད་རིམ་ཏན་ཏིག་དང་དབུལ་སྒྲོལ་གྱི་གྲུབ་འབྲས་ངོ་མ་ཐོན་ཐུབ་པའི་འགན་ལེན་བྱས་ཡོད།
          ནང་ཤུགས་འཕེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་རོལ་གྱི་རོགས་སྐྱོར་དང་མང་ཚོགས་དབུལ་པོའི་རང་ངོས་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རང་སྟོབས་རང་སྤེལ་གྱིས་དབུལ་་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་པའི་མང་ཚོགས་དབུལ་པོའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།