ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་སྒྱུ་རྩལ་འཇོན་ནུས་འགྲན་བསྡུར་སྐབས་གསུམ་པ་མཇུག་སྒྲིལ།

སྤེལ་དུས 2018-11-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྡོ་ཐར་གྱིས་ཟི་ལིང་ནས་སྤེལ་བའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཆོག་མཆན་གནང་ནས་གཙོ་སྒྲུབ་གནང་ཞིང་མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱིས་རམ་གཉེར་ཞུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་སྒྱུ་རྩལ་འཇོན་ནུས་འགྲན་བསྡུར་སྐབས་གསུམ་པའི་མཇུག་སྒྲིལ་མཛད་སྒོ་དེ་སྤྱི་ཟླ་༡༡པའི་ཚེས་༡༠ཉིན ཟི་ལིང་གྲོང་ཁྱེར་རུ་འཚོགས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ། དེ་མིན་མཚོ་སྔོན་གྱི་ས་གནས་ཁག་ནས་ཡོང་བའི་ཐང་ག་འབྲི་མཁན་དང་འགྲན་ཞུགས་པ་སོགས་མི་བརྒྱ་ལྷག་མཛད་སྒོར་ཞུགས་ཡོད་པ་རེད།
མཛད་སྒོ་སྤེལ་ཡུལ་དངོས།
           རྒྱལ་ཁབ་ཀྱི་རིགས་གཉིས་པའི་འགྲན་བསྡུར་ནང་བཀོད་པའི་ཐེངས་འདིའི་མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་སྒྱུ་རྩལ་འཇོན་ནུས་འགྲན་བསྡུར་སྐབས་གསུམ་པ་འདི་ལས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་། ངལ་རྩོལ་བ་མང་པོ་ཞིག་གིས་མི་རིགས་ཀྱི་བཟོ་རྩལ་ལ་ཞིབ་འཇུག་བྱེད་པར་སྐུལ་སློང་། ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་ཆེད། ཐང་གའི་སྒྱུ་རྩལ་གྱི་འཇོན་ནུས་འགྲན་བསྡུར་དེ་སྤྱི་ཟླ་༡༠པའི་ཚེས་༢༠ཉིན་ཟི་ལིང་དུ་སྤེལ་བ་དང་། གཞན་ཐང་གའི་བརྩམས་ཆོས་འགྲེམ་སྟོན་དང་འཇོན་ནུས་ཆེ་རུ་གཏོང་བ། རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྟེགས་བུ་བསྐྲུན་ཞིང་། ཐང་གའི་སྒྱུ་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བ། རིག་གནས་དར་སྤེལ་དང་ཁྱད་ཆོས་འགྲེམ་སྟོན། འཇོན་ནུས་སྤེལ་རེས་བཅས་བརྗོད་དོན་གཙོ་བོར་བྱས་པའི་མཇུག་སྒྲིལ་མཛད་སྒོའི་ཐོག འཇོན་ནུས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་མིང་བྱང་ཁྱབ་བསྒྲགས་བྱས་པ་དང་སྦྲགས་མི་སྒེར་སོ་སོར་གཟེངས་རྟགས་གནང་ཡོད་པ་རེད།
འབྲེལ་ཡོད་མི་སྣས་གཟེངས་རྟགས་གནང་བཞིན་པ།
འབྲེལ་ཡོད་མི་སྣས་གཟེངས་རྟགས་གནང་བཞིན་པ།

གཟེངས་རྟགས་ཐོབ་མཁན་གྱི་མཉམ་པར།
           གཟེངས་རྟགས་གནང་བ་དང་ཆབས་ཅིག་འབྲེལ་ཡོད་མི་སྣས་ཐང་ག་འབྲི་མཁན་རྣམས་ལ་ལྷག་བསམ་རྣམ་པར་དག་པའི་སྨོན་འདུན་ཞུས་པ་དང་མ་འོངས་པར་ཐང་གའི་སྒྱུ་རྩལ་ཐད་ལ་མུ་མཐུད་དུ་འབད་པ་བྱ་དགོས་པའི་བླང་བྱ་བཏོན། དེ་དང་བསྟུན་ནས་འགྲན་ཞུགས་ཐང་གའི་འགྲེམ་སྟོན་ལ་གཟིགས་ཤིང་ཐང་ག་འབྲི་མཁན་དག་གི་པིར་རྩལ་ལས་ཐོན་པའི་ཐང་གས་མཛད་སྒོར་ཞུགས་མཁན་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་ཡོད་པ་རེད།
ཐང་ག

ཐང་ག་བལྟ་མཁན

པར་མིག་ནང་གི་ཐང་ག
           ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་དང་། ནང་དོན་གྱི་ཐད་ལ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོ་འདུས་ཤིང་། མི་མང་པོ་ཞིག་གིས་ཐང་ག་ནི་བོད་ཀྱི་ཀུན་འདུས་དཔེ་དེབ་ཅིག་ཡིན་པའི་ངོས་འཛིན་གནང་གི་ཡོད་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་སྡེ་ཁག་ནས་རིག་གནས་ལ་མཐོང་ཆེན་དང་ས་གནས་ཐང་གའི་སྒྱུ་རྩལ་པ་ཚོས་འབད་པ་ལ་བརྟེན་ནས་རེབ་གོང་ཐང་ག་གཙོ་བྱས་ཏེ་མཚོ་སྔོན་གྱི་ས་གནས་མང་པོ་ཞིག་ཏུ་ཐང་ག་བཞེངས་རྒྱུའི་ལས་དོན་དེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་རྒྱས་གཏོང་བ་དང་། དེས་ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལ་ནུས་པ་བླ་ལྷག་ཐོན་པར་མ་ཟད། ཐང་གའི་སྒྱུ་རྩལ་རིམ་གྱིས་ཕྱོགས་བསྡུས་དང་ལེགས་བཅོས་སུ་བཏང་ནས་དེའི་མཚན་སྙན་ཡང་ཉིན་རེ་བཞིན་ཇེ་ཆེར་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

ཆེད་ལས་མཁས་པས་ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་གནང་བཞིན་པ།