ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་ཨེར་ཏེ་ནི་མཆོག་ཐེངས་མང་ཆིབས་བསྒྱུར་གནང་མྱོང་བའི་གནའ་བོའི་དགོན་སྡེ་འདི་གས་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་ལག་བསྟར་གནང་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “དེང་གི་སྤྱི་ཚོགས་སུ་མི་མང་པོ་ཞིག་གིས་ནང་བསྟན་ཆོས་ལུགས་ལ་གོ་ནོར་མང་པོ་ཐེབས་ཀྱི་ཡོད་དེ། དགོན་པའི་ནང་མཆོད་མཇལ་ལ་ཡོང་མཁན་མང་དག་ཅིག་ནི་ཕྱག་འཚལ་པ་དང་མཆོད་པ་འབུལ་བ། བདེ་ཐང་ལ་སྙེགས་པ། དཔོན་གནས་དང་རྒྱུ་ནོར་ལ་སྙེགས་པ་བཅས་ལ་སྐྱབས་བཅོལ་བྱེད་རྒྱུ་ཙམ་ཡིན་ལ། མི་རྣམས་ལ་རེ་བ་སྣ་ཚོགས་སྐོང་རྒྱུའི་འདོད་བློ་ཡོད་པ་དང་།ཐ་ན་ཚོགས་པ་དང་མི་སྒེར་ཁ་ཤས་ཀྱིས་ནང་བསྟན་གྱི་མིང་གཡར་ནས་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་སྣང་ཚུལ་ཡང་ཐོན་ཡོད་ཅིང་།  དེས་ནི་དད་ལྡན་མང་ཚོགས་ལ་གོ་འཛོལ་བཟོས་ནས་ནང་བསྟན་ཆོས་ལུགས་རྨོངས་དད་ཅན་དང་ཚོང་ལས་ཅན་དུ་འགྱུར་གི་ཡོད་པ་རེད། དོན་ངོ་མར་བཤད་ན། ནང་བསྟན་ཆོས་ལུགས་ནི་གང་གིས་གཞན་ལ་ཕན་འདོགས་པ། ཀུན་སྤྱོད་ལེགས་ལམ་དུ་འཇུག་པར་སློབ་སྟོན་གནང་བྱེད་ཅིག་རེད”ཅེས་ ཧོ་པེ་ཞིང་ཆེན་གྱི་ཁྲེང་ཏེའི་ཀུན་བདེ་གླིང་གི་མཁན་པོ་མོར་གན་ཐུའུ་ཡིས་མྱོང་ཚོར་ཆེན་པོས་དེ་སྐད་བརྗོད་བྱུང་།
མོར་གན་ཐུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
          “དགོན་སེར་དང་གོང་མའི་དགོན་པའི་ངོས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་བལྟ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་པའི་དགོན་སེར་གླེང་སྟེགས་རིང་། མོར་གན་ཐུའུ་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁྲེང་ཏེའི་ཀུན་བདེ་གླིང་གི་ལོ་རྒྱུས་ཀྱི་གཏན་སྲོལ་དང་དེང་གི་འོས་འགན་ཐད་ངོ་སྤྲོད་གནང་པ་རེད།
          ཀུན་བདེ་གླིང་དགོན་ནི་སྤྱི་ལོ1755ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་ཇུན་གར་གྱི་ངོ་ལོག་ཟིང་འཁྲུགས་ཞི་འཇགས་སུ་བཏང་ནས་སོག་པོའི་ཕྱི་ནང་ཁྱིམ་ཚང་གཅིག་ལྟར་བྱེད་པ་དང་ཕྱོགས་བཞི་མཚམས་བརྒྱད་གཅིག་གྱུར་བྱེད་པའི་ཐུགས་དགོངས་ལེགས་འགྲུབ་བྱུང་པར་རྗེས་དྲན་བྱེད་ཆེད་གསར་དུ་བཏབས་པ་ཡིན་ལ། ཚ་གཡོལ་རི་གྲོང་གི་བྱང་ངོས་སུ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཆོས་རྒྱུན་རྒྱུན་འཛིན་གནང་པའི་གོང་མའི་དགོན་པ་འདི་ཉིད་འཛུགས་བསྐྲུན་གནང་ཞིང་།‘གནམ་འོག་ཡོངས་རྫོགས་ནམ་ཡང་བརྟན་འཇགས་ཡོང་རྒྱུའི’མཚོན་དོན་གྱི་ངོས་ནས་མིང་དེ་ལྟར་ཐོགས་པ་དང་གོ་གནས་ཧ་ཅང་གལ་ཆེན་ལྡན་པ་རེད། 《ཀུན་ཏུ་བདེ་བའི་གླིང་གི་རྡོ་རིང་ཡི་གེ》《ཇུན་གར་བདེ་ལ་བཀོད་རྗེས་བརྐོས་པའི་དབྱི་ལིར་གྱི་རྡོ་རིང》བཅས་ཀྱི་སྟེང་། རྒྱ་དང་མན་ཇུ། སོག་པོ། བོད་བཅས་ཀྱི་ཡིག་རིགས་བཞིའི་བདག་ཉིད་ཅན་གྱི་རྡོ་རིང3ནི་ད་སྔ་ཡང་ཀུན་བདེ་གླིང་དུ་ལྷིང་ངེར་འགྱིངས་ཡོད་པ་རེད། 
          ཀུན་བདེ་གླིང་འཛུགས་སྐྲུན་བྱེད་པའི་ཐོག་མའི་སྐབས་ནས་བཟུང་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་ལས་འགན་ལྗིད་པོ་ཁུར་དུ་བླངས་ཡོད་ལ། ལོ་རྒྱུས་ཀྱི་མཐོང་སྣེ་དང་དེང་རབས་ཀྱི་མཐོང་སྣེ་གང་ནས་བལྟས་ཀྱང་དེ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བདེན་དཔང་ཞིག་རེད།    དེ་བས་ནང་བསྟན་ཆོས་ལུགས་རྒྱུན་འཛིན་གྱི་དགེ་མཚན་ལྡན་པ་མ་ཟད། དེ་ལས་ཀྱང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་སྤྱི་ཚོགས་འཆམ་མཐུན་མཉམ་གནས་ཀྱི་མཚོན་རྟགས་ཤིག་ཀྱང་རེད"ཅེས་ཁོང་གིས་གསུངས་དོན།  "དེང་ཆར། ཀུན་བདེ་གླིང་ནི་རྒྱལ་ཡོངས་ཀྱི་དགོན་སྡེ་གཙོ་གནད་གྲས་ཤིག་ཡིན་པ་དང་།རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་གཙོ་གྲས་སྡེ་ཚན་ཡང་ཡིན་ལ།1994ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་དུ་ཆོག་མཆན་ཐོབ་ཅིང་།  ཆབ་སྲིད་ཀྱི་ནུས་པ་དང་ཆོས་ལུགས་རྒྱུན་འཛིན་མཉམ་གནས་བྱུང་ཡོད་པ་རེད།  ལོ་རྒྱུས་ཐོག་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་ཁྲེང་ཏེའི་ཀུན་བདེ་གླིང་ལ་ཞབས་སོར་འཁོར་མྱོང་ཡོད་ཅིང་། 1980ལོར།  པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ཀྱང་ཀུན་བདེ་གླིང་ལ་མཆོད་མཇལ་དུ་ཕེབས་མྱོང་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི2007 ལོའི་ཟླ7པའི་ཚེས27ཉིན་དང་2013ལོའི་ཟླ5པའི་ཚེས25ཉིན།2015ལོའི་ཟླ9པའི་ཚེས10ཉིན་བཅས་སུ་སྔ་གཞུག་ཐེངས་གསུམ་ལ་འདི་གར་ཆིབས་བསྒྱུར་གནང་ཡོད”ཟེར།
ཀུན་བདེ་གླིང་གླིང་དགོན་པའི་ཕྱི་ལྗོངས། དགོན་པར་འཛམ་གླིང་ཅི་ཉི་སིའི་མིང་གཞུང་དུ་བཀོད་པའི་ཤིང་བརྐོས་གསེར་བྱུགས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཡོད་པ་རེད།
          བདེ་སྐྱིད་རྒྱལ་པོ་དང་གོང་མ་ཆན་ལུང་གིས“ དགེ་ལུགས་པ་དར་རྒྱས་དང་བོད་སོག་ཞི་འཇམ་ཡོང་དགོས་པའི”ཆབ་སྲིད་ཀྱི་འཐབ་ཇུས་ལག་བསྟར་གནང་ཞིང་།ཆིང་གོང་མས་མི་ཤུགས་དང་རྒྱུ་ཤུགས།   དངོས་ཤུགས་འབོར་ཆེན་བཏོན་པ་མ་ཟད།  སྤྲོ་སེམས་ཧ་ཅང་ཆེན་པོ་དང་ནུས་ཤུགས་ཡོད་རྒུས་བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་དུ་དགེ་ལུགས་པའི་སྤྲུལ་སྐུ་དང་བླ་མ་སྐྱེས་ཆེན་ལ་ཕན་ཚུན་འབྲེལ་འདྲིས་གནང་སྟེ། ནུབ་རྒྱུད་དང་ལྷོ་ནུབ་སོག་བོད་མངའ་སྡེའི་གྲོང་བརྡལ་ཁྲོད་ཁོ་ཚོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ནས་ཆིང་རྒྱལ་རབས་ཀྱི་གཅིག་གྱུར་དང་སྲ་བརྟན་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་རེད། འདི་ལས་ཆན་ལུང་གོང་མས་ལྕང་སྐྱ་སྐུ་ཕྲེང་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དྲུག་པར་གོང་བཀུར་གནང་པ་རྟོགས་ཐུབ་པ་རེད།
2015ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གྲྭ་དམངས་ཚོར་ཕྱག་བརྡ་གནང་ཞོར་ཀུན་བདེ་གླིང་གི་རྟེན་གཙོའི་ལྷ་ཁང་དུ་ཕེབས་བཞིན་པའི་ཚུལ་རེད། 
          མོར་གན་ཐུའུ་ཡིས“དུས་རབས་གསར་པར། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་མ་ཆད་པར་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་དང་བསྟུན། ཀུན་བདེ་གླིང་གིས་ནང་བསྟན་དར་རྒྱས་གཏོང་པའི་དམིགས་འབེན་ལ་ངོས་འཛིན་གསར་བ་བྱུང་སྟེ། བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུན་ནང་སའི་རྒྱུན་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་དང་།  དུས་རབས་ཀྱི་བླང་བྱ་དང་འཚམ་པའི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་དགོན་སྡེའི་རིག་གནས་འཛུགས་བསྐྲུན་བྱེད་དགོས་པ་རེད། . ཁྲེང་ཏེའི་ཀུན་བདེ་གླིང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་ཆོས་རྒྱུན་རྒྱུན་འཛིན་བྱེད་སའི་གདུལ་ཞིང་ཡིན་ལ། དུས་ཀུན་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་བརྩི་སྲུང་གནང་ཡོད་པ་རེད།
ཀུན་བདེ་གླིང་གི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་བཞིན་པ།
          སྐར་ལྔའི་དར་དམར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རླབས་ཆེན་མེས་རྒྱལ་གྱི་མཚོན་རྟགས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་གཅིག་སྡུད་ཀྱི་མཚོན་ཚུལ་ཡང་རེད།ཆོས་ལུགས་བྱེད་སྒོ་སྤེལ་ས་ནི་དད་ལྡན་མང་ཚོགས་ཀྱི་ཐུན་མོང་གི་ཆོས་ལུགས་འཚོ་བ་རོལ་ས་ཡིན་ལ། ཆོས་ལུགས་ཀྱི་དགེ་རྒན་དང་ལས་སྒྲུབ་པས་དད་ལྡན་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་སའང་རེད།  མོར་གན་ཐུའུ་ལྟར་ན། ཆོས་ལུགས་བྱེད་སྒོ་སྤེལ་སར་རྒྱལ་དར་སྒྲེང་པ་ནི་ཆོས་ལུགས་ལས་རིགས་སྡེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཡིན་ཏེ།  ཆོས་ལུགས་ལས་རིགས་སྡེའི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་བརྩེ་སེམས་འཕེལ་བ་དང་རྒྱལ་ཁབ་ལ་དགའ་བའི་སེམས་པ་སྐྱེད་བསྲིངས་གནང་པ། རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་པར་ཕན་ཞིང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་གཅིག་འདུས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་པ། མི་རིགས་ཀྱི་རང་རློམ་དང་གཟི་བརྗིད་རང་བཞིན། རྒྱལ་ཁབ་ཀྱི་གཟི་བརྗིད་བསམ་པ་ཇེ་དྲག་ཏུ་གཏོང་པ།  སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཟབ་ཞུགས་དང་ཞབས་ཞུ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་གཏོང་པར་ཕན་ལ། “ང་ཚོས་དགེ་བ་མང་ཙམ་སྒྲུབ་རྒྱུ་དང་སྤྱོད་ངན་གཏན་འགོག་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་ལ་སྣེ་ཁྲིད་དེ་སྤྱི་ཚོགས་ཞི་མཐུན་བརྟན་གནས་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་པ་དང་། ནང་བསྟན་དར་རྒྱས། དད་ལྡན་མང་ཚོགས་ཀྱི་བརྟན་འཇགས་བཅས་ལ་ནུས་པ་གང་ཡོད་འདོན་དགོས”ཟེར།