ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“11•3”རི་ཉིལ་འཁྱིལ་མཚོའི་ཉེན་སེལ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
ཟླ་11ཚེས་10ཉིན་བར་ཁྱོན་མི་25282གནས་སྤོས་ཏེ་མང་ཚོགས་ལ་སྡོད་ས་ཡོད་པ་དང་། གོས་དྲོ་པོ་གོན་རྒྱུ་ཡོད་པ། ཟ་རྒྱུ་ཡོད་པ་བཅས་འགན་ལེན་བྱས་ཡོད། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་11ཉིན་གྱི་སྔ་དྲོར།་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱིས་འཚོགས་པའི“11•3”རི་ཉིལ་འཁྱིལ་མཚོའི་ཉེན་སེལ་རྒུད་སྐྱོབ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་3ཉིན་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་བལ་དཀར་གྲོང་ཚོར་སླར་ཡང་རི་ཉིལ་བ་དང་། ད་ཐེངས་རི་ཉིལ་ས་དེ་སྔའི“10•11”རི་ཉིལ་ཡུལ་དུ་ཡིན་པ་དང་།་རི་ཉིལ་རྗེས་འབྲི་ཆུའི་ཆུ་གཞུང་འགག་པར་བརྟེན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁ་མུ་མཐུད་རྒྱས་ནས་འཁྱིལ་མཚོ་ཆགས་པས་འབྲི་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། ཟླ་11ཚེས་11ཉིན་གྱི་ཆུ་ཚོད་དགུ་པ་བར། འཁྱིལ་མཚོའི་ཆུ་ཁ་སྨི་57.44་རྒྱས་པ་དང་ཚོད་རྩིས་བྱས་ན། འཁྱིལ་མཚོར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4.69ཟིན་ཡོད། མིག་སྔར། ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པ་དང་། ནུས་ལྡན། ཕན་ཆེ་བཅས་ཀྱི་སྒོ་ནས་སྤེལ་བཞིན་ཡོད་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 
          གནོད་འཚེའི་གནས་ཚུལ་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་ཙུང་ལི་ལི་ཁེ་ཆང་དང་། ཙུང་ལི་གཞོན་པ་ཧན་ཀྲེན། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ། རྒྱལ་དོན་ཨུ་ཡོན་ཝང་ཡུང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱིས་ཀྱང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཕྱོགས་ཡོངས་ནས་ཉེན་སེལ་འཕྲལ་སྡོམ་ཐག་གཅོད་དང་ཉེན་སེལ་ལས་དོན་ལ་ཁ་ཕྱོགས་བསྟན་པ་དང་འབྲེལ་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་ཛ་དྲག་དང་ཞིབ་ཚགས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་ཐེངས་མང་འཚོགས་ནས་རི་ཉིལ་འཁྱིལ་མཚོའི་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གེགས་ཁུལ་དུ་འཚམས་འདྲི་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་ལ་མཛུབ་སྟོན་ཞིབ་ཕྲ་གནང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེའི་གནས་ཚུལ་ཐོན་རྗེས། ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་མར་རྫོང་དང་ཤང་གི་ལས་བྱེད་པ་དང་། གཞི་རིམ་ཏང་ཡོན། གྲོང་སྡོད་ལས་དོན་རུ་ཁག་བཅས་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་དུ་ལེབ་བཤེར་བྱས་པ་དང་ཉེན་ཡོད་མང་ཚོགས་གཞི་ཁྱོན་ཆེན་པོས་གནས་སྤོས་པ་རེད། ཟླ་11ཚེས་10ཉིན་བར་རྫོང་3དང་ཤང་11གི་མི་25282གནས་སྤོས་པ་དང་བཀོད་སྒྲིག་ཁུལ་42བཙུགས་པའི་ཁྲོད་ཞིང་འབྲོག་མང་ཚོགས་དུད་ཚང་3625ཡི་མི་17244དང་སྲིད་འཛིན་ཁེ་ལས་བྱ་གཞག་མི་སྣ་དང་ཕྱོགས་མི་8038ཡོད། མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གང་ཡང་ཐོན་མེད།
          གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཁུལ་དུ་གནས་སྤོས་པ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ཉེན་སེལ་ལས་དོན་སྤེལ་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་1ལྷག་ཙམ་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་སྒྲིག་འཛུགས་བྱས་པ་ལས། མི་2000ལྷག་ཙམ་གྱིས་ཉིན་མཚན་བསྟུད་མར་འཐབ་ས་དང་པོར་ལས་དོན་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། ལས་ཡུལ་གྱི་བདེ་འཇགས་ཨང་དང་པོར་བཞག་ཡོད།