ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས《ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་སྐོར་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
4.jpg
            གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་པར།ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྲིད་ཇུས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་པ་དང་།བོད་ལྗོངས་ཀྱི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལས་དོན་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞིགས་ཏེ།རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་འགན་བཅོལ་ནང་ཞུགས་མཁན་གྱི་དངུལ་སྤྲོད་རྨང་གྲངས་ཀྱི་གནད་དོན་དང་།ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་གྲོན་དངུལ་འཇལ་བའི་གནད་དོན་ཚད་ལྡན་དུ་གཏོང་པ།ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་དང་མངགས་གཏོང་བྱས་པའི་ངལ་རྩོལ་པར་འགན་བཅོལ་ནང་ཞུགས་རྒྱུའི་གནད་དོན་ཐད《ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་སྐོར་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》(བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཞུང་སྒྲུབ་ཁང་་གིས་བཀྲམས【2018】ཨང138 )པར་འགྲེམས་གནང་།
            《བརྡ་ཐོའི》ནང་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་འགན་བཅོལ་ནང་ཞུགས་མཁན་གྱི་དངུལ་སྤྲོད་རྨང་གྲངས་རིམ་པ་དྲུག་ཏུ་དགར་ཡོད་དེ། ལྗོངས་ཡོངས་ཀྱི་ལོ་སྔོན་མའི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི60%དང་80% 100% 150% 200% 300%བཅས་ཡིན་ལ། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རང་གི་ཡོང་འབབ་ཀྱི་གནས་ཚུལ་ལ་གཞིགས་ནས་དེའ་ནང་གི་རིམ་པ་གཅིག་བདམས་ནས་གྲོན་དངུལ་འཇལ་རྒྱུ་དང་ལོ་འཁོར་ནང་བསྒྱུར་མི་ཆོག་དང་།འཇལ་སྤྲོད་བསྡུར་ཚད་ཆ་སྙོམས་སུ20%ཡིན།
            《བརྡ་ཐོའི》ནང་། རིམ་པ་ཁག་གི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གནང་པའི་ཐེངས་གཅིག་རང་བཞིན་གྱི་གྲོན་དངུལ་འཇལ་བའི་བྱ་ཐབས་དང་འགལ་མི་ཆོག་པ་དང་།རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་གནང་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལས་བརྒལ་བ་སོགས་ཆ་རྐྱེན་མི་འཛོམས་པའི་མི་སྣ་ནི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་སུ་བསྡུ་དགོས་ལ། རང་སྒེར་གྱིས་ཐེངས་གཅིག་རང་བཞིན་གྱི་གསབ་སྤྲོད་ཁྱབ་ཁོངས་རྒྱ་བསྐྱེད་པའི་བྱེད་ཐབས་འཕྲལ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས།མི་སྒེར་འགན་བཅོལ་ནང་ཞུགས་མཁན་གྱིས་རྗེས་ནས་གྲོན་དངུལ་གསབ་སྤྲོད་ཀྱི་ལམ་ནས་དངུལ་སྤྲོད་ལོ་ཚད་ཇེ་རིང་དུ་བཏང་མི་ཆོག 《ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞུགས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཁག་ཐག་གཅོད་འོས་འཚམ་བྱེད་པའི་གསལ་བཤད་སྐོར་གྱི་བརྡ་ཐོ》(བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཞུང་སྒྲུབ་ཁང〔2010〕ཨང་གྲངས301པ) 《ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པའི་བརྡ་ཐོ》 ( བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང〔2010〕613པ) ནང་མི་སྒེར་གྱི་ངོས་ནས་ཐེངས་གཅིག་རང་བཞིན་གྱི་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་གསབ་འཇལ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་མཚམས་འཇོག་དགོས་པ་གཏན་འའབེབས་གནང་ཡོད།
            《 བརྡ་ཐོའི》ནང་།《ངལ་ལས་མངགས་གཏོང་སྐབས་སྤྱོད་གཏན་འབེབས》(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་བཀའ་རྒྱ་ཨང22 པ)གཏན་འབེབས་ལ་གཞིགས་ན།ངལ་ལས་མངགས་གཏོང་སྡེ་ཚན་གྱིས་མངག་གཏོང་བྱས་པའི་ངལ་རྩོལ་པ་བེད་སྤྱོད་ཚེ་ཁོང་ཚོ་དང་ངལ་རྩོལ་གན་རྒྱ་འཇོག་དགོས་ཤིང་།ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་དང་མི་སྒེར་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་འཇལ་སྤྲོད་ཀྱི་འོས་འགན་འཁུར་དགོས་པ་དང་།ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་དང་ལས་མི་བཀོལ་མཁན་སྡེ་ཚན་ཚང་མ་བོད་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་ཡོད་ཚེ།ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་གྱིས་གནས་ཡུལ་དང་ལས་ཡུལ་ལྟར་བོད་ལྗོངས་ཀྱི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་དགོས་སྐོར་གཏན་འབེབས་གནང་ཡོད།
            རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གྲོང་ཁྱེར(ས་གནས) ཁག་དང་སྡེ་ཚན་ཁག་གིས་ཡིག་ཆའི་དགོངས་དོན་ལ་ནན་ཏན་གྱིས་གོ་བ་ལེན་དགོས་པ་དང་།སྲིད་ཇུས་གཏན་འབེབས་དང་དུས་ཚོད་ཀྱི་མཚམས་ཚིགས་ལྟར་སྟངས་འཛིན་ནན་མོ་བྱེད་པ།སྲིད་ཇུས་ཀྱི་སྒྲོམ་གཞིའི་འབྲེལ་ཡོད་ཐད་གསལ་འགྲེལ་གནང་པ་དང་ལག་ལེན་དོན་འཁྱོལ་གནང་དགོས་ཤིང་།རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་གཏན་འབེབས་ལྟར།རྒན་གསོའི་འགན་བཅོལ་བརྟན་པོའི་ངང་འཁོར་སྐྱོད་དང་ཐེབས་རྩ་དོ་སྙོམས་ཀྱི་ངོས་ནས་ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་ཏེ་འགལ་བ་གསར་པ་འབྱུང་མི་ཆོག་པའི་བླང་བྱ་བཏོན་ཡོད།
            རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་པས། བོད་ལྗོངས་ཀྱི་དེ་སྔར་ལག་བསྟར་གནང་བཞིན་པའི་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་དང་བརྡ་ཐོ་འདི་ཉིད་གཅིག་མཐུན་མིན་ཏེ།བརྡ་ཐོ་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས་ཤིང་།བརྡ་ཐོ་མ་བཀྲམ་གོང་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་ཟིན་པ་དག་བསྒྱུར་མི་ཆོག་ལ། རྒྱལ་ཁབ་ཀྱི་གཏན་འབེབས་གསར་པ་ཡོད་ཚེ་གཏན་འབེབས་དེ་དང་བསྟུན་དགོས་ཞེས་བསྟན་པ་དང་།. བརྡ་ཐོ་འདི་ཉིད2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།