ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཁེ་ཆང་གིས་སིང་ཀ་ཕོའི་བཟོ་ཚོང་ལས་རིགས་ཀྱིས་སྤེལ་བའི་སྣེ་ལེན་དགོང་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་གནང་བ།

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༣ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སིང་ཀ་ཕོར་སིང་ཀ་ཕོའི་བཟོ་ཚོང་མཉམ་འབྲེལ་སྤྱི་ཚོགས་དང་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྣེ་ལེན་དགོང་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་གནང་ཡོད་པ་རེད།
           ལི་ཁེ་ཆང་གིས། ལོ་ངོ་༤༠རིང་གི་སིང་ཀ་ཕོའི་གོང་འཕེལ་ཉམས་མྱོང་གིས་ཀྲུང་གོའི་ཕྱོགས་ལ་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་པ་དང་། ཀྲུང་གོའི་གོང་འཕེལ་གྱིས་ཀྱང་སིང་ཀ་ཕོར་ཕྱོགས་ལ་གོ་སྐབས་གལ་ཆེན་སྤྲད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ཀ་ཕོར་དང་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་ནས། མཉམ་འབྲེལ་མཉམ་མཐུད་དང་། དངུལ་རྩའི་འདེགས་སྐྱོར། ཕྱོགས་གསུམ་མཉམ་ལས་སོགས་ཀྱི་སྟེགས་བུ་ཧུར་ཐག་གཏོད་དེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་སྒྱུར་རིམ་སྤོར་དང་། དངུལ་རྩའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་ས་ཁོངས་མཉམ་ལས་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
           ལི་ཁེ་ཆང་གིས། ཀྲུང་གོས་ནུས་ཤུགས་སྔར་བས་ཆེ་བ་དང་། སྔར་བས་ལྷག་པའི་དོན་དངོས་ཀྱི་བྱ་ཐབས་བཟུང་བ། སྔར་ལས་མགྱོགས་པའི་གོམས་སྟབས་བཅས་ཀྱི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུད་འཛིན་བྱེད་རྒྱུ། ལྐུགས་པ་ཨུ་ཚུགས་ཀྱིས་སྐུལ་འདེད་མི་གཏོང་བར། མུ་མཐུད་སྲིད་ཇུས་ལྷུགས་གཏོང་དང་། བཅའ་ཁྲལ་ཉུང་གཏོང་། འགྲོ་གྲོན་ཆག་ཡང་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གང་རུང་གི་མ་རྩའི་ཁེ་ལས་ལ་ལྟ་སྟངས་གཅིག་འཛིན་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་ཡིན། སིང་ཀ་ཕོར་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཚོང་ལས་ཀྱི་གོ་སྐབས་བཟུང་བ་དང་། ཀྲུང་གོར་མ་འཇོག་བྱ་ཤུགས་རྒྱ་སྐྱེད་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།
           ལི་ཁེ་ཆང་གིས། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་ལ་མངོན་གསལ་དོད་པའི་འགྱུར་ལྡོག་འགྲོ་བཞིན་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་ཡང་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་འཕྲད་ཡོད། དེར་ཁ་གཏད་གཅོག་པར། ང་ཚོར་བསམ་བློ་གཏོང་ཡུལ་དང་། སྟབས་བསྟུན་ནུས་པ་ཅུང་ཆེ་ཙམ་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་ངོ་བོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཀྲུང་གོའི་གོང་འཕེལ་གྱི་མདུན་ལྗོངས་སྔར་བས་འོད་ཟེར་སྟོང་ལྡན་ཡིན་ངེས་རེད་ཅེས་ནན་བཤད་གནང་ཡོད།
           སིང་ཀ་ཕོར་གྱི་དཔལ་འབྱོར་བཟོ་ཚོང་ལས་རིགས་ནས་ཕེབས་པའི་མི་སྣ་ཆིག་སྟོང་ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།