ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞིང་ཁྱིམ་མགྲོན་ཁང་གཉེར་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

སྤེལ་དུས 2018-11-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་ཚེ་རིང་ལྷ་མོས་རང་གིས་གཉེར་བའི་ཞིང་ཁྱིམ་མགྲོན་ཁང་དུ་གཙང་སྦྲ་བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་དཔེ་སྟོན་ཁོངས་སུ་ཚུད་པའི་སླད་ཤང་སླད་གྲོང་ཚོར་འབྱོར་དུས། ཚར་དུ་དངར་བའི་ཐོག་སོ་བཞི་ལྡན་གྱི་མང་ཚོགས་ཀྱི་སྡོད་ཁང་དག་ཁྲ་ལྷམ་མེར་ང་ཚོའི་མིག་ལམ་དུ་འཆར་འོངས། སླད་ཤང་ཏང་ཨུད་དང་ཤང་མི་དམངས་སྲིད་གཞུང་གིས་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གཞིགས་ནས། མང་ཚོགས་ཚོར་མོན་པའི་ཁྱད་ཆོས་ཀྱི་ཞིང་ཁྱིམ་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་། སྤྲོ་གསེང་ཁུལ་སོགས་གཞི་གཅིག་ཅན་གྱི་ཡུལ་སྐོར་ཤང་གྲོང་འཛུགས་སྐྲུན་བྱེད་རྒྱུའི་སྐུལ་སློང་བྱས་པར། མང་ཚོགས་ཚོས་ཀྱང་སྒོ་ཕྱིར་དོན་མི་དགོས་པར་རང་ཁྱིམ་དུ་ཞིང་ཁྱིམ་མགྲོན་ཁང་དང་། ཚོང་ཁང་། ཟ་ཁང་སོགས་གཉེར་ནས་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ་ཡོང་འབབ་གསོག་པའི་ཐབས་ལམ་ཡག་པོ་ཞིག་རྙེད་ཡོད་པ་རེད།
          འདི་ལོ་ལོ་37ལ་སླེབས་པའི་ཚེ་རིང་ལྷ་མོ་ནི་མོན་ཡུལ་ཟླ་འོད་ཞིང་ཁྱིམ་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ལོ་17ལ་འོད་ཟེར་ནོར་བུ་དང་གཉེན་སྒྲིག་བྱས་རྗེས་ད་བར་ཇ་ཁང་གཉེར་ནས་བསྡད། འདི་ལོའི་ཟླ་གཉིས་པར་སྲིད་གཞུང་དང་མཉམ་དུ་མ་དངུལ་བཏོན་ནས་བརྒྱབ་པའི་སྨི་ངོས་གྲུ་200ལྷག་གི་ཁང་པ་གསར་པར་སྤོས་རྗེས། སྲིད་གཞུང་གིས་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་འབོད་སྐུལ་དང་དུ་བླངས་པ་དང་སྦྲགས། རང་གི་ཇ་ཁང་གཉེར་བའི་ཉམས་མྱོང་ལ་གཞིགས་ནས། ད་ལྟའི་མོན་ཡུལ་ཟླ་འོད་ཞིང་ཁྱིམ་མགྲོན་ཁང་གཉེར་འགོ་ཚུགས། ཁོང་གིས་ཞིང་ཁྱིམ་མགྲོན་ཁང་གི་ཐོག་སོ་དང་པོར་ཇ་ཁང་དང་། ཐོག་སོ་གཉིས་པར་སྤྲོ་གསེང་ཁང་། ཐོག་སོ་བཞི་པར་ཡུལ་སྐོར་བའི་ཉལ་ཁང་བཀོད་སྒྲིག་བྱས་ཡོད་ཅིང་། འདི་ལོའི་ཟླ་3པ་ནས་ད་བར་ཁྱོན་ཡུལ་སྐོར་བ་300ཙམ་ལ་སྣེ་ལེན་ཞུས་པར་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད་པ་རེད།