ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད།

སྤེལ་དུས 2018-11-19 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
—— རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་དབུལ་སྒྲོལ་གྱི་སྐོར་གླེང་བ།
          2017ལོར་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་3761གི་མི་16834ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་30.5%ཟིན་གྱི་ཡོད་ཅིང་། འདི་ལོའི་ཟླ་10པར་རྫོང་ཡོངས་ཀྱི་དབུལ་པོར་འགྱུར་ཚད་0.57%བར་ཆག་སྟེ་གྲོང་ཚོ(གྲོང་ལྷན)དབུལ་པོ་82ཚང་མ་དབུལ་སྒྲོལ་དང་དུད་ཚང་3677གྱི་མི་16539དབུལ་སྒྲོལ་ཐུབ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
          རྫོང་འདིས་ཇི་ལྟར་བྱས་ཏེ་དབུལ་པོའི་ཞྭ་མོ་བདེ་བླག་ངང་ཕུད་པའི་སྐོར་ལ་ཉིན་ཤས་གོང་གསར་འགོད་པས་རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བར་ཆེད་དོན་བཅར་འདྲི་ཞུས་པ་ཡིན།
          ཟླ་བས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཚུན། རི་བོ་ཆེ་རྫོང་གིས“ལོ་གཉིས་གཅིག་སྡུད་འགག་སྒྲོལ་དང་ལོ་གསུམ་སྲ་བརྟན་གོང་འཕེལ”གྱི་བསམ་ཕྱོགས་གཞིར་བཟུང་། དམག་ཧྲག་གཏོང་བ་དང་བྱ་ཐབས་གནད་སྨིན་གྱིས་ཁས་ལེན་གྱི་དམ་བཅའ་བཞག་པ་དང་། དམག་འཐབ་ཀྱི་འཆར་གཞི་བཟོས་པ། རིམ་ཁག་ལས་བྱེད་པས་བསམ་བློ་གཅིག་གྱུར་དང་། དམིགས་ཚད་གཅིག་ཕྱོགས། བྱ་སྤྱོད་མཉམ་སྤེལ། དོན་འཁྱོལ་དུས་མཚུངས་བཅས་བྱས་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་དང་མིག་དཔེ་བསྟན་པ། གྲོང་ཚོ(གྲོང་ལྷན)གྱི་ཏང་ཀྲི་པུའི་ཧྲུའུ་ཅི་82དང་གྲོང་སྡོད་ལས་དོན་རུ་ཁག་འདེམས་གཏོང་གིས་གདོང་མཆོངས་བྱས་པ། གྲོང་སྡོད་ལས་བྱེད་པ་320ལྷག་གཞི་རིམ་དུ་གཞིས་ཚུགས་པ། རོགས་སྐྱོར་གྱི་འགན་འཁུར་བ་2000ལྷག་མང་ཚོགས་དང་སྦྲེལ་མཐུད་བྱས་པ་བཅས་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེན་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཧུར་ཐག་ཞུགས་པ། མང་ཚོགས་དབུལ་པོས་རང་སྟོབས་རང་སྤེལ་དང་དཔའ་ངར་ཆེན་པོས་དཀའ་ངལ་དང་གཏུགས་ཕོད་པ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་འབད་འཐབ་སྙིང་སྟོབས་བཅས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཡོད་ཅེས་ངོ་སྤྲོད་བྱས།
          ཟླ་བས་གསར་འགོད་པར་ལོ་གཉིས་ཚུན་དུ་རི་བོ་ཆེ་རྫོང་གི་མང་ཚོགས་ཀྱི“སྒུག་བརྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད་ལ་ངལ་རྩོལ་ནུས་ཤུགས་ལྷག་མ་མང་ཆེ་བ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་རྩལ་ནུས་རེ་གཉིས་བྱང་ཆུབ་ནས་ལས་ཞུགས་ཐུབ་ཡོད། དེ་དང་ཆབས་ཅིག དུད་ཚང་1855ཡི་མི་གྲངས་8870ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད་ཁང་པ་གསར་པར་སྤོས་པས་འཚོ་བའི་སྤུས་ཚད་ཡག་ཏུ་ཕྱིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་ཁྲོད་ཆ་རྐྱེན་འཛོམས་པའི་མི་གྲངས་8184ལ་སྣོད་བཅུད་ཀྱི་ལས་གནས་རག་པས་སྤྱི་ཚོགས་ཀྱི་ཐ་སྐྱོང་ཁྱབ་ཚད་100%ཟིན་པ། དབུལ་སྐྱོར་གྱི་རྣམ་གྲངས་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་མང་ཚོགས་དེའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་མང་ཚོགས་3000ལྷག་ཙམ་ལ་དེའི་ཁྲོད་ནས་ཁེ་འབབ་དང་འབབ་འཕར་བྱུང་ཡོད་ཅེས་བཤད།
          ཟླ་བས་དབུལ་སྒྲོལ་ཐུབ་པ་དེ་མཇུག་འགྲིལ་བ་ཞིག་མ་ཡིན་པར་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་གཏོད་རྒྱུ་ནི་རྫོང་ཡོངས་ཀྱི་ལས་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་རེད། གོམས་སྟབས་རྗེས་མར་རྫོང་ཡོངས་ཀྱི་གོང་འོག་ཚང་མས“2020ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་དང་། ལྗོངས་ཡོངས། རྒྱལ་ཡོངས་བཅས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི”སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕུགས་ཕན་སྲ་བརྟན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་ཡུན་རིང་སྲ་བརྟན་དང་། དབུལ་སྒྲོལ་གྱི་ཕན་འབྲས་ཡུན་རིང་མངོན་གསལ། དབུལ་པོ་བསྐྱར་ལོག་མི་བྱེད་པ་བཅས་དང་། “5+N”གྱི་དབུལ་སྒྲོལ་བྱ་ཐབས་སྔར་བས་ཤུགས་ཆེར་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་རྒྱུན་མཐུད་འབབ་འཕར་དང་འབབ་འཕར་བརྟན་པོ་ཡོང་བ་བྱེད་པ། “ཕྱིར་མིག་ལྟ་བ་དང་སླར་ཡང་རོགས་སྐྱོར”གྱི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་དབུལ་སྒྲོལ་ཐུབ་ནའང་འབྲེལ་བ་མི་ཆད་པ་དང་། དབུལ་སྒྲོལ་ཐུབ་ནའང་སྲིད་ཇུས་དང་མི་འབྲལ་བ། དབུལ་སྒྲོལ་ཐུབ་ནའང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ་བཅས་བྱེད་པ། ཤང་དང་གྲོང་རྡལ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ལེགས་གཏོང་། བཅོས་སྒྲིག་ནུས་པ་མཐོར་གཏོང་བཅས་བྱས་ནས་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་དང་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་བཤད།