ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འབྲི་ཆུ་སྟོད་རྒྱུད་ཀྱི་འཁྱིལ་མཚོ་གཤོང་བས་སྡེ་རོང་རྫོང་གི་ཛ་དྲག་གི་ཆུ་ཚོད་བརྒྱད།

སྤེལ་དུས 2018-11-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11པའི་ཚེས་14ཉིན་གྱི་ཆུ་ཚོད་5སྐར་མ་20ཐོག འབྲི་ཆུ་སྟོད་རྒྱུད་“11•03”དཔའ་སྐད་འཁྱིལ་མཚོའི་ཆུ་ལོག་གི་བཞུར་རྒྱུན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་རྫོང་དང་སྡེ་རོང་རྫོང་གི་འབྲེལ་མཚམས་སུ་སླེབས།  ཆུ་ཚོད་6སྐར་མ་40ཐོག ཆུ་ལོག་སྡེ་རོང་རྫོང་གི་སྒང་པོ་ཤང་མག་གསར་གྲོང་ཚོའི་མངའ་ཁོངས་སུ་འབྱོར་བ་ནས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་13སྐར་20ཐོག ཆུ་ལོག་སྡེ་རོང་རྫོང་གི་མངའ་ཁོངས་དང་ཁ་བྲལ་བའི་བར་དུས་ཡུན་ཆུ་ཚོད་8ལྷག་ཙམ་འགོར་བ་རེད།
སྡེ་རོང་རྫོང་གི་ཆོས་རྫོང་ཟམ་ཆེན་ཆུ་ལོག་གིས་ཁུར། པར་མཁོ་འདོན་པ་བྱམས་པ་ཡིན།
          ཆུ་ཚོད་7དང་སྐར་མ་20ཐོག  ཞོལ་ལུང་ཤང་སྨན་སྟེང་ཟམ་པ་ཆུས་བསྣུབས།ཆུ་ཚོད་7དང་སྐར་མ་30ཐོག གཡས་མདོའི་ཆུ་རགས་ཨང་དང་པོའི་ཁ་གཏད་ཀྱི་གཞུང་ལམ་ཆུས་བསྣུབས།ཆུ་ཚོད་7སྐར་མ32ཐོག  ཡུལ་ཕུག་གྲོང་ཚོའི་ཐག་སྒྱུར་ཟམ་པ་ཆུས་བསྣུབས།
          ཆུ་ཚོད་8སྐར་མ་5ཐོག  འཛིན་ཤོད་གྲོང་ཚོ་དང་ལྕང་མགོ་གྲོང་ཚོའི་ཟམ་ཆེན་ཆུས་བསྣུབས།
          ཆུ་ཚོད་8དང་སྐར་མ་30ཐོག ཆུ་ལོག་ཟླ་ཆུ་རྫོང་ཟམ་ཆེན་དུ་སླེབས། རྒྱལ་ལམ་215གྱི་རྨང་གཞི་ཐད་གར་ཆུས་བསྣུབས།
          ཆུ་ཚོད་9སྐར་མ་37ཐོག  ཆུ་ལོག་ཟླ་བ་ཁའི་གྲོང་རྡལ་སླེབས། ཆུ་བབ་མུ་མཐུད་དུ་འཕར།
          ཆུ་ཚོད་11ཐོག  ཝ་ཁའི་ཆུ་རགས་ཁུལ་གྱི་ཆུ་ལོག་གི་བཞུར་ཚད་སྐར་ཆ་རེར་བསླངས་གཟུགས་གྲུ་བཞི་མ་11100ལ་སླེབས།
          ཆུ་ཚོད་13སྐར་མ་20ཐོག  ཆུ་ལོག་སྡེ་རོང་རྫོང་གི་མངའ་ཁོངས་དང་ཁ་བྲལ། 
སྡེ་རོང་རྫོང་ཆུ་གཡར་སྒང་ཤང་འཛིན་ཤོད་གྲོང་ཚོའི་ཟམ་ཆེན་ཆུས་བསྣུབས། པར་མཁོ་འདོན་པ་བྱམས་པ་ཡིན།
          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དཔལ་སྐད་འཁྱིལ་མཚོ་གཤོང་བའི་ཆུ་ལོག་གིས་སྡེ་རོང་རྫོང་གི་གཙང་པོའི་རྒྱུད་ཀྱི་ཀོང་པོ་དང་ཞོལ་ལུང་། རི་ལུང་། ཆུ་གཡར་སྒང་། ཝ་ཁ་སོགས་ཤང་གྲོང་ལྔའི་སྲིད་འཛིན་གྲོང་ཚོ་13ལ་གཞི་ཁྱོན་ཆེན་པོའི་གནོད་འཚེ་ཕོག་པ་དང་། ཐད་ཀར་གཙང་པོའི་རྒྱུད་ཀྱི་ཤང་གྲོང་ལྔའི་འཕྲིན་གཏོང་དང་གློག་ཆད་དེ་“ཁེར་རྐྱང་གི་གླིང་ཕྲན་”ཞིག་ཏུ་གྱུར། བགྲོད་ལམ་འགྲིམ་འགྲུལ་དང་གློག་ཤུགས་འཕྲིན་གཏོང་། ས་ཞིང་ཆུ་བེད། སྡོད་ཁང་ཕྱུགས་ར་སོགས་སྒྲིག་བཀོད་རིགས་ཁག་ལ་གནོད་སྐྱོན་ཚབས་ཆེན་ཕོག་པས་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བྱུང་།
སྡེ་རོང་རྫོང་ཆུ་གཡར་སྒང་ཤང་གི་ཆུ་རགས་ཨང་དང་པོའི་གཞུང་ལམ་ཆུས་བསྣུབས། པར་མཁོ་འདོན་པ་བྱམས་པ་ཡིན།
          གནོད་འཚེ་ལ་གཞིགས་ནས། སྡེ་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་དང་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་དང་། རྫོང་ཡོངས་ཀྱི་སྡེ་ཚན་ཁག་དང་དེ་བཞིན་འབྲི་ཆུའི་འགྲམ་རྒྱུད་ཀྱི་ལས་བྱེད་མང་ཚོགས་བསམ་པ་གཅིག་སྒྲིལ་གྱིས་འབྲུབ་འགོག་གེགས་སེལ་བྱས་ནས་“མི་སྣ་ཤི་རྨས་མེད་པ་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་ཚད་དམའ་ཤོས་”སུ་བརྩོན་ལེན་བྱས།
སྡེ་རོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཉེན་སེལ་བྱེད་བཞིན་པ། པར་མཁོ་འདོན་པ་བྱམས་པ་ཡིན།
          རྒྱུས་ལོན་བྱུང་བ་ལྟར་ན། གཙང་པོའི་རྒྱུད་ཀྱི་ཤང་གྲོང་ལྔ་དེ་“ཁེར་རྐྱང་གི་གླིང་ཕྲན་” དུ་གྱུར་རྗེས། ཕྱིའི་འབྲེལ་བ་ཆད། སྡེ་རོང་རྫོང་གིས་འཕྲལ་མར་“ཏང་ཡོན་གདོང་ལེན་འཕྲལ་སྒྲུབ་རུ་ཁག་”བཙུགས་ཏེ།  དངོས་རྫས་ཁུར་ནས་རྐང་ཐང་དུ་“ཁེར་རྐྱང་གི་གླིང་ཕྲན་”ཕྱོགས་སུ་“ལྡོག་འགྲོ་”མགོ་བརྩམས། ལམ་ཆད་པས་འཕྲལ་རྒོལ་རུ་ཁག་གིས་འབྲི་ཆུའི་འགྲམ་ངོགས་ཀྱི་ལོ་མང་བོར་བེད་མེད་དུ་བསྐྱུར་བའི་རི་ལམ་ཀྱག་ཀྱོག་ཏུ་མདུན་དུ་བསྐྱོད། རི་ངོས་སུ་མཚམས་རེ་རྦབ་རྡོ་འགྲིལ་བས་གུ་དོག་པའི་བགྲོད་ལམ་བཅད། ལམ་འགྲམ་གྱི་གཡང་གཟར་འོག་ཏུ་འབྲི་ཆུའི་རྦ་རླབས་དྲག་ཏུ་འཕྱུར། ཡིན་ནའང་། འཕྲལ་རྒོལ་རུ་ཁག་སྔར་བཞིན་ཆེས་མགྱོགས་མྱུར་ཐོག་ཐོན་པ་དང་། འཕྲལ་མར་འཐབ་རྒོལ་བཀོད་འདོམས་པུའུ་ལ་ལམ་རྒྱུད་ཀྱི་གནོད་འཚེའི་གནས་ཚུལ་སྙན་སེང་ཞུས།
 “ཏང་ཡོན་གདོང་ལེན་འཕྲལ་རྒོལ་རུ་ཁག་”གིས་ཤིང་སྐས་རྒྱབ་ཏུ་འཁུར་ནས་གནོད་འཚེའི་གནས་ཚུལ་རྟོག་ཞིབ་བྱས། པར་མཁོ་འདོན་པ་བྱམས་པ་ཡིན།
          ཚེས་15ཉིན། ཉིན་གཅིག་ལ་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་“ཁེར་རྐྱང་གི་གླིང་ཕྲན་”ལྔ་བདེ་འཇགས་ཡིན་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར། “ཏང་ཡོན་གདོང་ལེན་འཕྲལ་རྒོལ་རུ་ཁག་”གིས་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ལ་གང་དུ་དཀའ་ངལ་ཡོད་པ་དང་གང་དུ་གནོད་འཚེ་བྱུང་བ། དེ་གར་གུང་ཁྲན་ཏང་ཡོན་པའི་རྒྱབ་གཟུགས་མཐོང་ཐུབ་པ་འགྲེལ་བརྗོད་བྱས།
ལས་བྱེད་པས་འཕྲིན་གཏོང་སྒྲིག་ཆས་མྱུར་སྐྱོབ་བྱེད་བཞིན་པ། པར་མཁོ་འདོན་པ་བྱམས་པ་ཡིན།
          མིག་སྔར། ཆུ་ལོག་མངའ་ཁོངས་དང་བྲལ་ཟིན། སྡེ་རོང་རྫོང་གི་རིམ་པ་ཁག་གི་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་དང་གནོད་འཚེ་འདྲི་རྟོག་བཤེར་འགོད། མང་ཚོགས་བདེ་བཀོད།  གནོད་འཚེ་རྗེས་ཀྱི་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཁག་སྒྲུབ་བཞིན་ཡོད།