ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40སོང་རིང་ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱས་པ།

སྤེལ་དུས 2018-11-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
7.png
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་འཚོ་སྡོད་གནང་ཡོད་པའི་ཁྲུང་ཁྲུང་སྐེ་ནག
            བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40 སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་ལྷ་སར་ཀུན་གྱི་སེམས་གཏིང་ལ་ཟིམ་ཡོད་པ་དང་། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་མགྱོགས་པོར་གཏོང་བ་དེ་ལྷ་སའི་མི་རྣམས་ཀྱི་ཐུན་མོང་གི་རེ་འདུན་དུ་གྱུར་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་གནང་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་རེད”ཅེས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གནང་པ་དང་། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་རྗེས། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཆ་ནས། ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང”གི་འཐབ་ཇུས་གསར་པ་ལག་བསྟར་བྱེད་དགོས་ཚུལ་བཏོན་ནས་སྣོད་བཅུད་བདེ་འཇགས་ཀྱི་མཚམས་ཐིག་དང་དམར་ཐིག  ཉེན་ཁའི་མཚམས་ཐིག་བརྟན་སྲུང་གནང་སྟེ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གྱི་ཆོས་ཉིད་དང་སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་གནང་དགོས་ཤིང་། རང་བྱུང་ཁོར་ཡུག་ལ་གཏོར་བརླག་བཏང་མི་ཆོག་པ། དཔལ་འབྱོར་དང་སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་དགོས་སྐོར་གསལ་པོར་བཏོན་ནས་མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་བྱ་དགོས་
            དཀའ་སྤྱད་འབད་བརྩོན་གྱིས་གཡུར་ཟའི་གྲུབ་འབྲས་བསྐྲུན་དགོས་པ་དང་། ནམ་མཁའ་རྟག་དུ་སྔོ་བསངས་དང་ཆུ་བོའི་ཆུ་རྒྱུན་རིང་དུ་བཞུར་རྒྱུ་ནི་མཛེས་སྡུག་བདེ་སྐྱིད་ལྡན་པའི་ལྷ་སའི་སྣོད་བཅུད་ཀྱི་རྨང་གཞིར་གྱུར་ཡོད་ལ།སྣོད་བཅུད་ཤེས་དཔལ་ཞིག་གི་འཆར་གཞི་ལྡན་པའི་ལས་རིམ་ཁག་ཀྱང་རིམ་གྱིས་སྤེལ་བཞིན་ཡོད་པ་རེད།
ལོ་རེའི་ཟླ10པར། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་བྱ་རིགས་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་བོད་བྱང་ཐང་དང་ཐ་ན་ཞི་པོ་ལི་ཡའི་ས་ཁུལ་ནས་ལྷ་ས་སྐྱིད་ཆུའི་རྒྱུད་དང་།མཚེའུ་དང་འདམ་ར་ཁག་ཏུ་འཕུར་ཡོང་ནས་དགུན་སྒྲོལ་གྱི་ཡོད་ལ། ཕྱི་ལོའི་ཟླ3པའི་ཟླ་མཇུག་ནས་ཟླ4 པའི་ཟླ་འགོར་ད་གཟོད་ཕྱིར་རྒྱུད་སྤེལ་ཡུལ་དུ་འཕུར་གྱི་ཡོད་པ་རེད།
            “རི་བོར་རྩི་ཤིང་འཛུགས་པ”དང“སྐྱིད་ཆུ་དེ་མཚེའུར་འགྱུར་བའི” “དྲོད་རླངས་དུད་ཚང་དུ་འདྲེན་པ”སོགས་ཀྱི་སྣོད་བཅུད་འདུ་འགོད་རབ་དང་རིམ་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པའི་དུས་མཚུངས་སུ་ངོས་འཛིན་གཅིག་མཐུན་དང་དམངས་སེམས་སྔར་ལས་གོང་བུར་གཅིག་གྱུར་གནང་ཡོད། ད་ཆ། སྐྱེ་ཁམས་མཛེས་སྡུག་ལྡན་པ་ནི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། 
            ཁྲོམ་གཞུང་དུ་བསྐྱོད་པའམ་གཙང་པོའི་འགྲམ་ནས་ལྷོད་གཡེང་བྱས་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོར་བལྟ་བ། ཆུ་བོ་ཤག་ཤག་ཏུ་འབབ་པའི་གླུ་སྒྲར་གསན་པ། མེ་ཏོག་དང་རྩི་ཤིང་སྣ་ཚོགས་བསིལ་རླུང་ནང་དུ་ག་ལེར་གཡོ་ཞིང་།  བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་རྣམ་པ་མངོན་ཡོད་ཅིང་། གནམ་དེ་བས་སྔོ་ཞིང་ ཆུ་མོ་དེ་བས་དྭངས་བ་དང་། གྲོང་ཁྱེར་དེ་བས་མཛེས་ཤིང་ལྟ་ན་སྡུག་པས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”དངོས་ཕན་བསྐྲུན་པ་ཚོར་གྱི་ཡོད་པ་རེད།
            “རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར”“རྒྱལ་ཁབ་ཀྱི་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར” “རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”“ཀྲུང་གོའི་འཁོར་སྐྱོད་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་བཅུའི་གྲས”“ ཀྲུང་གོའི་ལྗང་མདོག་གྲོང་ཁྱེར་བཅུའི་གྲས”བཅས་ལོ་འདི་འགའི་རིང་ལྷ་ས་གྲོང་ཁྱེར་ལ་ཐོབ་དཀའ་བའི་གཟི་བརྗིད་མཚན་སྙན་དེ་དག་ཐོབ་པ་དེས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་གི”འཐབ་ཇུས་ཀྱི་ཚན་རིག་རང་བཞིན་དང་གལ་ཆེའི་རང་བཞིན། ཡུན་རིང་རང་བཞིན་བཅས་ར་སྤྲོད་གསལ་པོ་གནང་ཡོད།
            “ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང”གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག    ཐོག་མཐའ་བར་གསུམ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ། ལྷ་སར་གནམ་སྔོ་ཞིང་ཆུ་དྭངས་པའི་རི་མོ་ཇི་བཞིན་གྱི་མཛེས་སྡུག་གི་རྣམ་པ་བཟང་པོ་མངོན་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་དེ་ཧུར་བསྲི་གྲོན་ཆུང་དང་ལྗང་མདོག་ཐཱན་ཉུང་། དཔལ་ཡོན་བདེ་ཐང་གི་ཕྱོགས་སུ་ཁ་བསྒྱུར་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་དེ་ལྷ་སར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
            རྒྱུས་མངའ་ལོན་ཚུལ་ལྟར་ན།  2013 ལོ་ནས2015ལོའི་བར་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་བལྟོས་བཅས་ལེགས་པའི་གྲོང་ཁྱེར་ཨང་རིམ་ཁྲོད་ཨང5པ་རྒྱུན་འཁྱོངས་ཐུབ་པ་དང་།  ལོའི་ཚད་ལོན་ཉིན་གྲངས་ཀྱི་བསྡུར་གྲངས་ཆ་སྙོམས 94%ཡན་ཟིན་གྱི་ཡོད། 2017ལོའི་མཁའ་རླུང་སྤུས་ཚད་ལེགས་ཚད98.9% ཟིན་པ་དང་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར74 ཡི་ཨང་གཉིས་པར་སླེབས་ཡོད་པ་རེད།
            "སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན"ཞིང་། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་མིའི་རིགས་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་རྨང་གཞི་རེད། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཆུ་ཁུངས་དང་ཞིང་ས།  མཁའ་རླུང་། མི་ཆོས་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ལྷ་ས་འདི་ཉིད་ཀྱིས་ས་གཙང་བདེ་ཐང་ཐོན་ལས་གཏོད་པ་དེ་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ལྗང་མདོག་སྣོད་བཅུད་ཞིང་ལས་འཕེལ་རྒྱས་ཀྱི་མཐོ་རླབས་གསར་པ་འཕྱུར་བ་མ་ཟད། ལྗང་མདོག་ཐོན་རྫས་དང་ཚེ་སྲོག  བདེ་ཐང་གི་མཚན་ཉིད་དེ་ཟུང་འབྲེལ་དམ་པོ་བྱས་ཐོག་གསར་གཏོད་གནང་ཡོད་ལ། དེར་རྒྱ་ཁྱབ་ངང་དོ་སྣང་ཆེན་པོ་བྱུང་ཡོད། ས་གཙང་ལྷད་མེད་ཐོན་ལས་ནི་ལྷ་སའི་བཙོག་པས་མི་སྦགས་པའི་ཆུ་དང་ས། མཁའ་རླུང་སོགས་ཁྱད་ལྡན་དགེ་མཚན་ཆེ་བའི་ཐོན་ཁུངས་ལ་བརྟེན་ནས་འཕེལ་རྒྱས་བཏང་པ་ཡིན་ལ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་བསྐྲུན་ཟིན་པར་མ་ཟད་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད་པ་དེས། “སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད”ཡིན་པ་ར་སྤྲོད་གསལ་པོ་གནང་ཡོད་ཅིང་། “འཕེལ་རྒྱས་གཏོང་པར་དཔལ་འབྱོར་དང་ཁོར་ཡུག་རིན་དོད་དུ་གཏན་ནས་མི་བྱེད་པའི”འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུ་མ་ཟད་ལྷ་སའི་ཁྱད་ཆོས་མངོན་གསལ་ལྡན་པའི་ལྗང་མདོག་དཔལ་འབྱོར་ཚན་རིག་དང་མཐུན་པ། རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད་པ་རེད།