ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སང་ལོ་ནས་ཕྲུ་གུ་བཙས་ན་བོད་ལ་ཁ་གསབ་གསར་པ་བཟོས་འདུག

སྤེལ་དུས 2018-12-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བའི་སྒྱུར་བཅོས་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད་འདུག 
          《ཇུས་གཞིའི》ནང་སྤྱི་པའི་འཕྲོད་བསྟེན་དང་། སྨན་བཅོས་འགན་བཅོལ། འཆར་ལྡན་བུ་བཙའ། ནུས་པ་འཛུགས་སྐྱོང་བཅས་ཕྱོགས་བཞིའི་ཐད་ཀྱི་གཏོང་སྒོའི་འགན་འཁྲི་དབྱེ་རྒྱུ་ཁ་གསལ་བཟོས་ཡོད། 
          མདོར་བསྡུས་ནས་བརྗོད་ན། ཕྱོགས་བཞིའི་ཐད་ཀྱི་གནད་དོན་དེ་དག་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་ཐུན་མོང་ཐོག་འགན་འཁུར་རྒྱུ་རེད། 
          གཞན་ཡང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་འཆར་ལྡན་བུ་བཙའི་གཞི་རིམ་མཛུབ་ཁྲིད་སི་དང་། འཆར་ལྡན་བུ་བཙའི་ཁྱིམ་ཚང་འཕེལ་རྒྱས་སི། ཕྱོགས་མིའི་འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་སི་བཅས་འཆར་ལྡན་བུ་བཙའི་སི་3མེད་པར་བཟོ་རྒྱུ་རེད་འདུག
          གོང་གསལ་གྱི་སྲིད་ཇུས་ལག་བསྟར་བྱས་ཚེ་ང་ཚོར་ཕན་པ་གང་ཞིག་ཐོབ་པ་དང་། བོད་ཀྱི་ཚད་གཞི་དེ་གང་ནས་འཛིན་དགོས་སམ་ཞེ་ན། 
          གཏོང་སྒོའི་འགན་དེ་ཀྲུང་དབྱང་གིས་རིམ་དབྱེའི་འགན་བགོས་བྱེད་ཐབས་ལག་ལེན་བསྟར་རྒྱུ། 
          རིམ་པ་དང་པོ། ནང་སོག་དང་། ཀོང་ཤིས། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)12ཚུད་པ་དང་ཀྲུང་དབྱང་གིས་འགན་80%འཁུར་རྒྱུ་རེད་འདུག 
          སྨན་བཅོས་འགན་བཅོལ་ཐད་སྤྱི་པའི་འཕྲོད་བསྟེན་ཕུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཡང་འབྲེལ་ཡོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྐྱེལ་བའི་ཁ་གསབ་ཀྱང་ཡོད། 
          གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དང་ནད་གཞི་འཕྲལ་སྡོམ་རོགས་སྐྱོབ་ཚུད་ཡོད། 
          ཀྲུང་དབྱང་དང་ས་གནས་ཀྱི་རིམ་དབྱེའི་འགན་བགོས་བསྡུར་གྲངས་དེ། 
          རིམ་པ་དང་པོ། 8:2དང་། རིམ་པ་གཉིས་པ། 6 :4 རིམ་པ་གསུམ་པ། 5 :5  རིམ་པ་བཞི་པ།  3:7 རིམ་པ་ལྔ་པ། 1:9བཅས་རེད། 
འཆར་ལྡན་བུ་བཙའི་རོགས་སྐྱོར་འགན་ལེན། 
          བུ་བཙའི་ཁ་གསབ་ཐད་རྣམ་གྲངས་གཙོ་བོ་ཁག་གསུམ་ཡོད་པ་སྟེ། 
          1.གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ཁག་གཅིག་གི་བྱ་དགའི་རོགས་སྐྱོར།
          2.འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་དམིགས་བསལ་རོགས་སྐྱོར། 
          3.འཆར་ལྡན་བུ་བཙའི“ཕྲུ་གུ་ཉུང་བཙའ་དང་མགྱོགས་མྱུར་ཕྱུག་འགྱུར”གྱི་ཁ་གསབ། 
          ཀྲུང་དབྱང་དང་ས་གནས་ཀྱི་རིམ་དབྱེའི་ཁག་བགོས་ཀྱི་བསྡུར་གྲངས་དེ། 
          རིམ་པ་དང་པོ། 8:2དང་།   རིམ་པ་གཉིས་པ། 6:4  རིམ་པ་གསུམ་པ། 5:5  རིམ་པ་བཞི་པ། 3:7  རིམ་པ་ལྔ་པ། 1:9 བཅས་ཡིན། 
          མིག་སྔར་《ཇུས་གཞིའི》ནང་ཀྲུང་དབྱང་གིས། 
          གོང་གསལ་གྱི་ནང་དོན་ཁག་གསུམ་ཕུད། ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་གཏོང་སྒོའི་འགན་འཁྲི་ཐུན་མོང་ཐོག་འཁུར་རྒྱུ་དང་། དེ་སྔའི་འཆར་ལྡན་བུ་བཙའི་རྣམ་གྲངས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྤྱི་འདོམས་བཀོད་སྒྲིག་ནང་འཇུག་རྒྱུ་ཁ་གསལ་བཟོས་པ་དང་། 
          གཞན་ཡང་ད་དུང་འཆར་ལྡན་བུ་བཙའི་རོགས་སྐྱོར་འགན་ལེན་ཁ་གསབ་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་བཟོས་པ་དང་འབྲེལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པར་གཞིགས་ནས་རིམ་གྱིས་མཐོ་རུ་གཏོང་རྒྱུ།