ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”དྲིལ་བསྒྲགས་བྱེད་སྒོ་སྤེལ།

སྤེལ་དུས 2018-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “པར་འཕྲིན་ཤོག་བྱང་འདིའི་རྒྱབ་ཏུ་རང་ཉིད་ཀྱིས་འགྲུལ་བསྐྱོད་བདེ་འཇགས་ཐད་ལོན་པའི་གོ་བའམ་ཡང་ན་དྲིལ་བསྒྲགས་ཡི་གེའི་ཚིག་གཅིག་འབྲི་དགོས་ན། ངས་ཨ་རག་བཏུང་དུས་རླངས་འཁོར་མི་བསྐོར་བ་ཞེས་འབྲི་རྒྱུ་ཡིན།” ཟླ་12ཚེས་2ཉིན་ནི་“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་”ཐེངས་བདུན་པ་ཡིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་དུ་རྒད་པོ་ཞིག་གིས་པར་འཕྲིན་ཤོག་བྱང་གི་རྒྱབ་ཏུ་རང་གིས་འགྲུལ་བསྐྱོད་བདེ་འཇགས་ཐད་ལོན་པའི་གོ་བ་ཇི་བཞིན་བྲིས།
            ཉིན་དེར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཉེར་འགན་ཁུར་བའི་“དོན་ཆུང་ཡིན་ཡང་སྲོག་དང་འབྲེལ། བདེ་འཇགས་ཤེས་དཔལ་ངང་ནས་ལམ་དུ་ཞུགས།”“བདེ་ཐང་སྐྱོད་པ། 2018བོད་ལྗོངས་ས་ཚིགས།”“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”སྨྱན་སྦྱོར་དྲིལ་བསྒྲགས་ཆེན་མོ་དེ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཉེར་བ་རེད།
 “བདེ་ཐང་སྐྱོད་པ། 2018བོད་ལྗོངས་ས་ཚིགས།”“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”སྨྱན་སྦྱོར་དྲིལ་བསྒྲགས་ཆེན་མོའི་ཡུལ་དངོས།
 “བདེ་ཐང་སྐྱོད་པ། 2018བོད་ལྗོངས་ས་ཚིགས།”“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”སྨྱན་སྦྱོར་དྲིལ་བསྒྲགས་ཆེན་མོའི་ཡུལ་དངོས།
 “བདེ་ཐང་སྐྱོད་པ། 2018བོད་ལྗོངས་ས་ཚིགས།”“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”སྨྱན་སྦྱོར་དྲིལ་བསྒྲགས་ཆེན་མོའི་ཡུལ་དངོས།
            ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཧུར་བརྩོན་གྱིས་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དུ་ཞུགས་མཁན་གཙོ་བོ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། ཐུན་མོང་ཐོག་ཤར་གཏོང་དང་ཉེན་ཁ་མེད་པ། འཆམ་མཐུན་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་འཛུགས་བསྐྲུན་བྱེད་པ་དང་། ཚད་མཐོ་ཤོས་ཀྱི་སྒོ་ནས་བགྲོད་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་བར་དམིགས་པ་ཡིན།
            བྱེད་སྒོའི་ཡུལ་དངོས་སུ་《ལོ་ངོ་བཞི་བཅུའི་འགྱུར་ལྡོག་ཆེན་མོ་》ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བརྙན་འཕྲིན་བསྟན་པ་བརྒྱུད། “འགྲིམ་འགྲུལ་ཉེན་རྟོག་པ་ཡག་ཤོས་”ཀྱི་འཐུས་མི་གདན་འདྲེན་ཞུས་ཏེ་གར་སྟེགས་སུ་བུད་ནས་གཏམ་བཤད་བྱས། ལྗོངས་ཡོངས་ཀྱི་“འགྲིམ་འགྲུལ་ཉེན་རྟོག་པ་ཡག་ཤོས་”ཁྲོད་ཀྱི་སྔོན་ཐོན་ཚོགས་པའི་འཐུས་མི་དང་མི་དམངས་ཉེན་རྟོག་པའི་འཐུས་མི། རམ་འདེགས་ཉེན་རྟོག་པའི་འཐུས་མི་ལ་གཟི་བརྗིད་རྟགས་མ་སྤྲད་ནས། དེ་གར་ཡོད་པའི་གྲོང་མི་ཚོར་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་བྱས།
 “བདེ་ཐང་སྐྱོད་པ། 2018བོད་ལྗོངས་ས་ཚིགས།”“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”སྨྱན་སྦྱོར་དྲིལ་བསྒྲགས་ཆེན་མོའི་ཡུལ་དངོས།
 “ས་མཐོའི་དམར་སྔོ་གློག་རྟགས་”གཞུང་ལམ་འགྲིམ་འགྲུལ་བརྗོད་དོན་གཙོ་བོའི་ལེ་ཚན་གཏོང་འགོ་ཚུགས།
            ཉིན་དེར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བསྐྲུན་པའི་“ས་མཐོའི་དམར་སྔོ་གློག་རྟགས་”གཞུང་ལམ་འགྲིམ་འགྲུལ་བརྗོད་བྱ་གཙོ་བོའི་ལེ་ཚན་དངོས་སུ་གཏོང་འགོ་ཚུགས། ལེ་ཚན་དེས་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། “ཆེད་ལས་དང་དབང་གྲངས་ཆེ་བའི་”གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་སྟེགས་ཀྱི་རྟེན་གཞི་བཙུགས་ནས། མིག་སྔའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ལས་དོན་གྱི་དཀའ་གནད་རིམ་པར་སེལ་རྒྱུར་དམིགས་པ་ཡིན།
            ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཧུར་ཐག་གིས་ཐེངས་འདིའི་བྱེད་སྒོའི་ཁྲོད་དུ་ཞུགས། མི་དམངས་འགྲིམ་འགྲུལ་དཔེ་སྐྲུན་ཁང་མ་རྐང་ཚད་ཡོད་ཀུང་སིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ལ་《བདེ་འཇགས་ཀྱིས་རླངས་འཁོར་གཏོང་བ་འདི་ནས་འགོ་རྩོམ་དགོས།(བོད་ཡིག་པར་མ།)》དཔེ་ཆ་སྟོང་བཞི་ལྷག་སྐྱེས་འབུལ་བྱས་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་དཔེ་ཤག་བརྒྱད་བསྐྲུན་ནས་ཕུལ། དཔེ་ཆ་ བཞི་བརྒྱ་ལྷག་ཕུལ། དཔེ་དེབ་སྤྱིའི་རིན་ཐང་སྒོར་ཁྲི་20ལྷག་ཙམ་ཟིན། དུས་མཚུངས་སུ་བྱེད་སྒོའི་ཡུལ་དངོས་སུ་“VRསྦག་སྦག་འཁོར་ལོ་གཏོང་བ་”དང་“VRཁ་ལོ་བསྐོར་བའི་”མྱོང་རོལ་ཁུལ་བཀོད་སྒྲིག་བྱས་ནས། གྲོང་མིས་ལད་རྫུས་ཁོར་ཡུག་བརྒྱུད་བདེ་འཇགས་ཡ་རབས་ཀྱིས་འགྲུལ་བསྐྱོད་བྱེད་པའི་གལ་ཆེའི་རང་བཞིན་ཤེས་ཚོར་བྱུང་།
བྱེད་སྒོའི་ཡུལ་དངོས་སུ་བཀོད་སྒྲིག་བྱས་པའི་“VRཁ་ལོ་བསྐོར་བའི་”མྱོང་རོལ་ཁུལ།
            པའེ་ཝེ་(ཀྲུང་གོ་)ཚད་ཡོད་ཀུང་སིའི་ལས་བྱེད་མི་སྣས་གྲོང་མི་གདན་འདྲེན་ཞུས་ནས་“ཆང་ཉུང་འཐུང་དང་། ཆང་བཏུངས་དུས་རླངས་འཁོར་མི་གཏོང་”བའི་བརྗོད་དོན་བྱེད་སྒོ་སྤེལ། གྲོང་མི་གདན་འདྲེན་ཞུས་ནས་པར་འཕྲིན་ཤོག་བྱང་གི་རྒྱབ་ཏུ་རང་གིས་བདེ་འཇགས་ཡ་རབས་ངང་འགྲུལ་བསྐྱོད་བྱེད་པའི་ངོས་ཟིན་དང་དྲིལ་བསྒྲགས་ཡི་གེ་བྲིས།
            བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པས། བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཆེ་རུ་ཕྱིན།  ལོ་40ཡི་སྔོན་བོད་ལྗོངས་ཀྱི་གཞུང་ལམ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་15852ལས་མེད། ད་ལྟ་བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9ཟིན་པ་དང་། རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་600ལྷག་ཟིན། གཞུང་ལམ་འགྲིམ་འགྲུལ་གོང་འཕེལ་ཆེན་པོ་ཕྱིན་པ་དང་། དངོས་ཟོག་འཁོར་རྒྱུག་ཆེན་པོ། མི་སྣའི་འགྲུལ་བསྐྱོད་ཆེས་ཆེར་འཕེལ་བའི་རྣམ་པའི་འོག བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཐོག་མཐའ་བར་གསུམ་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱེད་པ།  འགྲིམ་འགྲུལ་ཤར་བགྲོད་ཚད་ལེགས་སུ་གཏོང་བར་སྲུང་སྐྱོབ་བྱས།