ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མདའ་རོ་གྲོང་ཚོའི་མཛེས་སྡུག་ལྡན་པའི་རྣམ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ།

སྤེལ་དུས 2018-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

འདི་ནི་ཁོར་ཡུག་མཛེས་སྡུག་ལྡན་པའི་མདའ་རོ་གྲོང་ཚོ་ཡིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁུལ་ནས་རྫ་ཆུ་བརྒྱུད་བྱང་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་12ཙམ་བསྐྱོད་ཚེ་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་འབྱོར་ཀྱི་ཡོད། རྒྱལ་ལམ་317གྱི་ལམ་རྒྱུད་དུ་གནས་པའི་གྲོང་ཚོ་དེའི་ཕྱོགས་བཞི་མཚམས་བརྒྱད་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གྲོང་མིའི་སྡོད་ཁང་གྲལ་སྟར་འགྲིག་པ། གཞུང་ལམ་གྱི་གཡས་གཡོན་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ལ་ཁོར་ཡུག་ལྟ་ན་སྡུག་པ་ཞིག་ཡོད་པས་2015ལོར་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་བདམས་ཡོད།
          བདེ་སྡོད་ལས་གྲྭས་དམངས་སེམས་དྲོས།
          མདའ་རོ་གྲོང་ཚོར་སྐྱོད་སྐབས། དཀར་དམར་མཉམ་འདྲེས་ཀྱི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གྲལ་སྟར་འགྲིག་པ་དང་། རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་གང་སར་མཐོང་རྒྱུ་ཡོད་པའི་ཁར། ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་བས་མངོན་གསལ་དོད་པ་ཞིག་འདུག
          2006ལོར། ཆབ་མདོ་ས་ཁུལ་གྱིས་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ནས་རྒྱལ་ལམ་317ལམ་རྒྱུད་དུ་མང་ཚོགས་ལ་སྡོད་ཁང་གསར་པ་བསྐྲུན་པས་ཆུ་དང་གློག་ཤར་གཏོང་ཐུབ་པ་དང་འབྲེལ་དུད་ཚང་རེར་སྒོར་ཁྲི་གཅིག་དང་གཉིས་ཟིན་པའི་བདེ་སྡོད་ལས་གྲྭའི་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་རེད།
          གྲོང་མི་ནོར་བུ་ཚེ་རིང་ནི་ཐོག་དཔང་དམའ་ལ་རྙིང་སོང་དང་ཕྱོགས་བཞི་ནས་རླུང་བུ་ཚང་བའི་རྡོ་རྩིག་ཁང་པ་ནས་སྤོ་མཁན་ཁག་དང་པོའི་གྲས་རེད། ནོར་བུ་ཚེ་རིང་གི་སྣེ་ཁྲིད་འོག་ང་ཚོ་ཁོ་བོ་ད་ལྟ་སྡོད་སའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་སྤོས་ཤིང་། སྒོ་རའི་ནང་གཙང་སྦྲ་དོད་ལ། འབྲས་ཤིང་མང་པོ་བཏབ་པ་དང་ཉི་གཡབ་ཏུ་ཁོག་མའི་ནང་བཏབ་པའི་མེ་ཏོག་རབ་ཏུ་བཞད་ནས་འདུག ད་དུང་ཁང་པའི་ནང་ཧྲ་ཧྥ་དང་། བརྙན་འཕྲིན་འཕྲུལ་ཆས། འཁྱག་སྒམ་སོགས་ཆ་ཚང་པོ་ཡོད་ཅིང་།“བདེ་སྡོད་ལས་གྲྭས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་བྱུང་སོང་ལ།ད་དུང་མང་ཚོགས་རྣམས་སྐྱིད་སྣང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་སོང”ཞེས་ནོར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོའི་ངང་བཤད་བྱུང་།
          བདེ་སྡོད་ལས་གྲྭ་ལག་བསྟར་ཐེངས་གཉིས་བྱས་པ་དང་། སྟག་མ་ལའི་དབུས་སུ་གནས་པའི་རང་བྱུང་གྲོང་ཚོ་3གྱི་གྲོང་མི་100ལྷག་ཙམ་2012ལོར་དེ་ཁུལ་ནས་གནས་སྤོ་བྱས་ཏེ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་སྤོས་ཡོད་པ་རེད།
          སྣོད་བཅུད་ཁྱིམ་གཞིས་གཙང་ཞིང་མཛེས།
          མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་བརྒྱུད། མདའ་རོ་གྲོང་ཚོའི་སྣོད་བཅུད་གྲོང་ཚོ་གཏོད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། ཞིང་པའི་སྡོད་ཁང་89སྒྱུར་བཀོད་བྱས་པ་དང་། ནུས་རྒྱུ་གཙང་མ་ཁྱབ་གདལ་ཐུབ་ཚད་100%ཟིན་པ། གྲོང་མི་ཚང་མར་བདེ་འཇགས་ལྡན་ལ་དྭངས་གཙང་གི་རང་འབབ་ཆུ་ཀ་ལ་འཐུང་རྒྱུ་བྱུང་བ། གྲོང་ཚོ་རིམ་པའི་གཙང་སྦྲའི་རུ་ཁག་བཙུགས་པ། ཞིང་ལས་ལོ་ཏོག་གི་སོག་མ་བེད་སྤྱོད་འདུ་འགོད་བདེ་བླག་ངང་ལག་བསྟར་ཐུབ་པ་སོགས་བྱུང་ཡོད་པ་རེད།
          “སྣོད་བཅུད་གྲོང་ཚོ་གཏོད་པའི་ལས་དོན་མ་སྤེལ་གོང་། ང་ཚོའི་གྲོང་ཚོའི་ཞིང་ལས་ལོ་ཏོག་གི་སོག་མ་ཁག་གཅིག་མེར་སྲེག་གཏོང་བ་དང་། ཁག་གཅིག་ཆུ་ལམ་དང་ཡུར་བུའི་ནང་དབྱུག་གི་ཡོད་པས་ཁོར་ཡུག་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། སྣོད་བཅུད་གྲོང་ཚོ་གཏོད་པའི་ལས་དོན་སྤེལ་རྗེས། ང་ཚོའི་གྲོང་ཚོས་ཞིང་ལས་ལོ་ཏོག་གི་སོག་མ་བེད་སྤྱོད་འདུ་འགོད་ལག་བསྟར་བྱས་པ་བརྒྱུད། ཞིང་ལས་ལོ་ཏོག་གི་སོག་མ་བེད་སྤྱོད་ཡག་པོ་ཐུབ་ནས་ད་ཆ་གྲོང་ཚོ་ཡོངས་ཀྱི་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད”ཅེས་མདའ་རོ་གྲོང་ཚོའི་ཁོར་ཡུག་ལྟ་སྐུལ་བ་བུ་དགའ་ཡིས་བཤད་བྱུང་།
          ཐབས་ལམ་མང་པོས་ཕྱུག་འགྱུར་ལམ་དུ་བསྐྱོད།
          2013ལོར། མདའ་རོ་གྲོང་ཚོས་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་དང་འབྲེལ།རྗེས་སུ་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་གྱི་རྣམ་གྲངས་བསྐྲུན་འགན་ཁུར་བས་གྲོང་མི་འཕྲིན་ལས་ཉི་མས་ཕྱུག་འགྱུར་གྱི་རེ་བ་མཐོང་ཞིང་། 2015ལོར། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་རོགས་རམ་འོག་འཕྲིན་ལས་ཉི་མས་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་ཞུགས་ཤིང་། “ཉིན་ལྟར་གླ་ཆ་སྒོར་150ནས་300བར་ཡོད་པའི་ཁར་ལོ་མཇུག་གི་ཁེ་སྤོགས་བགོ་བཤའ་རྒྱག་སྐབས་ལོ་རེར་ཡོང་འབབ་སྒོར་ཁྲི་ལྔ་དྲུག་འདུག”ཅེས་འཕྲིན་ལས་ཉི་མས་དགའ་ཚོར་ཆེན་པོའི་ངང་བཤད་བྱུང་།          འཕྲིན་ལས་ཉི་མ་དང་འདྲ་བར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་།ཏང་ཡོན། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་འོག་མདའ་རོ་གྲོང་ཚོའི་གྲོང་མི་ཚོས་ཁྲོམ་རར་ཕྱོགས་པ་དང་རང་བརྟེན་གཉེར་སྐྱོང་མཐའ་འཁྱོངས་བྱས་ཏེ་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད། 2015ལོར་མདའ་རོ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.1ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི“སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 2017ལོར་མདའ་རོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་512ཟིན་ནས་གྲོང་མི་ཚོར་ཁེ་སྤོགས་བགོས་པ་དང་སྤྱི་པའི་སྒྲིག་བཀོད་ཐད་ཀྱི་གཏོང་སྤྲོད་ཕུད། གྲོང་ཚོ་དེས་ད་དུང་སྒོར་ཁྲི་40ལྷག་ཙམ་བཏང་ནས་མང་ཚོགས་ལ་རྒྱུན་གཏན་འཚོ་བའི་མཁོ་ཆས་སྤྲད་ཡོད་པ་རེད།
          དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་ཤིང་། མདའ་རོ་གྲོང་ཚོའི་གྲོང་མི་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གཏོད་བཞིན་མཆིས།